མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་བརྩི་དགོས་པའི་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

༄༅། ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་བརྩི་དགོས་པའི་རེ་སྐུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༤པའི་ནང་གསལ་ལྟར།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས།  དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག ཅེས་དང་།

བཅའ་ཁྲིམས་དོན་ཚན་༦༣༼༤༽ ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས།  སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ་ཞེས་གསལ་བ་ལྟར།

གོང་གསལ་དོན་ཚན་ ༥༤ དགོངས་དོན་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་དགོས་པ་དེ་དང་། དོན་ཚན་ ༦༣༼༤༽ ནང་གསལ་ལྟར་དེ་དོན་བཞིན་ལག་བསྟར་བྱ་ཆོག་པ་གསལ་བས། རྟོག་ཞིབ་བྱ་སྐབས་ཁྲིམས་ཞིབ་པ་ལ་འདྲི་བརྩད་ངེས་པར་བྱ་དགོས་པའི་ཆ་རྐྱེན་དེ་ནི་རང་དབང་ལྡན་པའི་ཁྲིམས་ལུགས་དབང་འཛིན་གྱི་སྲོག་ཤིང་ལྟ་བུ་དང་མང་གཙོའི་ཀ་བ་གསུམ་གྱི་ལྗིད་སྙོམས་སྟངས་འཛིན་གྱི་སྒྲོམ་གཞི་ལྟ་བུ་ཆགས་ཡོད།  དེས་ན་བར་ལམ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༥༤ ལག་བསྟར་མ་གནང་བའི་རྒྱུ་མཚན་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཞེས་པ་དེ་ནུས་མེད་དུ་གྱུར་བ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དེ་བོད་མི་མང་བཅའ་ཁྲིམས་སུ་གསལ་བའི་ཁྲིམས་དོན་ལྟར་མཐུན་པ་བྱུང་མེད།

སྤྱིར་མང་གཙོའི་རྒྱལ་ཁབ་གང་དུ་འང་སྐྱོན་འཛུགས་བྱེད་ཡུལ་གྱི་གང་ཟག་དེར་ནོར་སྐྱོན་མེད་པའི་འགྲེལ་བཤད་བྱེད་རྒྱུའི་ཐོབ་ཐང་གོ་སྐབས་མ་སྤྲད་པར་གང་ཟག་དེར་སྐྱོན་འཛུགས་གང་བྱས་ཟུག་ཐུབ་ཀྱི་མེད་པ་ནི་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པའི་གོ་དོན་ཡང་དེ་ཡིན་པས་གུས་པས་དཔལ་ལྡན་འདེམས་ཐོན་སྤྱི་འཐུས་ལྷན་རྒྱས་ཀྱིས་བོད་མི་མང་བཅའ་ཁྲིམས་རིན་པོ་ཆེ་དོན་ཚན་༤༧ དགོངས་དོན་དམ་འབུལ་གང་མྱུར་ཞུ་གནང་ཡོང་བའི་རེ་སྐུལ་དུ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཤེར་དཔང་ཟུར་པ་ཕུར་བུ་རྡོ་རྗེ་ནས་ཕྱི་ལོ་༢༠༢༡ ཟླ་༩ ཚེས་ ༢༦ ལ་ཕུལ།།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    བརྒྱ་ཆ་100% གི་རྒྱབ་སྐྱོང་དང་རྗེས་སུ་ཡིད་རངས་ཞུ་།
    སྤག་ལ་དགོས་པ་སྤག་ཁུ་དང་སྤག་ཁུ་ལ་དགོས་པ་ད་ར་ཟེར་བའི་དཔེ་ལྟར་ང་ཚོར་དགོས་པ་དེ་བཅའ་ཁྲིམས་ལ་བརྩི་བཀུར་དང་བློ་གཏད་ཡིད་ཆེས་ཉམས་ལེན་ཞུ་ཐུབ་མཁན་གྱིས་ཁྲིམས་མཐུན་གྱི་མི་མང་འཐུས་མིའི་སྒྲིག་འཛུགས་སྤྱི་འཐུས་གྲོས་ཚོགས་ཞིག་དགོས་།

    Reply
  2. Ngawang Samdup says:
    ལོ་ 5 སྔོན།

    Very true and hopefully these 22 Chithue elects will take oath of office as enshrined in article 47 of the CTA constitution.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese