མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སེམས་ཁམས་རིག་པ་བ་ཞིག་སྐུ་གྲོངས་བར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སེམས་ཁམས་རིག་པ་བ་སྨན་པ་ཨཱ་རོན་བྷིག་ལགས་དགུང་གྲངས་ ༡༠༠ ཐོག་སྐུ་གྲོངས་ཡོད་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཤུལ་ལུས་རྣམ་པས་དམ་པ་ཁོང་གི་རླབས་ཆེན་གྱི་བྱ་བཞག་རྣམས་རྒྱུན་འཁྱོངས་གནང་སྟེ་རྗེས་དྲན་ཞུ་དགོས་པའི་གསུང་འཕྲིན་སྩལ་འདུག

14th the Dalai Lama and Dr. Aaron T. Beck. Photo © 2019 Beck Institute for Cognitive Behavior Therapy

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་སེམས་ཁམས་རིག་པ་བ་དང་སྨན་པ་ཨཱ་རོན་བྷིག་(Aaron Beck)ལགས་སྐུ་གྲོངས་ཡོད་སྟབས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨཱ་རོན་བྷིག་དམ་པའི་སྲས་མོ་ལྕམ་ཇུ་ཌི་ཐི་(Judith S. Beck)ལགས་སུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། སྐུ་ཉིད་ཀྱི་ཡབ་དམ་པ་དེ་ཉིད་སྐུ་འཚོ་བཞུགས་རིང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་ཅེས་དང་། ཁྱེད་རང་གིས་མཁྱེན་གསལ་ལྟར་དམ་པ་ཁོང་དང་ངོས་རང་གཉིས་ཐེངས་མང་ཐུག་མྱོང་ཡོད། དེ་ཡང་ངོས་རང་ཧྥི་ལཱ་ཌིལ་ཧྥི་ཡ་ (Philadelphia) ས་གནས་སུ་ཡོད་པའི་དམ་པ་ཁོང་གི་ནང་དུ་ཐུག་འཕྲད་དུ་ཕྱིན་ཡོད་པ་དང་། ངོས་གཉིས་ཕན་ཚུན་སེམས་ཁམས་འཕྲོད་བསྟེན་གྱི་སྐོར་དང་མི་མང་ལ་བདེ་སྐྱིད་གང་འདྲ་སྦྱིན་ཐུབ་པ་ནས་འདོད་བློ་ཚིམ་པའི་མི་ཚེ་གང་འདྲ་སྐྱེལ་ཐུབ་ཀྱི་ཡོད་མེད་སྐོར་གླེང་སློང་ཟབ་པོ་གནང་མྱོང་ཡོད། དེ་བཞིན་ངོས་ཀྱིས། དམ་པ་ཁོང་གིས་སེམས་ཁམས་འཕྲོད་བསྟེན་ཐོག་ལ་དམིགས་བསལ་ཞབས་འདེགས་ཞུས་པར་ཡི་རང་དང་བསྔགས་བརྗོད་གནང་གི་ཡོད་སྐོར་གསུངས་འདུག

གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དམ་པ་ཁོང་དང་ཁྱེད་གཉིས་མཉམ་འབྲེལ་་གྱིས་ (Beck Institute for Cognitive Behavior Therapy) གསར་འཛུགས་བྱས་ཡོད་པ་དེ་ཡིས། དམ་པ་ཁོང་གིས་བྱ་གཞག་རླབས་ཆེན་གནང་བ་རྣམས་མུ་མཐུད་དུ་གཙིགས་སུ་འཛིན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅིང་། ཁོང་གི་མི་ཚེ་དྲན་གསོ་ཞུ་སྟངས་དང་ཁོང་ལ་ཕྱག་རྟགས་ལེགས་ཤོས་ནི་དམ་པ་ཁོང་གི་རླབས་ཆེན་བྱ་བཞག་རྣམས་རྒྱུན་འཁྱོངས་གནང་ཐུབ་པ་དེ་ཡིན་སྐོར་གསུངས་འདུག

ཨ་རིའི་སེམས་ཁམས་རིག་པ་བ་ཨཱ་རོན་བྷིག་ལགས་ནི་ཡུག་རན་ནས་ཨ་རིའི་མངའ་སྡེ་རོ་ཌི་ཨེ་ལན་ཌི་(Rhode Island)ནང་སྐྱབས་བཅོལ་དུ་ཡོང་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཨ་རིའི་བྷི་རོན་གཙུག་ལག་སློབ་ཆེན་དང་ཡལ་སྨན་གྱི་མཐོ་སློབ་ནས་སློབ་མཐར་ཕྱིན་ཞིང་། དབང་རྩའི་མ་ལག་ཐོག་ཆེད་ལས་གནང་སྟེ་པན་སི་ཝེ་ནི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། རང་ཤི་འགོག་སྲུང་ལྟེ་གནས་(Center for the Treatment and Prevention of Suicide)ནང་ཐུགས་འགན་བཞེས་ཡོད་པ་མ་ཟད། ཁོང་གི་བུ་མོ་ཇུ་ཌི་ཐི་ལགས་དང་མཉམ་འབྲེལ་གྱིས་བྷིག་སྤྱོད་ལམ་དཔྱད་བཅོས་ཀྱི་ལྟེ་གནས་(Beck Institute for Cognitive Behavior Therapy)ཞེས་པ་ཞིག་ཆེད་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཕྱི་གནང་མུས་ཡིན་འདུག

ཨ་རིའི་སེམས་ཁམས་རིག་པ་བ་ཨཱ་རོན་བྷེག་ལགས་ནི་ཡུག་རན་ནས་ཨ་རིའི་མངའ་སྡེ་རོ་ཌི་ཨེ་ལན་ཌི་ (Rhode Island) ནང་སྐྱབས་བཅོལ་དུ་ཡོང་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཨ་རིའི་བྷི་རོན་གཙུག་ལག་སློབ་ཆེན་དང་ཡལ་སྨན་གྱི་མཐོ་སློབ་ནས་སློབ་མཐར་ཕྱིན་ཞིང་། དབང་རྩ་རིག་པའི་ཐོག་ཆེད་ལས་གནང་སྟེ་པན་སི་ཝེ་ནི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གནང་ཡོད་པ་དང་། དེ་བཞིན་རང་ཤི་འགོག་སྲུང་ལྟེ་གནས་ (Centre for the Treatment and Prevention of Suicide) ནང་ཐུགས་འགན་བཞེས་ཡོད་པ་མ་ཟད། ཁོང་གི་བུ་མོ་ཇུ་ཌི་ཐི་ལགས་དང་མཉམ་འབྲེལ་གྱིས་བྷིག་སྤྱོད་ལམ་དཔྱད་བཅོས་ཀྱི་ལྟེ་གནས་ (Beck Institute for Cognitive Behavior Therapy) ཞེས་པ་ཞིག་ཆེད་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཞུས་མུས་ཡིན་འདུག

ཕྱི་ལོ་ ༢༠༠༤ ལོར་སྐུ་ཞབས་ཨཱ་རོན་བྷེག་ལགས་ལ་ (University of Louisville Grawemeyer Award for Psychology) སེམས་ཁམས་རིག་པའི་གཟེངས་རྟགས་དང་ (Hienz Award)། ཕྱི་ལོ་ ༢༠༠༦ ལོར་ (Lasker-DeBakey Clinical Medical Research Award) གཟེངས་རྟགས་བཅས་ཐོབ། དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་ (Bell of Hope) དང་ (Sigmund Freud)། (Scholarship and Research)གཟེངས་རྟགས་སོགས་ཐོབ་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. དཀར་མཚོ་སྐྱིད says:
    ལོ་ 4 སྔོན།

    མཇུག་གི་དུམ་མཚམས་གཉིས་པ་དེར་དེ་ཙམ་བསྐྱར་བཀོད་བྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese