མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིའི་རྣམ་དཔྱོད་གཅིག་པུ་བེད་སྤྱོད་གཏོང་རྒྱུའི་དུས་ཚོད་དེ་ཡོལ་ཟིན་པ་རེད་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཨ་རིའི་རྒྱལ་ཡོངས་མགོ་འཁྲིད་སྐྱེད་སྲིང་ཚོགས་པར་བཀའ་སློབ་སྩལ་སྐབས་ངོས་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་ཐུབ་པ་དེ་གལ་སྲིད་མི་རེ་ངོ་རེ་ཡིས་རང་རྒྱུད་ལ་བྱམས་སྙིང་རྗེའི་བསམ་པ་སྐྱེས་ན་རང་བཞིན་གྱིས་འགྲོ་བ་མིའི་རིགས་ཡོངས་རྫོགས་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད་ཅེས་གསུངས་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མགོ་འཁྲིད་སྐྱེད་སྲིང་ཚོགས་པ་(National Society of Leardership and Success) ཡིས་གསོལ་འདེབས་ཞུས་དོན་ལྟར། ཁ་སང་ཕྱི་ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་ལམ་བརྒྱུད་ཨ་རིའི་སློབ་ཆེན་སློབ་མ་སྐོར་ཞིག་ལ་མགོ་འཁྲིད་དང་ཉིན་རེའི་འཚོ་བའི་སྤྱོད་ལམ་སོགས་ཀྱི་སྐོར་ནས་བཀའ་སློབ་སྩལ་བའི་ནང་། མི་རེ་ངོ་རེ་ནས་རང་རྒྱུད་ལ་བྱམས་སྙིང་རྗེའི་བསམ་པ་སྐྱེས་ན་རང་བཞིན་གྱིས་མིའི་རིགས་ཡོངས་རྫོགས་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་གནང་འདུག

ཐེངས་འདིའི་ལས་རིམ་གཙོ་སྐྱོང་བས་༧གོང་ས་མཆོག་ལ་རང་གཞན་གཉིས་ཀྱི་མི་ཚེ་དོན་སྙིང་ལྡན་ཞིང་འཛམ་གླིང་ལ་བཟང་ཕྱོགས་ཀྱི་འགྱུར་བའམ་ཤུགས་རྐྱེན་གཏོང་ཐབས་ཅི་ཡོད་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། རྩ་བའི་ཆ་ནས་ང་ཚོ་འགྲོ་བ་མིའི་རིགས་འདི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་རེད། མི་སྒེར་སུ་འདྲ་ཞིག་ཡིན་ནའང་མིའི་སྤྱི་ཚོགས་ལ་མ་བརྟེན་པར་འཚོ་ཐུབ་ཐབས་མེད། དེར་བརྟེན་ཁྱེད་རང་མི་སྒེར་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱི་འཚོ་གནས་དེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་བརྟེན་ནས་བསྡད་ཡོད། མིའི་སྤྱི་ཚོགས་ནང་ལ་མཚོན་ནའང་ཕན་ཚུན་དབར་འཆམ་མཐུན་དང་ཁྱེད་ལ་ཡིད་ཆེས་སླེབས་པར། ཁྱེད་རང་གི་ངོས་ནས་མི་གཞན་ལ་ཁ་ཞེ་གཉིས་མེད་ཀྱི་བྱམས་བརྩེའི་འདུ་ཤེས་སླེབ་དགོས་པ་རེད། མི་ལྟར་ཀླད་པའི་བྱ་ལས་རྙོག་འཛིང་མེད་པའི་སེམས་ཅན་དུད་འགྲོ་ལའང་ཁ་ཞེ་གཉིས་མེད་ཀྱི་བྱམས་བརྩེ་བསྟན་ཚེ་ཁོ་ཚོས་དེར་དགའ་མོས་བྱེད་ཀྱི་རེད། དེར་བརྟེན་ང་ཚོ་མིའི་རིགས་འདི་ཕན་ཚུན་འཆམ་མཐུན་ཡོང་ཐབས་དང་། རང་གཅེས་འཛིན་གྱི་ལྟ་ཕྱོགས་ཀྱི་ཐོག་ནས་བཤད་ན། སོ་སོ་ལ་ཡིད་ཆེས་བློ་འཁེལ་གྱི་གྲོགས་པོ་ཞིག་ཐོབ་པར། ཁྱེད་ཀྱིས་ངེས་པར་དུ་བྱམས་སྙིང་རྗེའི་བསམ་པ་བཅང་དགོས་པ་རེད། ཅེས་གསུངས་སོང་།

མུ་མཐུད་བྱམས་བརྩེ་སྐོར་ལ་༧གོང་ས་མཆོག་གིས། ང་ཚོ་ཚང་མར་བཙས་མ་ཐག་པ་ནས་རང་གི་ཨ་མའི་ས་ནས་བྱམས་བརྩེ་མང་ཤོས་ཐོབ་ཡོད་པར་བརྟེན། ང་ཚོ་ཚང་མའི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད་པ་རེད། དེར་བརྟེན་ད་ལྟ་ང་ཚོས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ལ་དོ་སྣང་ཤུགས་ཆེ་བ་བྱེད་དགོས་ཀྱི་འདུག སྐབས་རེར་ངོས་ལ་ཚོར་སྣང་འདི་འདྲ་ཞིག་འབྱུང་གི་འདུག ང་ཚོ་ལོ་ན་ཆུང་བའི་སྐབས་སུ་རང་ལ་གཞན་གྱི་བརྩེ་བ་འཐོབ་རྒྱུར་རེ་སྨོན་དང་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རང་གི་ཕ་མ་དང་མིང་སྲིང་སྤུན་མཆེད་དབར་བརྩེ་བ་ཆེན་པོ་ཡོད་པ་རེད། འོན་ཀྱང་རིམ་པས་ང་ཚོ་ལོ་ཆེ་རུ་འགྲོ་བ་དང་བསྟུན། ང་ཚོའི་བསམ་བློའི་ནང་རང་ཉིད་གཅིག་པུས་འགྲིག་གི་འདུག གཞན་གྱི་བརྩེ་བ་དགོས་ཀྱི་མི་འདུག་ཅེས་པའི་ཚོར་བ་དེ་སླེབས་ཀྱི་ཡོད་པ་རེད། དེ་ལྟ་བུའི་མིག་རྒྱང་ཐུང་བའི་བསམ་བློ་གཏོང་ཕྱོགས་དང་། ཕྱོགས་གཞན་ནས་ང་ཚོའི་ད་ཡོད་ཀྱི་ཤེས་ཡོན་ལམ་སྲོལ་གྱིས་ཕྱི་དངོས་པོའི་ཤེས་བྱ་ལས་ནང་སེམས་ཀྱི་བྱམས་བརྩེའི་རིན་ཐང་ལ་དོ་སྣང་བྱེད་ཀྱི་མེད་པ་རེད། དེར་བརྟེན་ང་ཚོས་ད་ལྟའི་དེང་རབས་ཤེས་ཡོན་ལམ་སྲོལ་ནང་ཚན་རིག་གི་འགྲོས་དང་མཐུན་པའི་ཐོག་ནས་རྒྱུད་ལ་བྱམས་སྙིང་རྗེ་ཡོད་ན་རང་བཞིན་གྱིས་བསམ་བློར་ཞི་བདེ་ཡོང་གི་ཡོད་པ་དང་། རང་གཅེས་འཛིན་གྱི་བསམ་པ་ཆེ་དྲགས་ན་རང་གི་བསམ་བློ་དེ་ཡང་གུ་དོག་པོ་ཆགས་ཏེ་ཞེད་སྣང་དང་། ཁོང་ཁྲོ། དོགས་པ་བཅས་ཀྱི་བསམ་བློ་སྐྱེ་ཡི་ཡོད་སྐོར་གྱི་འགྲེལ་བརྗོད་རྣམས་བསྣན་རྒྱུ་གལ་ཆེན་པོ་རེད། ཆོས་དད་ཡོད་མིན་དེ་མི་སྒེར་གྱི་གནད་དོན་ཞིག་རེད། མིའི་རིགས་དང་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་ང་ཚོར་བྱམས་སྙིང་རྗེ་དགོས་ཀྱི་ཡོད་པ་རེད། ནང་སེམས་ཀྱི་རིན་ཐང་དེ་དག་ནི་བདེ་སྐྱིད་ལྡན་པའི་མི་ཚེ་དང་ཁྱིམ་ཚང་། ཆེ་ས་ནས་བཤད་ན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཞིག་ཡོང་ཐབས་ཀྱི་རྩ་བའི་ཆ་རྐྱེན་ལྟ་བུ་ཞིག་ཡིན་པ་རེད། ངས་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་ཐུབ་པ་དེ། གལ་ཏེ་མི་རེ་ངོ་རེ་ཡིས་རང་རྒྱུད་ལ་བྱམས་སྙིང་རྗེའི་བསམ་པ་སྐྱེས་ན། རང་བཞིན་གྱིས་འགྲོ་བ་མིའི་རིགས་ཡོངས་རྫོགས་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད། ཅེས་བཀའ་སློབ་སྩལ་གནང་སོང་།

ཡང་གཉན་འཕྲང་གི་དུས་སྐབས་སུ་མགོ་འཁྲིད་རྣམས་ཀྱི་རེ་བ་བརླག་མི་ཉན་པའི་སྐོར་ལ་༧གོང་ས་མཆོག་གིས། དེང་སང་སྒེར་གཅོད་རིང་ལུགས་ཀྱི་རྒྱལ་ཁབ་རེ་ཟུང་ལས་འཛམ་གླིང་ཀུན་དམངས་གཙོའི་ལམ་སྲོལ་ཐོག་སྐྱོད་ཀྱི་ཡོད་པ་རེད། རང་ཉིད་མགོ་འཁྲིད་ཅིག་བྱ་རྒྱུར་མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད་ལ། འོས་འདེམས་བྱུང་ཟིན་པའི་རྗེས་ལའང་མི་མང་གི་དོན་དམ་པའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། དེར་བརྟེན། མགོ་འཁྲིད་རྣམས་ཀྱིས་རང་ལ་མི་མང་གི་ཡིད་ཆེས་མུ་མཐུད་ཡོང་བའི་ཆེད་དུ་དྲང་པོ་དྲང་བཞག་བྱེད་དགོས་པ་རེད། དྲང་པོ་དྲང་བཞག་དེ་ཡང་བྱམས་སྙིང་རྗེ་དང་ཧ་ཅང་འབྲེལ་བ་ཆེན་པོ་རེད། བྱམས་སྙིང་རྗེ་དེས་རང་ལ་ནང་སེམས་ཀྱི་སྟོབས་ཤུགས་དང་རང་ཉིད་ལ་གདེང་ཚོད་སྐྲུན་ཐུབ་ཀྱི་རེད། མི་ཞིག་ཡིན་པའི་ཆ་ནས་མགོ་འཁྲིད་རྣམས་ཀྱིས་རང་གི་རྣམ་དཔྱོད་དང་བྱམས་སྙིང་རྗེ་གཉིས་ཟུང་སྦྲེལ་ཐོག་ནས་མི་མང་གི་ཡིད་ཆེས་རག་ཐབས་བྱེད་དགོས་པ་ལས། རྣམ་དཔྱོད་གཅིག་པུ་བེད་སྤྱོད་གཏོང་རྒྱུ་དེ་ངོས་ཀྱི་བསམ་པར་དུས་ཚོད་ཡོལ་ཟིན་པ་ཞིག་རེད། ད་ལྟ་ང་ཚོས་དྲང་པོ་དྲང་བཞག་བྱ་དགོས་ཀྱི་ཡོད་པ་རེད། དེ་ནི་གཞན་ཕན་དང་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་སྐྱེད་ཐབས་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། ཅེས་གསུངས་འདུག

སློབ་མ་ཞིག་གིས་མགོན་པོ་མཆོག་ལ་ཐུགས་ཁྲོ་མྱོང་ཡོད་མེད་དང་། ཁོང་ཁྲོའི་བློ་ལ་ཇི་ལྟར་ཁ་གཏད་གཅོག་དགོས་མིན་བཀའ་འདྲི་ཞུས་པའི་ལན་དུ། སྐབས་རེར་ངོས་ལ་ཁོང་ཁྲོའི་བློ་སྐྱེས་མྱོང་ཡང་རིམ་པས་ངོས་ནས་བློ་སྦྱོང་བྱས་ཏེ་གཏིང་ཟབ་པའི་གོ་རྟོགས་སྐྱེ་ཐུབ་སོང་། ཁོང་ཁྲོ་ལ་དོན་སྙིང་ཡོད་མ་རེད། དཀའ་ངལ་ཞིག་ལ་མཚོན་ན་ཁོང་ཁྲོས་དཀའ་ངལ་དེ་སྔར་བས་ཚབས་ཆེར་གཏོང་གི་ཡོད་པ་རེད། དེར་བརྟེན་དཀའ་ངལ་གང་འདྲ་ཞིག་ཡིན་ནའང་གཞན་ཕན་དང་བྱམས་སྙིང་རྗེའི་ཐོག་ནས་སེལ་དགོས་པ་རེད། དགེ་རྒན་འགའ་ཤས་ཀྱིས་དགྲ་བོ་ནི་རང་གི་གྲོགས་པོ་བཟང་ཤོས་དེ་རེད་ཅེས་གསུང་གི་ཡོད། དགྲ་བོ་ལ་བརྟེན་ནས་ཁོང་ཁྲོ་སྐྱེ་ཡི་ཡོད་ནའང་། དགྲ་བོར་བརྟེན་ནས་བཟོད་སྒོམ་བྱ་རྒྱུའི་སྦྱོང་བརྡར་ཐོབ་ཀྱི་ཡོད་པ་རེད། ངོས་རང་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས། ངའི་མཐའ་འཁོར་གྱི་མི་རྣམས་ཀྱིས་བྱམས་སྙིང་རྗེའི་བསམ་པའི་ཐོག་ནས་ངོས་ལ་འཛུམ་མདངས་སྟོན་གྱི་ཡོད། གནས་སྟངས་དེ་འདྲའི་དབང་གིས་དུས་དེང་སང་ངོས་ལ་ཁོང་ཁྲོའི་བློ་ཕལ་ཆེར་སླེབས་ཀྱི་མི་འདུག འོན་ཀྱང་སྐབས་རེར་ངོས་རང་གཉིད་ཁུག་བཞིན་པའི་ཁ་ཐུག་དེར་དུག་སྦྲང་ཡོང་ནས་ཁོང་ཁོ་སློང་གི་འདུག ཅེས་བཞད་མོ་བཞད་ཀྱིན་གསུངས་གནང་སོང་།

དེ་བཞིན་མགོན་པོ་མཆོག་ནས་མི་ཚེའི་དོན་སྙིང་ཅི་ཡིན་གྱི་བཀའ་འདྲིར་བཀའ་ལན་སྩལ་སྐབས། དུད་འགྲོ་སེམས་ཅན་གཞན་དང་མི་འདྲ་བར་མི་ལ་རྣམ་དཔྱོད་ཅིག་ཡོད་པའི་རྐྱེན་གྱིས་གཞན་ལ་ཕན་བདེ་སྒྲུབ་རྒྱུའི་ནུས་པ་ཆེ་བ་ཡོད་སྟབས། རྣམ་དཔྱོད་དང་བྱམས་བརྩེ་ཟུང་དུ་སྦྲེལ་ནས་གཞན་ཕན་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་སྐྲུན་རྒྱུའི་འགན་འཁྲི་དེ་འགྲོ་བ་མི་ལ་ཡོད་པ་དང་། དེ་ཡང་ནང་སེམས་ཀྱི་ཞི་བདེ་བསྐྲུན་མིན་ལ་རག་ལས་པ་ཞིག་ཡིན་སྐོར་གསུངས་སོང་། ཡང་མགོན་པོ་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་བཟུང་དཀའ་ངལ་ཆེན་པོ་ཕྲད་ཡོད་ནའང་། རང་ལ་བཙན་གནོན་གཏོང་མཁན་ཚོར་བྱམས་སྙིང་རྗེ་སྒོམ་ཐབས་བྱས་ཡོད་སྐོར་དང་། ཆབ་སྲིད་ཐོག་ནས་ང་ཚོས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་འདོད་ཀྱི་མེད། དེ་བས་ང་ཚོ་རྒྱ་ནག་གི་ཁོངས་སུ་བསྡད་འདོད་བྱེད་ཀྱི་ཡོད་པ་རེད། དེར་ངོས་ཀྱིས་དབུ་མའི་ལམ་ཞེས་རྗོད་ཀྱི་ཡོད། རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་འདོད་ཀྱི་ཡོད་པ་རེད། དེའི་ཐོག་ང་ཚོར་རང་དབང་དགོས་ཀྱི་ཡོད་པ་རེད། དེ་ནི་གཙོ་བོ་བོད་ཀྱི་རིག་གཞུང་ཉར་ཚགས་བྱ་ཆེད་རེད། རིག་གཞུང་ནི་ངོ་བོ་མཚོན་བྱེད་གཙོ་བོ་དེ་རེད། ང་ཚོར་སྐད་ཡིག་ཚུད་པའི་ཐུན་མིན་རིག་གཞུང་ཞིག་ཡོད་པ་རེད། དེང་སང་ནང་བསྟན་གྱི་ལྟ་གྲུབ་རྣམས་འགྲེལ་བརྗོད་བྱེད་པའི་སྐད་ཡིག་ལེགས་ཤོས་དེ་བོད་ཀྱི་སྐད་ཡིག་ཡིན་བཟོ་འདུག ནང་བསྟན་དང་ལྷག་པར་དུ་ན་ལེནྜའི་ཆོས་བརྒྱུད་ཀྱི་རྙོག་འཛིང་ཆེ་ཞིང་གོ་བ་ཟབ་པའི་ནང་བསྟན་གྱི་གཞུང་ལུགས་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་འགྲེལ་བརྗོད་ཡག་ཤོས་བྱེད་ཐུབ་ཀྱི་འདུག  ཅེས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese