མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་འཁྲུགས་པ་དང་མ་སྐྱིད་པའི་སྐབས་སུ་བྱམས་དང་སྙིང་རྗེ་ནི་སྨན་ལྟ་བུ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཨ་རིའི་གཙུག་ལག་སློབ་ཆེན་གཉིས་ཀྱི་དགེ་སློབ་ཚོར་བཀའ་སློབ་གནང་སྐབས་ཤེས་ཡོན་དེ་འགྲོ་བ་མིའི་ཆེད་དུ་ཡིན་པ་མ་ཟད་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་དུས། ད་ལྟའི་ཤེས་ཡོན་དེ་བྱམས་སྙིང་རྗེའི་ཤེས་ཡོན་དང་མཉམ་འབྲེལ་བྱ་དགོས་སྐོར་གསུངས་སོང་།

དེ་རིང་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་༧གོང་ས་མཆོག་གིས་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རོན་བདེ་གནས་སློབ་གྲྭ་ (The Renee Crown Wellness Institute at the University of Colorado Boulder) དང་སེན་ཌི་སྒོ་ཁ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་ (The Compassion Institute at the University of California San Diego) གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་བྱམས་བརྩེའི་སྐོར་ལ་བཀའ་སློབ་གནང་སོང་།

ཐོག་མར་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རིག་བདག་ (Chancellor Philip P. DiStefano) ལགས་ཀྱིས། ང་ཚོའི་སློབ་གྲྭའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེ་དང་ལྡན་པའི་སྒོ་ནས་མིའི་ཆེ་མཐོང་ཡོད་པའི་སློབ་སྦྱོང་སྤྲོད་རྒྱུ་དེ་ཆགས་ཀྱི་ཡོད་པ་རེད། དེང་དུས་ཀྱི་གཞོན་སྐྱེས་ཚོའི་སོ་སོའི་མི་ཚེའི་ནང་སེམས་ཀྱི་ཚོར་བ་དང་འཕྲོད་བསྟེན་དེ་དག་ཡག་པོ་ཡོང་སླད་དུ། དེ་རིང་༧གོང་ས་མཆོག་དང་ལྷན་དུ་བཀའ་མོལ་ཞུ་ཡི་ཡོད་པས། དེ་རིང་༧གོང་ས་མཆོག་ཆིབས་སྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཆེན་མོ་མང་པོས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་སྔ་ ༢༠༡༦ ལོར་༧གོང་ས་མཆོག་ང་ཚོའི་གཙུག་ལག་སློབ་གཉེར་དུ་ཆིབས་སྒྱུར་གནང་སྟེ་བྱམས་བརྩེ་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་དང་ཁི་རོན་བདེ་གནས་སློབ་གྲྭའི་ (Crown Institute) ནང་བྱམས་བརྩེའི་སློབ་སྟོན་བྱེད་རྒྱུའི་རྩ་བ་དེ་བཙུགས་པ་དང་མི་ཆ་ཚང་གི་བདེ་སྡུག་ལ་ཕན་པའི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་འཕྲལ་སེལ་མིན་པར་མི་ཚེ་ཡོངས་རྫོགས་ལ་འདང་ཆེད་དང་རང་གི་སྤྱི་ཚོགས་དང་སྤྱི་ཚོགས་གཞན་ལ་ཁྱབ་ཐུབ་པ་བྱེད་ཀྱི་ཡོད་པ་རེད། ང་ཚོ་མཉམ་དུ་ཟུང་འབྲེལ་བྱམས་བརྩེ་བསྟི་གནས་ཁང་ཡོད་པ་རེད། སོ་སོའི་མི་ཚེ་ཚད་དང་ལྡན་པ་ཡོང་བ་དང་འབྱུང་འགྱུར་གྱི་མི་རབས་ཚད་དང་ལྡན་པ་ཡོང་བའི་དོན་དུ། དེ་རིང་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལས་ཐུགས་ཕན་གསོ་རོགས་ཞུ་ཡི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

དེ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ནང་། ལོ་རིམ་བརྒྱད་པའི་དབྱིན་ཡིག་དགེ་རྒན་བྷེན ( Benjamin Inouye )  ལགས་ཀྱིས་ང་ཚོའི་རང་རྒྱུད་ལ་ཡོད་པའི་ཀུན་སློང་བཟང་པོ་དེ་མ་བརྗེད་པར་རྒྱུན་འཁྱོངས་བྱེད་ཐབས་དང་། ཀུན་སློང་དང་སྙིང་རྗེའི་ཉམས་ལེན་བར་གྱི་འབྲེལ་བ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས། བཟོད་པ་དང་སྙིང་རྗེ་གཉིིས་ཀྱི་རྩ་བ་དེ་བྱམས་བརྩེ་གཙོ་བོར་བཞག་གིན་ཡོད་དུས།  དེ་གཉིས་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་ཆགས་ཡོད། དཀའ་ངལ་གང་ཡང་མེད་པའི་སྐབས་སུ་ལྷོད་ལྷོད་བྱས་ཏེ་ཉི་མ་འདེ་བ་དང་། ཆུ་སོགས་བརྐྱལ་ནས་སྡོད་ཀྱི་ཡོད་པ་རེད། སྐབས་དེའི་དུས་སུ་བྱམས་དང་སྙིང་རྗེ་ཞེས་པར་དམིགས་བསལ་འབྲེལ་བ་གང་ཡང་མེད་པ་རེད། བྱམས་དང་བརྩེ་བ་ངོ་མ་དེ་རང་ཉིད་ལ་དཀའ་ངལ་འཕྲད་བའི་སྐབས་སུ་དགོས་ཀྱི་ཡོད་པ་རེད། ལྷག་པར་སོ་སོའི་སེམས་ཁམས་འཁྲུགས་པ་དང་། སོ་སོ་མ་སྐྱིད་པའི་སྐབས་སུ་བྱམས་དང་སྙིང་རྗེ་ནི་སྨན་ལྟ་བུ་ཞིག་ཡིན་པ་རེད། སྤྱིར་ང་ཚོའི་གཟུགས་པོ་བདེ་ཐང་ཡིན་དུས་སྨན་སོགས་གང་ཡང་མི་དགོས་ཀྱང་། སོ་སོའི་གཟུགས་པོ་མི་བདེའི་སྐབས་སུ་སྨན་སོགས་དགོས་པ་བཞིན། ང་ཚོའི་མི་ཚེའི་ནང་དཀའ་ངལ་འཕྲད་ཚེ། བྱམས་དང་སྙིང་རྗེའི་ཉམས་ལེན་ཡག་པོ་ཡོད་ན། སེམས་ཀྱི་ཞི་བདེ་དང་སེམས་ཁམས་ཞི་བདེ་བག་ཕེབས་ལ་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད། ངོས་ནས་ཉམས་མྱོང་ཞིག་བཤད་པ་ཡིན་ན། ངོས་རང་བཙན་བྱོལ་དུ་མ་ཡོང་བར་ཕོ་བྲང་པོ་ཏ་ལར་བསྡད་པ་ཡིན་ན། བྱམས་སྙིང་རྗེ་དང་འབྲེལ་བའི་ཉམས་ལེན་ཞན་པོ་ཡོད་སྲིད་ཀྱང་། ངོས་ཀྱི་མི་ཚེའི་ནང་དུ་དཀའ་ངལ་ཆེན་པོ་འཕྲད་སྟབས། དེའི་སྟབས་ཀྱིས་བྱམས་དང་སྙིང་རྗེའི་ཉམས་ལེན་གོང་འཕེལ་དུ་ཕྱིན་པས། སོ་སོ་ལ་དགྲ་ལྟར་འཛིན་མཁན་རྣམས་ལ་བྱམས་དང་སྙིང་རྗེ་སྐྱེས་པར་ཕན་ཐོགས་ཆེན་པོ་འདུག བྱས་ཙང། བྱམས་དང་སྙིང་རྗེའི་ཉམས་ལེན་དེ་སོ་སོ་ལ་དངོས་སུ་དཀའ་ངལ་འཕྲད་དུས་ཕན་ཐོགས་ཆེན་པོ་འདུག དེ་ལྟ་བུའི་བྱམས་དང་སྙིང་རྗེ་ཚད་ལྡན་སྐྱེས་བར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏང་རྒྱུ་དང་། གོམས་གཤིས་བརྟན་པོ་ཚུགས་པ། རིག་པས་དཔྱད་ཞིབ་བྱ་དགོས་པ་རེད། དེ་འདྲའི་གོམས་གཤིས་ཤིག་ཡོད་ན་རང་རང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་བྱམས་དང་སྙིང་རྗེའི་བྱམས་ལེན་མ་བརླག་པར་བརྟན་པོ་འཛིན་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་སློབ་གྲྭའི་སློབ་སྤྱི་ཞིག་གིས་སློབ་གྲྭའི་ནང་བྱམས་བརྩེའི་སློབ་གསོ་སྤེལ་ཐབས་ཇི་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། དོན་དངོས་ཐོག་ནས་བཤད་ན་ད་ལྟའི་ཤེས་ཡོན་སློབ་གསོ་དེ་ཕྱི་དངོས་པོའི་སྟེང་ལ་ཕྱོགས་ཡོད་པ་རེད། དེར་བརྟེན་ད་ལྟ་ང་ཚོར་འཛམ་གླིང་གི་ཕན་བདེ་དང་བྱམས་བརྩེའི་འདུ་ཤེས་དགོས་གལ་ཆེ། ངོས་ནས་དུས་རྒྱུན་དུ་ང་ཚོའི་ཤེས་ཡོན་ནང་བྱམས་སྙིང་རྗེའི་སྐོར་གྱི་སློབ་ཚན་འཇོག་དགོས་སྐོར་བཤད་ཀྱི་ཡོད། དེ་ཡང་ཆོས་ལུགས་ཀྱི་གནད་དོན་སྟེང་ནས་མིན་པར། དགེ་སློབ་གཉིས་ཀྱི་འཕྲོད་བསྟེན་ཆེད་དུ་བཤད་ཀྱི་ཡོད། ནང་སེམས་ལ་བྱམས་སྙིང་རྗེའི་བློ་སྐྱེ་བའི་ཚེ་ན་རང་བཞིན་གྱིས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དང་། ནང་སེམས་ཀྱི་ཞི་བདེ་ནི་འཕྲོད་བསྟེན་ཡོང་རྒྱུའི་རྐྱེན་གཙོ་བོ་ཞིག་ཡིན་པ་རེད། དེར་བརྟེན་ངོས་ཀྱི་བསམ་པར་ང་ཚོས་སློབ་གསོའི་སྒྲོམ་གཞི་གསར་པ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་འདུག ཅེས་གསུངས་གནང་འདུག་ལ། ཡང་མགོན་པོ་མཆོག་གིས་གལ་ཏེ་ཁྱེད་ཀྱིས་ཆོད་སེམས་བརྟན་པོ་དང་སྙིང་སྟོབས་བསྐྱེད་དེ། ཁ་ཞེ་གཉིས་མེད་ཀྱི་བྱམས་སྙིང་རྗེའི་བློ་བསྒོམས་ཚེ། དེར་དཀའ་ངལ་གང་ཡང་ཡོང་རྒྱུ་མེད་ལ། ལྷག་ཏུ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐྱེ་འགྲོ་རྣམས་ལ་བྱམས་སྙིང་རྗེ་བསྒོམས་ན་དེས་རང་ཉིད་ལ་གོ་བ་གཏིང་ཟབ་སྐྱེ་རུ་འཇུག་གི་རེད། དེ་བས་དཀའ་ངལ་བྱུང་བའི་ཚེ་ན་དཀའ་ངལ་གྱི་འབྱུང་ཁུངས་གང་ཡིན་སོགས་ལ་བརྟག་དཔྱད་བྱས་ཏེ་དཀའ་ངལ་སེལ་ཐབས་བྱས་ན། དེ་ནི་ཤེས་རབ་ཟུང་དུ་སྦྲེལ་བའི་བྱམས་སྙིང་རྗེ་ཡིན་པ་རེད། ཅེས་དང་། སྤྱིར་སློབ་ཁྲིད་ཁོ་ན་བྱེད་མཁན་གྱི་དགེ་རྒན་དང་། སློབ་མའི་ཤེས་ཡོན་དང་མ་འོངས་མདུན་ལམ་སོགས་ལ་སེམས་ཁུར་བྱེད་མཁན་གྱི་དགེ་རྒན་དབར་ལ་ཁྱད་པར་ཆེན་པོ་ཡོད་ཅིང་། དགེ་རྒན་ཕྱི་མ་དེས་སློབ་མར་ཐུགས་ཕན་ཆེན་པོ་གསོ་ཡི་ཡོད་སྐོར་སོགས་བཀའ་སློབ་སྩལ་གནང་མཛད་འདུག

མཇུག་ཏུ་༧གོང་ས་མཆོག་གིས། ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་རྣམ་དཔྱོད་ཁོ་ནར་ཤུགས་བསྐྱོན་གྱི་ཡོད་པ་དང་། ཤེས་ཡོན་དེ་ཉིད་འགྲོ་བ་མིའི་ཆེད་དུ་ཡིན་པ་མ་ཟད། བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་རིགས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་དུས། ད་ལྟའི་ཤེས་ཡོན་དེ་བྱམས་སྙིང་རྗེའི་ཤེས་ཡོན་དང་མཉམ་འབྲེལ་བྱ་དགོས་པ་རེད། བྱམས་སྙིང་རྗེ་ཟེར་བ་དེ་ཆོས་དད་པ་ཡོད་མེད་ཀྱི་སྐད་ཆ་མ་རེད། དེ་ནི་ཞི་ཞིང་བདེ་བའི་བསམ་བློ་བསྐྱེད་ཐབས་ཆེད་དུ་རེད། ཅེས་དང་། ཁོང་ཁྲོ་ནི་སེམས་ཀྱི་ཞི་བདེ་དཀྲུག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། བྱམས་སྙིང་རྗེ་ནི་སེམས་ལ་ཞི་བདེ་ཡོང་བའི་རྒྱུ་གཙོ་བོ་དེ་ཡིན་སྐོར་སོགས་གསུངས་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese