མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་བྱམས་སྙིང་རྗེའི་བཀའ་སློབ་ཁག་བརྗོད་སྙིང་དུ་གྱུར་བའི་བགྲོ་གླེང་ཞིག་འཚོག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནང་སྙན་གྲགས་ཆེ་བའི་རྩོམ་པ་པོ་དང་ཚན་རིག་པ། ཆོས་ལུགས་ཀྱི་དབུ་ཁྲིད་སོགས་གནད་ཡོད་མི་སྣ་གང་མང་མཉམ་ཞུགས་ཀྱིས་༧གོང་ས་མཆོག་བྱམས་སྙིང་རྗེའི་བཀའ་སློབ་ཁག་བརྗོད་སྙིང་དུ་གྱུར་བའི་གོ་ལ་རང་བཞིན་གྱི་བགྲོ་གླེང་འཚོག་འཆར་འདུག

The Lion’s roar, their website Photo

ཁེ་ན་ཌར་རྟེན་གཞི་བྱས་པའི་སེངྒེའི་གད་རྒྱངས་(Lion’s Roar) ཞེས་པའི་ཐེབས་རྩ་ཚོགས་པ་དང་ཨ་རིའི་བོད་ཁང་གཉིས་ཀྱིས་མཉམ་སྦྲེལ་ཐོག ཕྱི་ཟླ་ ༡༠ ཚེས་ ༡༤ ནས་ཉིན་ལྔའི་རིང་༧གོང་ས་མཆོག་གི་གོ་ལའི་དགོངས་བཞེད་ (2nd Annual Dalai Lama Global Vision Summit) ཞེས་པའི་ལོ་འཁོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་འཆར་ཡོད་པ་དང་བགྲོ་གླེང་གི་བརྗོད་གཞི་ནི་༧གོང་ས་མཆོག་ནས་སྩལ་བའི་བྱམས་སྙིང་རྗེའི་བཀའ་སློབ་ཁག་དང་དེའི་འཛམ་གླིང་ནང་ཕན་ཐོགས་ཅི་ཙམ་ཡོང་གི་ཡོད་པ་སོགས་ཀྱི་སྐོར་རེད་འདུག

འདི་ལོའི་བགྲོ་གླེང་སྟེང་ཨ་མེ་རི་ཁའི་ནང་པའི་རྩོམ་པ་པོ་དང་ཁའོ་ལིམ་བྷེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པའི་སློབ་དཔོན་རོ་བྷར་ཊི་ཐཱར་མན་(Robert Thurman) ལགས་དང་སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་ནེའུ་ཡོག་དུས་བབ་ཀྱི་དཔེ་དེབ་བྲིན་ཤོས་ཀྱི་རྩོམ་པ་པོ་དང་ནུབ་ཕྱོགས་སུ་སྒོམ་སྒྲུབ་ཉམས་ལེན་གྱི་དགེ་རྒན་ཤཱ་རོན་ (Sharon Salzberg)། ཨ་རིའི་བརྩམས་སྒྲུང་མཁན་ཨན་ནེ་ལཱ་མོ་ཊི་ (Anne Lamott)བཅས་ཀྱི་གཙོས་སེམས་ཁམས་ཀྱི་སློབ་དཔོན་དང་ཚན་རིག་པ། ལས་འགུལ་བ། ད་དུང་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་མི་སྣ་ ༢༠ ལྷག་གིས་མཉམ་ཞུགས་གནང་སྟེ། ༧གོང་ས་མཆོག་གིས་བྱམས་སྙིང་རྗེའི་ཐོག་བཀའ་སློབ་གནང་བ་དང་། དེས་མི་སྒེར་གྱི་མི་ཚེའི་འཕྲོད་བསྟེན་ནས་གོ་ལའི་བདེ་ཐང་ལ་ཕན་ཐོགས་གང་འདྲ་བྱུང་གི་ཡོད་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་འཆར་འདུག  དེ་བཞིན་བགྲོ་གླེང་འདིར་མི་ཚང་མས་རིན་མེད་ཐོག་མཉམ་ཞུགས་བྱེད་ཆོག་གི་ཡོད་པ་སོགས་གོ་ལ་རང་བཞིན་གྱི་བགྲོ་གླེང་ཞིག་ཆགས་ཀྱི་ཡོད་འདུག

བགྲོ་གླེང་འདི་༧གོང་ས་མཆོག་གིས་ཐུགས་སྨོན་དང་བཀའ་འཁྲོལ་ཡོད་པའི་ཐོག་ནས་དབུ་འཛུགས་ཞུས་པ་ཞིག་ཡིན་ཞིང་། ད་ལན་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཁག་ནི་སྙིང་རྗེའི་འགྱུར་ལྡོག་གི་སྟོབས་ཤུགས་ (The Transformative Power of Compassion) དང་སྙིང་རྗེའི་ཚན་རིག་ (The Science of Compassion)། ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྙིང་རྗེ་ (Compassion in Our Daily Lives)། སྙིང་རྗེ་ལྡན་པའི་སྤྱི་ཚོགས།  (The Compassionate Society)། སའི་གོ་ལར་སྙིང་རྗེ་སྐྱེད་པ་(Compassion for the Earth) བཅས་ཀྱི་བརྗོད་གཞི་ལྔའི་ཐོག་བགྲོ་གླེང་གནང་འཆར་ཡོད་འདུག

༧གོང་ས་མཆོག་གི་གོ་ལའི་དགོངས་བཞེད་ཞེས་པའི་བགྲོ་གླེང་དེ། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༢ ནས་ཉིན་དྲུག་གི་རིང་སེངྒེའི་གད་རྒྱངས་ཐེབས་རྩ་ཚོགས་པ་དང་ཨ་རིའི་བོད་ཁང་གཉིས་མཉམ་སྦྲེལ་གྱིས་གོ་སྒྲིག་འོག ནང་ཆོས་དང་སེམས་ཁམས་ཀྱི་སློབ་དཔོན།  སྙན་གྲགས་ཆེ་བའི་རྩོམ་པ་པོ་དང་སློབ་གཉེར་བ་སོགས་མི་གྲངས་ཁྲི་དགུ་ལྷག་གི་མཉམ་ཞུགས་འོག་བརྗོད་གཞི་དྲུག་གི་ཐོག་བགྲོ་གླེང་ཐོག་དང་པོ་གནང་ཡོད་འདུག

གཞན་ཡང་། རྒྱལ་བ་རིན་པོ་ཆེའི་དྲ་ཐོག་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༩ ནས་ཉིན་གཉིས་རིང་༧གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་རྗེ་ཙོང་ཁ་པ་ཆེན་པོས་མཛ་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་༧གོང་ས་མཆོག་གིས་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རའོན་བདེ་གནས་སློབ་གྲྭ་ (The Renee Crown Wellness Institute at the University of Colorado Boulder) དང་། སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་ (The Compassion Institute at the University of California San Diego) གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྐར་མ ༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༦ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese