མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཉིས་ནས་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་ཀྱི་གྲས་ཤིག་འདས་གྲོངས་སུ་ཕྱིན་པར་ནང་མིར་ཐུགས་གསོའི་འཕྲིན་ཡིག་སྩལ་འདུག

ཟླ་འདིའི་མགོར་ཨ་མེ་རི་ཁའི་ཨིལ་སཱ་ཝ་ཌོར་ (El savador) སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྙིང་གྲས་སྐུ་ཞབས་མའོ་རེ་ནཱ་ (Alfredo Martinez Morena ) ལགས་འདས་གྲོངས་སུ་ཕྱིན་པའི་ཐད། ཕྱི་ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པོ་དམ་པ་ཁོང་གི་བཟའ་ཟླ་ཨ་ལེ་ཤི་ཡའི་ ( Alicia Martinez ) མཚན་ཐོག་ཏུ། ཤུལ་ལུས་ནང་མི་སྤུན་ཉེ་ཡོངས་ལ་ཐུགས་གསོ་སྩལ་གནང་ཡོད་འདུག

ཐུགས་གསོའི་ཕྱག་བྲིས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱི་གྲོགས་པོ་སྐུ་ཞབས་མའོ་རེ་ནཱ་ ( Alfredo Martinez Morena ) ལགས་དགུང་ལོ་ ༩༨ ཐོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། ངོས་ནས་སྐུ་ཉིད་དང་ཁྱེད་ཀྱི་ནང་མི་ཡོངས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཁྱེད་རང་གིས་མཁྱེན་གསལ་བཞིན། ཕྱི་ལོ་  ༡༩༥༠ ལོར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་ནི་ ( El Savador) ཡིན་པ་དང་། ཉིད་ཀྱི་སྐུ་ཟླ་ནི་སྐབས་དེ་དུས་ (El Savador) མཉམ་འབྲེལ་རྒྱལ་ཚོགས་སུ་ཕེབས་པའི་སྐུ་ཚབ་ཚོགས་མི་ཞིག་ཡིན་པ་རེད། ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། འདས་པའི་ལོ་ཤས་ཀྱི་ཁྲོད། ངོས་དང་སྐུ་ཞབས་མའོ་རེ་ནཱ་ལགས་ཐེངས་ཁ་ཤས་ཐུགས་འཕྲད་བྱུང་ཡོད་ཅིང་། ཁོང་གིས་བོད་མིའི་རང་དབང་དང་ཆེ་མཐོང་ལ་རྒྱབ་སྐྱོར་ཐུགས་ཁུར་གནང་བར་ཡི་རངས་བསྔགས་བརྗོད་བྱ་རྒྱུ་ཡིན་པ་མ་ཟད། ཁོང་ཉིད་ང་ཚོ་དང་བྲལ་ཟིན་ནའང་ཁོང་གིས་གཞན་ཕན་གྱི་ལས་ལ་བརྩོན་ནས་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་སྟབས། ང་ཚོས་ཡིད་སེམས་ཞུམ་དོན་མེད། ཅེས་གསུངས།

གཞན་ཡང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་། སྐུ་ཞབས་ཁོང་ཉིད་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དང་འབྲེལ། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། དམ་པ་ཁོང་གི་སྐུ་ཟླ་གཙོས་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པའི་འཕྲིན་ཡིག་ཅིག་གནང་བའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་དབུས་པའི་ནང་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན། ཨིལ་སཱ་ཝ་ཌོར་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་མའོ་རེ་ནཱ་མཆོག་དང་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཆུང་ངོས་ནས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དུ་ཕྱི་རྒྱལ་གྱི་དམག་ཤུགས་བཙན་འཛུལ་བྱུང་བར་སྐྱོན་བརྗོད་ཀྱིས་བོད་ལ་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དྲན་གསོ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་གི་ཡོད། ཅེས་གསུངས་འདུག

རང་ལོ་༩༨ ཡིན་པའི་སྐུ་ཞབས་མའོ་རེ་ནཱ་ལགས་ནི་བོད་ཀྱི་དོན་རྒྱབ་སྐྱོར་བ་རྙིང་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་ཞིག་ཀྱང་ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༢༣ ལོར་ཨིལ་སཱ་ཝ་ཌོར་སྤྱི་མཐུན་རྒྱལ་ཁབ་ནང་སྐུ་འཁྲུངས་ཤིང་། ཁོང་གིས་རྒྱལ་ཁབ་ཀྱི་གཞུང་འཛིན་མི་སྣ་དང་ཁྲིམས་རྩོད་པ་གཅིག་ལྕོགས་ཀྱི་ལས་གནས་གཉེར་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། བོད་མི་ཚོར་མནར་གཅོད་གཏོང་མུས་ཡིན་པར་སྐྱོན་བརྗོད་བྱས་ནས། བོད་ཀྱི་རྩ་དོན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་རྙིང་ཤོས་ཤིག་ཡིན་པ་རེད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese