མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་ཏར་ཁན་ཌིའི་ནང་རང་བྱུང་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་ཉིན་ཤས་རིང་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཁན་ཌིའི་ནང་ཆར་བ་ཤུགས་ཆེར་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་གནང་འདུག

Representational Image of His Holiness the Dalai Lama expresses sympathy for the People of Uttarakhand.

ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པུ་ཤི་ཀར་སིངྒ་དྷ་མི་ (Pushkar Singh Dhami) མཆོག་གི་མཚན་ཐོག་ཏུ་ཕུལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ངོས་ཀྱིས་ཆུ་ལོག་གོད་ཆག་ཁྲོད་འདས་གྲོངས་ཕྱིན་པ་རྣམས་ལ་བསྔོ་སྨོན་དང་ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་ཞུ་ཡི་ཡོད། ཅེས་དང་། ངོས་ནས་ད་ལྟ་ཆུ་ལོག་རྒྱུག་ཡུལ་དང་ཞིག་རོའི་ནང་ལྷག་བསྡད་པའི་མི་རྣམས་བདེ་འཇགས་དང་བདེ་ཐང་ཡོང་རྒྱུར་སྨོན་ལམ་འདེབས་ཀྱི་ཡོད། ཅེས་དང་། མངའ་སྡེ་གཞུང་ངོས་ནས་མྱུར་སྐྱོབ་ཀྱི་བྱ་འགུལ་རྣམས་སྤེལ་བཞིན་པ་མ་ཟད། གང་ཐུབ་ཅི་ཐུབ་ཀྱིས་གོད་ཆག་གི་གནོད་འཚེ་ཕོག་པ་རྣམས་ངལ་སེལ་རོགས་རམ་གནང་བཞིན་པར་བསྔགས་བརྗོད་ཞུ་ཡི་ཡོད་ལ། ངོས་ནས་ཨུ་ཏར་ཁན་ཌིའི་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཏཱ་ལའི་བླ་མ་ཐེབས་རྩ་བརྒྱུད་མངའ་སྡེ་གཞུང་གི་ངལ་སེལ་དང་མྱུར་སྐྱོབ་ཀྱི་ལས་གཞིའི་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན། ཞེས་གསུངས་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་ཨུ་ཏར་ཁན་ཌིའི་ས་ཁུལ་ཕལ་ཆེ་བའི་ནང་ཆར་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་རེད། དེ་ཡང་མངའ་སྡེ་གཞུང་གི་གྲངས་ཐོ་ལྟར་ན། དེ་རིང་ཉིན་གུང་བར་ད་ལན་གྱི་གོད་ཆག་རྐྱེན་པས་ཉུང་མཐར་མི་གྲངས་ ༤༦ འདས་གྲོངས་དང་། མི་གྲངས་ ༡༡ གར་སོང་ཆ་མེད་དུ་གྱུར་འདུག་ལ། མངའ་སྡེ་གཞུང་ངོས་ནས་རྫོང་རེ་རེར་ངལ་སེལ་ཆེད་མ་དངུལ་ཧིན་སྒོར་བྱེ་བ་ ༡༠ རེ་བགོ་འགྲེམ་དང་། གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ནང་མིར་གུན་གསབ་ཧིན་སྒོར་འབུམ་ ༤ རེ་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

At least 46 dead In Uttarakhand due to heavy rains.

རྒྱ་གར་གྱི་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་དེ་རིང་ནས་བཟུང་ཆར་ཤུགས་ཆུང་དུ་འགྲོ་སྲིད་པའི་ཚོད་དཔག་བྱས་འདུག་ལ། སྤྱིར་བཏང་ཨུ་ཏར་ཁན་ཌི་ནི་རྒྱ་གར་གྱི་མངའ་སྡེའི་ཁྲོད་ནས་ཆར་ཞོད་ཆེ་ཤོས་འབབ་སའི་མངའ་སྡེ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ པའི་ནང་དྲག་ཆར་དང་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བའི་ཁྲོད་དུ་ཉུང་མཐར་མི་གྲངས་ ༥༧༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ལོ་དེའི་རང་བྱུང་གོད་ཆག་ནི་ཕྱི་ལོ་ ༢༠༠༤ ལོའི་རྒྱ་གར་ཤར་ཕྱོགས་ཀྱི་མཚོ་རླུང་གོད་ཆག་ (2004 Tsunami) རྗེས་ཀྱི་རང་བྱུང་གནོད་སྐྱོན་ཆེ་ཤོས་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese