མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པའི་ཚོགས་ཆེན་སྟེང་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པའི་ཚོགས་ཆེན་སྟེང་སྲིད་སྐྱོང་མཆོག་གིས་རྒྱ་ནག་ལ་སྲིད་དང་དཔལ་འབྱོར། དམག་བཅས་ཀྱི་སྟོབས་ཤུགས་ལྡན་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་པར་བརྟེན། ད་ལྟ་རྒྱ་ནག་གཞུང་ངོས་ནས་འགྱུར་བཅོས་གཏོང་བའི་དུས་ཚོད་ཡིན་པ་མ་ཟད། གལ་ཏེ་འཛམ་གླིང་གི་མགོ་ཁྲིད་བྱ་འདོད་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་སྐོར་གསུངས་ཡོད་འདུགདེ་རིང་ནས་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་རྒྱལ་ས་རོམ་དུ། ཨ་རི་དང་རྒྱ་ནག་ཚུད་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ (G20 Summit) ཡི་ཚོགས་འདུ་ཐེངས་ ༡༦ པ་དེ་འཚོག་གི་ཡོད་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༩ ཉིན་གྲོང་ཁྱེར་རོམ་དུ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ལས་གྲུབ་པའི་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པས་ (Inter-Parliamentary Alliance on China) གོ་སྒྲིག་ཞུས་པའི་ཚོགས་འདུའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནད་ཞུ་གནང་བ་ལྟར་མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། ཐའེ་ཝན་དང་ཧོང་ཀོང་བ་རྣམས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ད་ལྟའི་དུས་རབས་འདིར་འཛམ་གླིང་ནང་སྒེར་གཅོད་རིང་ལུགས་གནས་ཐབས་མེད་པའི་སྐོར་ནས་གླེང་སློང་གནང་ཡོད་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་ཚོགས་ཐོག་ཏུ། གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པ་དེ་ཉིད་གསར་འཛུགས་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་དང་། ད་བར་བོད་མི་དང་ལྷོ་སོག་མི་མང་། དེ་བཞིན་ཧོང་ཀོང་དང་ཡུ་གུར་མི་མང་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གཞུང་གི་དབང་ཆ་གཅིག་བསྡུས་རིང་ལུགས་ལ་ཁ་གཏད་གཅོག་རྒྱུའི་སྡིངས་ཆ་དེ་ཙམ་བྱུང་མེད་པ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། འགྲོ་བ་མི་རྣམས་སྐྱེ་བའི་དུས་ནས་རང་དབང་ཡོད་ལ། ཁོང་ཚོར་བསམ་བློ་དང་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་པ་རེད། དེར་བརྟེན་དུས་རབས་ཉེར་གཅིག་འདིར་འཛམ་གླིང་ནང་སྒེར་གཅོད་རིང་ལུགས་ཡོང་ཐབས་མེད་པ་རེད། རྒྱལ་ཁབ་ ༢༠ ཡི་ཚོགས་ཁོངས་གྲས་སུ་ཡོད་པའི་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་རང་གི་རྒྱལ་ཁབ་ཁོ་ན་རང་དབང་ཡོད་པས་ཆོག་གི་མེད། འཛམ་གླིང་འདི་འགྲོ་བ་མི་རྣམས་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་གནས་པའི་སྤྱི་ཚོགས་ཤིག་རེད། ཁྱེད་ཚོས་རང་གི་རྒྱལ་ཁབ་ནང་མཐོང་ཆེན་བྱེད་བཞིན་པའི་འགྲོ་བ་མིའི་རིན་ཐང་རྣམས་རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་བཙན་འོག་ཏུ་ཡོད་པའི་མི་མང་རྣམས་ལའང་དགོས་མཁོ་ཡོད། ཅེས་གསུངས་འདུག

ཡང་བོད་ནང་གི་ཁོར་ཡུག་གནས་སྟངས་ཀྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། རྒྱལ་ཁབ་ ༢༠ ཡི་ཚོགས་འདུའི་སྟེང་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གླེང་སློང་བྱ་འཆར་ཡོད་སྟབས། རྒྱ་ནག་གི་ཁོར་ཡུག་ཚན་རིག་པ་ཚོས་བོད་མཐོ་སྒང་འདི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལྟར་བྱེད་དོན་ཡང་བོད་ནང་ས་འོག་དར་ཁ་ཕོན་ཆེན་ཡོད་པའི་རྐྱེན་གྱིས་ཡིན་ཞིང་། ས་འོག་དར་ཁ་དེ་ཉིད་ཨེ་ཤ་ཡའི་ནང་གི་ཆུ་མོ་ཕལ་ཆེ་བའི་འབྱུང་ཁུངས་ཆགས་ཡོད་དུས། རྒྱ་ནག་ངོས་ནས་ཁོར་ཡུག་གི་གནད་དོན་དང་གནམ་གཤིས་འགྱུར་ལྡོག་ཐད་སྟངས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་སྔར་བས་ཕྱི་གསལ་ནང་གསལ་དགོས་པ་ཡིན། དེ་བཞིན་ཕྱོགས་གཅིག་ནས་རྒྱ་ནག་གིས་རང་ཉིད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྣེ་ཁྲིད་པ་ཞིག་ཆགས་འདོད་བྱེད་ཀྱི་ཡོད་ནའང་། ཕྱོགས་གཞན་ནས་ཁོ་ཚོས་བོད་དང་ས་ཁུལ་གཞན་ནང་བྱ་བ་ག་རེ་སྤེལ་གྱི་ཡོད་མེད་ཁ་གསལ་མེད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྣམས་ཀྱི་ངོ་བོ་རྩ་བརླག་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་དུས་རྒྱུན་སྤྱི་ཚོགས་འཆམ་མཐུན་ཞེས་བཤད་ཀྱི་ཡོད་ནའང་། རྒྱུ་མཚན་གང་ཡང་མེད་པར་རྒྱ་གར་གྱི་ས་མཚམས་དང་ལྷོ་རྒྱ་ནག་རྒྱ་མཚོ་ནས་ཐའེ་ཝན་བར་རྩོད་རྙོག་སློང་བཞིན་པ་དེར་ངོས་ལེན་བྱེད་ཐབས་མེད་པ་མ་ཟད། གལ་ཏེ་རྒྱ་ནག་འཛམ་གླིང་གི་མགོ་ཁྲིད་བྱ་འདོད་ཡོད་ཚེ་བྱ་སྤྱོད་དེ་རིགས་ངེས་པར་མཚམས་འཇོག་དགོས་པ་དང་། རྒྱ་ནག་ལ་སྲིད་དོན་དང་། དམག་དོན། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ལྡན་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་པར་བརྟེན། ད་ལྟ་རྒྱ་ནག་གཞུང་ངོས་ནས་འགྱུར་བཅོས་གཏོང་བའི་དུས་ཚོད་ཡིན་པ་མ་ཟད། གལ་ཏེ་འཛམ་གླིང་གི་མགོ་ཁྲིད་བྱ་འདོད་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་སྐོར་གསུངས་ཡོད་འདུགཁ་སང་གི་ཚོགས་འདུ་དེ་བཞིན་རྒྱལ་ཁབ་ ༢༠ ཡི་ཚོགས་ཁོངས་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་པས་རྒྱ་ནག་གཞུང་ལ་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པའི་རེ་འདུན་འདོན་ཆེན་ཡིན་པ་ལྟར། ཚོགས་ཐོག་དེར་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པའི་ཚོགས་མི་ཙམ་དུ་མ་ཟད། ཡུ་གུར་མི་མང་གི་སྐུ་ཚབ་དང་ད་ལྟ་དབྱིན་ཡུལ་ནང་སྐྱབས་བཅོལ་དུ་ཡོད་པའི་ཧོང་ཀོང་ཉི་གདུགས་གསར་བརྗེའི་སྣེ་ཁྲིད་པ་དང་གྲོས་ཚོགས་འཐུས་མི་ནཱ་ཐན་ལའོ་ (Nathan Law) སོགས་ཀྱིས་གཏམ་བཤད་སྤེལ་སོང་ལ། གྲོས་ཚོགས་འཐུས་མིའི་མནའ་འབྲེལ་མཐུན་ཚོགས་ངོས་ནས་ཕྱིའི་རྒྱལ་ཁབ་རྣམས་ཀྱིས་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། རྒྱའི་མི་སེར་རྣམས་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང་བྱ་འགུལ་ལ་བརྟེན་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་མིང་ཐོག་ནས་རྒྱ་ནག་གཞུང་ལ་རྩིས་སྤྲོད་མི་བྱ་རྒྱུའི་རེ་སྐུལ་ཞུས་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དང་། ཚོགས་གཙོ། སྲིད་སྐྱོང་ཚུད་པའི་ཡུ་གུར་བའི་ལས་འགུལ་བ་བཅས་ལའང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་མི་བྱ་རྒྱུའི་ལག་ཁྱེར་ (DO NOT EXTRADITE CARDS) ཡང་ཕུལ་ཡོད་འདུག

ཁ་སང་གི་ཚོགས་འདུ་དང་འབྲེལ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་སྐོར་ཞིག་གིས་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བརྙན་ཐུང་ཞིག་སྤེལ་བའི་ནང་། ལོ་གཅིག་གོང་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པ་འདི་བཞིན་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ལྟ་ཕྱོགས་འགྱུར་བ་གཏོང་ཆེད་བཙུགས་པ་ཞིག་ཡིན་ལ། ད་ལྟ་ཚོགས་པ་འདི་གཞི་འཛམ་གླིང་ཡོངས་ལ་ཁྱབ་བཞིན་ཡོད། ཚོགས་པ་འདིའི་དམིགས་ཡུལ་ནི་ད་ལྟ་ཁ་ཚ་དགོས་གཏུག་ཆགས་ཡོད་སྟབས། ཚང་མས་གཅིག་སྒྲིལ་གྱིས་སྲུང་སྐྱོབ་དང་སྣེ་ཁྲིད་ཀྱི་ཕྱོགས་སུ་བསྐྱོད་དགོས། འདི་ནི་དོན་དམ་པའི་མགོ་ཁྲིད་ཅིག་ཡིན། ང་ཚོས་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ངོས་ནས་དེ་ལྟར་བྱ་རྒྱུའི་རེ་བ་བྱེད་དགོས་ལ། རེ་བ་བཞིན་ལེགས་གྲུབ་མ་བྱུང་བར་དུ་ང་ཚོས་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན། ཞེས་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་མཚོན་པའི་བྱ་སྤྱོད་དེ་དག་ནི་འགྲོ་བ་མིའི་རིགས་སྤྱི་ལ་ཉེན་ཁ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་གནས་སྡོད་ས་ཁུལ་ནས་བོད་དང་། ཧོང་ཀོང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་ལ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བཙན་བཀོལ་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་གྱིས་ཐའེ་ཝན་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་དང་། རྒྱལ་ཁབ་ ༢༠ ཡི་ཚོགས་ཁོངས་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་དམངས་གཙོའི་རིན་ཐང་སྲུང་སྐྱོབ་བྱ་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་མེག་ནི་སི་ཀིའི་འགྲོ་བ་མིའི་ཐོབ་ཐང་གི་དཔལ་འབྱོར་ཉེས་ཆད་ (Magnitsky-Style Human Rights Sanction) གཅོད་དགོས་སྐོར་སོགས་ཀྱི་སྐུལ་འདེད་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༣ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༤ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese