མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁིར་སི་སི་མིཌ་ལགས་རྣམ་གཉིས་མཉམ་འབྲེལ་ཐོག་བསྐྱར་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་ཡིག་བཏང་གནང་འདུག

Chris Smith and-Senator Marco Rubio sent a letter to IOC

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁིར་སི་སི་མིཌ་ (Chris Smith) ལགས་གཉིས་ནས། ཨོ་ལིམ་ཕིག་གི་རྩ་འཛིན་རིན་ཐང་དང་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འབོད་སྐུལ་འོག རྒྱ་ནག་གིས་བོད་དང་ཡུ་གུར། ཧོང་ཀོང་། སོག་པོ་དང་ཀོ་རི་ཡ། དེ་བཞིན་རྒྱ་རིགས་བཅས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་འབྲེལ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་རྒྱ་ནག་ཏུ་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྩེད་འགྲན་འཚོག་རྒྱུ་ཕྱིར་འཐེན་དགོས་པ་མ་ཟད། རྒྱ་ནག་གི་རུ་ཁག་རྩེད་འགྲན་ནང་ཞུགས་མི་ཆོག་པར་བཟོ་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱི་མཉམ་འབྲེལ་འབོད་སྐུལ་ཞུ་ཡིག་ནང་། རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་ནི་ཆབ་སྲིད་མ་ཡིན་པར་བཟང་སྤྱོད་ཀྱི་ཐག་གཅོད་ཅིག་ཡིན་པས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་དབུས་རྒྱུན་རྣམས་ལ་གཡོལ་དུ་མེད་པའི་དེའི་འགན་འཁྲི་ཡོད། བཟང་སྤྱོད་ཀྱི་སྟངས་སྙོམས་ཟེར་བ་ནི་དོན་དག་ཐོག་ནས་འགལ་ཟླར་གྱུར་ཡོད་པས། ཁྱེད་ལ་ཞུ་འདོད་པ་ནི་རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་གཞུང་འཛིན་པ་ཚོར་ཨོ་རྩལ་འགྲན་ཚོགས་བསྡུ་སྐོང་བྱེད་པའི་ཆེད་མཐོང་དེ་སྤྲོད་མི་ཉན། ཞེས་དང་། གལ་སྲིད་རྒྱལ་སྤྱིའི་འགྲན་ཚོགས་ཀྱི་དབུས་རྒྱུན་དག་གིས། རྩེད་འགྲན་གྱི་རྩ་འཛིན་ལ་ཁ་ཞེ་གཉིས་མེད་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚེ། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛིན་ལ་རྡོག་རོལ་གཏོང་གི་ཡོད་པའི་དངོས་ཡོད་གནས་སྟངས་འོག རྒྱ་ནག་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུ་བཀག་སྡོམ་དགོས་སྐོར་གསུངས་འདུག

ཡང་ཞུ་ཡིག་ནང་། ཨོ་རྩལ་ལྷན་ཚོགས་ཀྱི་གཞི་རྩའི་རྩ་འཛིན་ནི་འགྲོ་བ་མིའི་རིན་ཐང་སྲུང་སྐྱོབ་ཀྱི་གཙོས་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན་ཞིང་། སྐབས་འདིར་འགྲོ་བ་མིའི་རིན་ཐང་ཟེར་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་གོ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཡུ་གུར། རྒྱ་རིགས་ཡི་ཤུ་ཆོས་ལུགས་པ་དང་ཧྥ་ལོན་སྒོམ་སྒྲུབ་ཉམས་ལེན་པ། དེ་བཞིན། སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་མཁན་གྱི་ཁྲིམས་རྩོད་པ་དང་གསར་འགོད་པ། སྤྱི་ཚོགས་དང་མང་གཙོའི་ལས་འགུལ་བ་སོགས་ཀྱི་གཞི་རྩའི་ཐོབ་ཐང་ལ་དྲག་གནོན་དང་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ཐ་ན་དམར་ཤོག་ཚོགས་པ་རང་གི་ལས་བྱེད་ཚོ་ལའང་དོགས་གཞིའི་འོག་གཞི་རྩའི་ཐོབ་ཐང་སྤྲོད་ཀྱི་མེད་སྟབས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུས་རྒྱུན་ཚོས་རྩེད་འགྲན་གྱི་རྩ་འཛིན་དང་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་འོག་རྒྱ་ནག་ལ་རྩེད་འགྲན་བསྡུ་སྐོང་བྱེད་དུ་འཇུག་པའི་ངེས་ཤེས་གང་ནས་རྙེད་ཡོད་དམ། ཞེས་དྲི་རྟགས་བཀོད་པ་དང་སྦྲགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཁག་གཞིར་བཞག་སྟེ་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་འདུག

ད་དུང་། རྒྱ་ནག་ལ་ཕྱོགས་གང་ཐད་ནས་ཨོ་རྩལ་འགྲན་ཚོགས་བསྡུ་སྐོང་བྱེད་པའི་འོས་བབ་མེད་སྐོར་བརྗོད་པའི་ནང་། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་དབུས་རྒྱུན་དག་གིས། གལ་སྲིད་རྒྱ་ནག་གིས་རང་གི་བྱ་སྤྱོད་ལ་འགྱུར་བ་མ་གཏང་ཚེ། ཕྱི་ལོ་ ༢༠༢༢ ཟླ་ ༢ པའི་ནང་འཚོགས་གཏན་འཁེལ་བའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་རྩེད་འགྲན་རྩིས་མེད་དུ་བཏང་སྟེ། རྒྱལ་ཁབ་གཞན་གྱི་ནང་རྩེད་འགྲན་བསྡུ་སྐོང་བྱ་དགོས་པ་རེད། རིགས་རྒྱུད་རྩ་གཏོར་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ལའང་ཨོ་རྩལ་འགྲན་ཚོགས་བསྡུ་སྐོང་བྱེད་པའི་འོས་འབབ་དེ་མེད་སྐོར་དང་། ཨ་རིའི་གཞུང་འཛིན་སྐྱོང་གཉིས་ཀྱི་གཙོས་ཁེ་ན་ཌ་དང་དབྱིན་ཇི། ནེ་ཐཱར་ལན་ཌི་དང་ལི་ཐོ་ནེ་ཡ། དེ་བཞིན། རྫད་ཆི་སྤྱི་མཐུན་རྒྱལ་ཁབ་དང་སྦེལ་འཇམ་བཅས་ཀྱིས།་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པའི་བདེན་དཔང་ར་འཕྲོད་བྱུང་ཡོད་པ་མ་ཟད། ད་ལྟ་འཇར་མན་གཞུང་གིས་རྒྱ་ནག་ལ་རྟོག་ཞིབ་བྱེད་མུས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ ༣༠ ལྷག་གིས། རྒྱ་ནག་རྒྱལ་ཚོགས་ཀྱི་རིགས་རྒྱུད་རྩ་གཏོར་གྱི་གྲོས་མཐུན་དང་འགལ་ཡོད་པ་ཡོངས་བསྒྲགས་བྱས་ཡོད་སྐོར་སོགས་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་དེ་རྣམ་གཉིས་ནས་རྒྱ་ནག་ཏུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འཚོག་རྒྱུ་ཕྱིར་འཐེན་དགོས་པའི་ཞུ་ཡིག་ཐོག་མ་དེ་བཏང་གནང་ཡོད་པ་དང་། ད་ལན་གྱི་འབོད་སྐུལ་ཞུ་ཡིག་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོར་རྒྱ་ནག་ནང་རྩེད་འགྲན་ཕྱིར་འཐེན་དགོས་པའི་འབོད་སྐུལ་བསྐྱར་དུ་ཞུས་པ་ཞིག་ཆགས་ཀྱི་ཡོད་ཅིང་། དམིགས་བསལ་ཨོ་རྩལ་ལྷན་ཚོགས་ཀྱི་དབུས་རྒྱུན་དག་ལ་ལན་འདེབས་གནང་བའི་འབོད་སྐུལ་ཞིག་ཀྱང་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese