མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་མ་འོངས་པ་ནི་ང་ཚོའི་ལག་ཏུ་ཡོད་ཅེས་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་འཚོག་ལ་ཉེ་བ་དང་བསྟུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སའི་གོ་ལ་འདི་ནི་ང་ཚོའི་ཁྱིམ་གཞི་གཅིག་པུ་དེ་ཡིན་པས་སོ་སོའི་ཁྱིམ་ཚང་ངམ་སྡོད་ཤག་ལ་བདག་པོ་རྒྱག་བཞིན་པ་ལྟར་འཁུར་འཁུར་ལེན་དགོས་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༡༢ བར་ཉིན་གྲངས་ ༡༣ རིང་དབྱིན་ཇིའི་མངའ་ཁོངས་སི་ཁོ་ཊི་ལན་ཌིའི་གྲོང་ཁྱེར་གྷ་ལ་སི་ཁོ་ (Glasgow) རུ་འཚོག་གཏན་ཁེལ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ COP26 ཞེས་པ་དང་བསྟུན། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད་འཛམ་གླིང་འདིའི་མ་འོངས་པ་ཇི་ལྟར་འགྱུར་མིན་དེ་ང་ཚོའི་ལག་པར་ཡོད་པས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་དགོས་པའི་བརྙན་ལམ་གསུང་འཕྲིན་ཞིག་ཡོངས་ཁྱབ་ཏུ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཞུང་འབྲེལ་སྤྱི་ཚོགས་བརྒྱུད་ལམ་སྟེང་སྤེལ་བའི་བརྙན་ལམ་གསུང་འཕྲིན་ནང་མགོན་པོ་མཆོག་གིས། གོ་ལའི་ཚ་དྲོད་འཕེལ་བ་དེ་གནས་ཚུལ་ཛ་དྲག་པོ་ཞིག་རེད། ང་ཚོས་དེར་དོ་སྣང་ཆེ་ཙམ་བྱེད་དགོས། དུས་ཚོད་ནི་ནམ་ཡང་འགག་རྒྱུ་མེད་པ་ཞིག་ཡིན་པས། ང་ཚོ་ཡང་རང་བཞིན་གྱིས་དེའི་ཆ་ཤས་སུ་གཏོགས་པ་ཡིན། འདས་པ་ནི་གལ་ཆེན་པོ་ཡིན་ནའང། དེ་ནི་འདས་ཟིན་པ་ཞིག་ཡིན་པས། ང་ཚོས་འདས་པ་ལས་བློ་སྐྱེད་བླང་རྒྱུ་ཙམ་ལས་འདས་པར་འགྱུར་གཏོང་བའི་ནུས་པ་གང་ཡང་མེད། ཡིན་ནའང་། མ་འོངས་པ་ཇི་ལྟར་འགྱུར་མིན་དེ་ང་ཚོའི་ལག་ཏུ་ཡོད་པ་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། བོད་ནི་མ་མཐར་ཡང་ཨེ་ཤ་ཡའི་གླིང་ཆེན་གྱི་ཆུའི་འབྱུང་ཁུངས་ལྟེ་བ་དེ་ཡིན། དཔེར་ན་པ་ཀི་སི་ཐན་ནང་གི་སེངྒེ་གཙང་པོ་ནས་བཟུང་སྟེ་རྒྱ་གར་གྱི་ཆུ་བོ་གངྒཱ་ནས་ཡར་ཀླུང་གཙང་པོ་དང་། རྒྱ་ནག་ཏུ་བཞུར་བཞིན་པའི་རྨ་ཆུ་དང་། ཝི་ཐི་ནམ་དུ་བཞུར་གྱིན་པའི་རྫ་ཆུ་བཅས་ཨེ་ཤ་ཡའི་ཆུ་བོ་ཆེ་ཁག་ཚང་མའི་འབྱུང་ཁུངས་བོད་རེད། དེར་བརྟེན་ང་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དོ་སྣང་ཆེ་བ་སྤྲོད་དགོས་ཀྱི་འདུག འདི་ནི་བོད་མི་ས་ཡ་ ༦ ནས་ ༧ བར་ཡོད་པ་དེ་དག་རྐྱང་པའི་དོན་དུ་མ་ཡིན་པར། ཨེ་ཤ་ཡའི་ས་ཁུལ་དེ་དག་གི་མི་ཡོངས་རྫོགས་ཀྱི་ཆེད་དུ་ཡིན། ཞེས་དང་། ཆ་སྙོམས་བྱས་ན་ང་ཚོའི་ཚེ་ཚད་ནི་ལོ་བརྒྱ་སྐོར་ཞིག་ཡིན་པས། ང་ཚོའི་དུས་རབས་འདི་ལ་དོ་ཁུར་ནན་པོ་ཞིག་བྱེད་དགོས་ངེས་རེད། ང་རང་ནི་དགེ་སློང་ཞིག་ཡིན་པས་ང་ལ་བུ་ཕྲུག་མེད་རུང་། སོ་སོའི་བུ་རབས་ཚ་བརྒྱུད་ཡོད་པའི་མི་རྣམས་ཀྱིས། ཁོང་ཚོའི་མ་འོངས་པའི་ཆེད་དུ་གཟབ་ནན་གྱིས་འགན་ཁུར་ཆེན་པོ་ལེན་དགོས། དེར་བརྟེན་སོ་སོའི་ཁྱིམ་ཚང་ངམ་སྡོད་ཤག་ལ་བདག་པོ་རྒྱག་པ་བཞིན། ང་ཚོ་ཚང་མར་འགན་ཁུར་ཞིག་ཡོད་པ་རེད། འཕྲུལ་རིག་ལ་བརྟེན་ནས་ང་ཚོ་ཟླ་བའི་ནང་ལས་སླ་པོ་བྱས་ནས་འགྲོ་ཐུབ་ཀྱི་ཡོད་ལ། གཟའ་སྐར་མིག་དམར་དང་དེ་མིན་གྱི་གཟའ་སྐར་གཞན་དུའང་འགྲོ་ཐུབ་ཀྱི་ཡོད། འོན་ཀྱང་གཟའ་སྐར་དེ་དག་ནང་ང་ཚོ་འཚོ་སྡོད་བྱེད་ཐབས་མེད་པ་ཧ་ལམ་མངོན་གསལ་རེད། དེར་བརྟེན། འཛམ་གླིང་འདི་ནི་ང་ཚོའི་ཁྱིམ་གཞི་གཅིག་པུ་དེ་ཡིན་པ་རེད། ཅེས་གསུངས་གནང་འདུག

ད་ཐེངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གསུང་འཕྲིན་ནང་བོད་ཀྱི་སྣོད་བཅུད་ཁོར་ཡུག་དེ་ཉིད་གལ་འགངས་ཆེ་བའི་བཀའ་སློབ་སྩལ་གནང་ཡོད་པ་ལྟར། འདས་པའི་བདུན་ཕྲག་འགའ་ཤས་ནང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་བོད་ཀྱི་ཁོར་ཡུག་གནས་ཚུལ་དེ་ཉིད། རྒྱལ་ཚོགས་ཀྱི་ཚོགས་ཆེན་ལྟ་བུའི་སྡིངས་ཆའི་ཐོག་གླེང་སློང་དགོས་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་གི་གནད་དོན་ལྟེ་བར་འཛིན་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese