མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཧི་མ་ཅལ་གྱི་བློན་ཆེན་ཟུར་བ་ཞིག་སྐུ་གྲོངས་པར་ཐུགས་གསོ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་གྱི་བློན་ཆེན་ཟུར་བ་ཞིག་འདས་གྲོངས་སུ་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཞུས་གནང་ཡོད་པ་རེད།

ད་ལྟའི་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་སུད་སིའི་ནང་ཡོད་པའི་སྐབས་འདིར། ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨེམ་སི་(AIIMS)སྨན་ཁང་དུ་བོད་དོན་རྒྱབ་སྐྱོར་བ་ཧི་མ་ཅལ་མངའ་སྡེའི་ཟ་འབྲུ་དང་སྐྱེལ་འདྲེན་བློན་ཆེན་ཟུར་བ་གུ་རུ་མུག་སིང་བྷ་ལི་མཆོག་དགུང་གྲངས་ ༦༧ ཐོག་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་སྟབས། དེ་རིང་སྲིད་སྐྱོང་མཆོག་ཊུ་ཝ་ཊར་བརྒྱུད་བློན་ཆེན་དམ་པ་ཁོང་འདས་གྲོངས་སུ་ཕྱིན་པར་ཤུལ་ལུས་ནང་མི་དང་སྤུན་གྲོགས་འཁོར་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་གནང་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  བློན་ཆེན་དམ་པ་གུ་རུ་མུག་སིང་བྷ་ལི་མཆོག་དགུང་གྲངས་ ༦༧ ཐོག་རྐྱེན་འདས་སུ་ཕྱིན་པར་བློ་ཕམ་བྱུང་། དམ་པ་ཁོང་ཧི་མ་ཅལ་གྱི་བློན་ཆེན་ཡིན་སྐབས། ཧི་མ་ཅལ་མངའ་སྡེའི་ནང་གནས་པའི་བོད་མིའི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་ཡག་པོ་གནང་ཡོད། དེར་བརྟེན། ང་ཚོ་བོད་མི་ཚོས་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་ཧི་མ་ཅལ་གྱི་མི་མང་ལ་ཡིད་སྐྱོ་བའི་སྐབས་འདིར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་གསུངས་འདུག

བློན་ཆེན་དམ་པ་གུ་རུ་མུག་སིང་བྷ་ལི་མཆོག་ནི་༧གོང་ས་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རྣམས་ལ་ཐུགས་ཐག་ཉེ་བོའི་ཐོག་ནས་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་ཞིག་ཡིན་འདུག ཕྱི་ལོ་ ༢༠༡༤ ལོ་ནི་བཀའ་ཤག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོར་སྲུང་གཙི་ཞུས་ཡོད་པ་ལྟར། ལོ་དེའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བློན་ཆེན་དམ་པ་ཁོང་སྐུ་མགྲོན་གཙོ་བོར་ཆེད་བཅར་གནང་སྟེ།  ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུས་མངའ་སྡེའི་གཞུང་དམངས་གཉིས་ནས་༸གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད་ལ། མངའ་སྡེའི་མི་མང་གིས་༸གོང་ས་མཆོག་ནམ་ཡང་མངའ་སྡེ་འདིའི་ནང་བཞུགས་པར་གསོལ་འདེབས་ཞུ་ཡི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༥ ་ཟླ་ ༦ ཚེས་ ༢༡ ཉིན་ནི་༸གོང་ས་མཆོག་བོད་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་དགའ་སྟོན་གྱི་ཉིན་མོ་ཡིན་སྟབས། ཧི་མ་ཅལ་མི་མང་གིས་ཉིན་མོ་གལ་ཆེན་དེར་རེ་སྒུག་བྱེད་ཀྱིན་ཡོད་སྐོར་དང་། སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་དང་བསྟུན་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཟས་རིགས་བདེ་འཇགས་ཀྱི་སྲིད་ཇུས་(The National Food Security Act)ཞེས་པའི་ཟས་རིགས་གཟིགས་སྐྱོང་(Ration)འོག ཧི་མ་ཅལ་ནང་གནས་སྡོད་བོད་མི་ཚང་མས་གྲོ་ཀེ་ལོ་གཅིག་ལ་ཧིན་སྒོར་ ༢ དང་། འབྲས་ཀེ་ལོ་གཅིག་ལ་ཧིན་སྒོར་ ༣ བྱས་ཏེ་ཉོ་ཆོག་པའི་ཐོབ་ཐང་གནང་བ་དང་། དེ་བཞིན་དྷ་ཤོད་ནས་མེག་ལོར་བར་གྱི་གཞུང་ལམ་བཟོ་བར་ཧིན་སྒོར་འབུམ་ ༣༠༠ གཏོང་འཆར་ཡོད་ལུགས། བློན་ཆེན་མཆོག་སྐུ་སྒེར་ནས་བོད་ཁྱིམ་སློབ་གྲྭ་ཁག་ལ་ཧིན་སྒོར་འབུམ་ ༡ ཞལ་འདེབས་སུ་གནང་རྒྱུའི་ཞལ་བཞེས་གནང་བ་སོགས་བཙན་བྱོལ་བོད་མི་རྣམས་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་འདུག

དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༤ ཟླ་ ༧ ཚེས་ ༢༧ ཉིན་ཧི་མ་ཅལ་ཀང་ར་རྫོང་ཁོངས་སུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༨ ནས་༢༠༡༢ བར་དུ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༣ ལོར་ཧི་མ་ཅལ་མངའ་སྡེའི་ཟ་འབྲུ་དང་སྐྱེལ་འདྲེན་བློན་ཆེན་དུ་བསྐོ་བཞག་བྱུང་ཡོད་འདུག དེ་བཞིན་ཁོང་ནི་ཧི་མ་ཅལ་གྱི་སྤྱི་ཚོགས་ཡར་རྒྱས་ལ་དམིགས་པའི་(Himachal Nagrik Sudhar Sabha)ཚོགས་པ་གསར་འཛུགས་གནང་མཁན་དང་། ཧི་མ་ཅལ་སྤྱི་ཚོགས་མཉམ་འབྲེལ་མཐུན་ཚོགས་(Himachal Social Bodies Federation)ཀྱི་ཚོགས་གཙོ་སོགས་གནང་མྱོང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese