མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གཉིས་རིང་གི་གསུང་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་པས་དེ་དངོས་གནས་དྲང་གནས་ཀྱིས་ལག་ལེན་བསྟར་ན་ཁ་ཡོད་ལག་ཡོད་ཀྱིས་འབྲས་བུ་ལག་མཐིལ་དུ་བསླེབས་པ་ཞིག་ཡོང་གི་ཡོད་རེད་ཅེས་ཨུ་རུ་སུའི་དད་ལྡན་དོན་གཉེར་ཅན་རྣམས་ལ་བཀའ་སློབ་གནང་སོང་།

དེ་རིང་ཨུ་རུ་སུའི་དད་ལྡན་དོན་གཉེར་ཅན་རྣམས་གཙོ་བོར་དམིགས་པའི་དྲ་ལམ་གསུང་ཆོས་ཉིན་གཉིས་པར༧གོང་ས་མཆོག་གིས། ཉོན་མོངས་དུག་གསུམ་དེ་ང་ཚོའི་སེམས་སུ་རང་ཆས་སུ་ཡོད་པ་མ་རེད། དཔེར་ན། ང་རང་ཚོའི་དུག་གསུམ་གྱི་འགལ་ཟླའི་བློ་དེ་དག་ལ་ང་ཚོས་བསམ་བློ་བཏང་ནས་བློ་ལ་ཉམས་མྱོང་བསྐྱེད་རྒྱུ་འདུག  བློ་ཁག་གཉིས་པོ་འདི་གཅིག་གི་གཅིག་ལ་འགལ་བ་ཡོད་པ་ཞིག་ཡིན་དུས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཟེར་བ་དེའི་ལྡོག་ཕྱོགས་ཀྱི་བློ་ཡོད་པ་དང་། ལྡོག་ཕྱོགས་ཀྱི་བློ་དེ་ལ་བསམ་བློ་གཏང་ན། ཉོན་མོངས་ལ་རྒྱུ་མཚན་མེད་པ་ཞིག་དང་གློ་བུར་དུ་ཆགས་སྡང་གི་བློ་བསྐྱེད་པ་རེད་མ་གཏོགས་ཉོན་མོངས་ཀྱིས་ཆགས་སྡང་སྐྱེས་པར་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་ཡིན་པར་བརྟེན། ཉོན་མོངས་ཟེར་བ་འདིར་བསམ་བློ་བཏང་ན་ཁུངས་སྐྱེལ་མེད་ཅིང་གློ་བུར་དུ་ཚེ་རབས་ནས་ཚེ་རབས་སུ་གོམས་པའི་དབང་གིས་ཉོན་མོངས་བསླེབས་པ་ཞིག་རེད། དེ་ལ་གཉེན་པོ་ཞིག་ཡོད་རེད་ལ་གཉེན་པོ་བསྟེན་པ་ཡིན་ན་ཉོན་མོངས་ཀྱི་ཤུགས་ཆུང་དུ་ཆུང་དུ་འགྲོ་རྒྱུ་ཡོད་པ་དེ་ང་ཚོས་གང་ལ་གང་འཚམས་ཤེས་ཐུབ་ཀྱི་འདུག  དེར་བརྟེན། ལས་ཀྱི་ཀུན་འབྱུང་དང་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་ཟེར་བ་དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་དང་གཉེན་པོའི་ཕྱོགས་ལ་གོམས་ན་ཉོན་མོངས་པའི་བློ་འདི་རིམ་གྱིས་ཤུགས་ཆུང་དུ་འགྲོ་རྒྱུ་ཡོད་པ་རེད། འགོག་པ་སྔོན་དུ་བྱ་ཟེར་བ་དེར་བསམ་བློ་གཏིང་ཟབ་པོ་གཏོང་དགོས་ཀྱི་ཡོད་རེད། དེ་ཡང་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཡིན་པ་དང་དེའི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་དེ་མ་རིག་པ་ཡིན་པ་ཤེས་ཡོང་དུས། དེ་ལ་གཉེན་པོ་བསྟེན་ནས་སྤོང་རྒྱུ་ཡོད་པའི་བསམ་བློ་དེ་བློ་ལ་ཤར་ཡོང་དུས་ལམ་སྒོམ་པར་བྱ་བ་དེ་ཆགས་ཀྱི་ཡོད་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་དང་ང་རང་ཚོ་མི་ཚང་མར་བྱམས་བརྩེ་འཕེལ་གྱི་ཡོད་པ་རེད། སངས་རྒྱས་པའི་ཆོས་འདི་དཀོན་མཆོག་ལ་སྨོན་ལམ་བཏབ་པ་གཅིག་པུ་མིན་པར་སེམས་ལ་བཟོ་བཅོས་བརྒྱག་རྒྱུ་ཡོད་པ་དེ་ཞིབ་ཚགས་པོའི་ཐོག་ནས་གསུང་གི་འདུག  དེའི་རྗེས་སུ་འབྲངས་ནས་རྒྱ་གར་གྱི་ནཱ་ལེནྜའི་ཆོས་སུ་བསམ་བློ་བཏང་ནས་ཀུན་འབྱུང་སྤང་པའི་འགོག་བདེན་སྒྲུབ་པའི་སྐོར་ལ་ཞིབ་ཚགས་པོ་དང་གསལ་པོ་གསུང་གི་འདུག  ལྷག་པར་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིག་མཛོད་དང་རྩ་བ་ཤེས་རབ་དེ་དག་ཞེ་དྲགས་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོ་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་ཡོངས་རྫོགས་བདེན་བཞིའི་སྒོ་ནས་གསུང་ཡོང་གི་འདུག དེར་བརྟེན་ང་རང་ཚོས་སྨོན་ལམ་འདེབས་པ་ཙམ་མིན་པར་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད། སློབ་སྦྱོང་བྱེད་དུས་ཐོག་མར་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། སེམས་བྱུང་གི་ཤེས་རབ་བསྐྱེད་ནས་སེམས་ལ་ངེས་པ་ཐོབ་པ་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་སྒོམ་བྱུང་གི་ཉམས་མྱོང་བསྐྱེད་པ་སོགས་ཐོས་བསམ་སྒོམ་གསུམ་གྱི་འགྲོ་སྟངས་དེ་འདྲ་རེད། ངོས་རང་གིས་ཆུང་བྱིས་པའི་དུས་ནས་དཔེ་ཆ་བསླབས་ཏེ་བསམ་བློ་བཏང་ཡོད་རེད། བསམ་བློ་གཏོང་དུས་དངོས་གནས་དྲང་གནས་ཀྱིས་ངོས་རང་ལོ་ ༦༠ དང་ ༧༠ གོང་གི་བསམ་བློ་གཏོང་སྟངས་དང་ད་ལྟའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བ་གསལ་པོ་འདུག  དེར་བརྟེན་ངོས་ཀྱིས། ཁྱེད་རང་ཚོ་ཨུ་རུ་སུའི་ཆོས་གྲོགས་ཚོས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ནང་ཆོས་ལ་སློབ་སྦྱོང་སྦྱང་དགོས་ཤིང་། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་པ་དང་དེ་ལ་དངོས་གནས་ཀྱིས་ལག་ལེན་བསྟར་ན་ཁ་ཡོད་ལག་ཡོད་ཀྱིས་འབྲས་བུ་ལག་མཐིལ་དུ་བསླེབས་པ་ཞིག་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་མོ་སི་ཁོར་རྟེན་གཞི་བྱས་ཡོད་པའི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ནས་ཆོས་ཞུ་བ་ (Iiya Bershin) ལགས་ཀྱིས་རྣམ་གཡེང་དང་འདོད་ཆགས་ཤུགས་ཆེ་བའི་སྤྱི་ཚོགས་འདིའི་ནང་དུ་བསམ་བློ་ཆོས་ཀྱིས་འཛིན་པར་བྱས་ནས་ཉམས་སུ་ལེན་ཚུལ་གང་འདྲ་ཡིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། སོ་ཐར་ནས་ཁྱིམ་ནས་ཁྱིམ་དུ་རབ་ཏུ་བྱུང་སྟེ་འགྲོ་སྟངས་བྱས་ནས་གཅིག་གསུང་གི་ཡོད་རེད། བྱང་ཆུབ་སེམས་པའི་སྡེ་སྣོད་ནས་ཀྱང་ཁྱིམ་ཚང་ཡོད་པ་བྱས་ནས་འགྲོ་མཁན་ཡོད་པ་རེད། དེ་སྔ་བོད་ཀྱི་ཉམས་ལེན་པ་མང་པོ་ཞིག་དཔེར་ན། མར་པ་ལོ་ཙ་བ་ཁོང་རང་གི་ཁྱིམ་ཚང་རྫིག་པོ་ཞིག་ལ་བཞུགས་ཀྱི་འདུག ཁོང་གིས་གཙོ་བོ་ནང་བསམ་བློའི་ཐོག་ནས་བསམ་བློ་བཏང་སྟེ་རྣམ་གཡེང་དང་ཞེན་ཆགས་རྩ་བ་ནས་མེད་པར་འཚོ་བ་བརྟེན་སྟངས་དེ་འདྲ་བྱས་ནས་འགྲོ་ཡི་ཡོད་པ་རེད། དེར་བརྟེན། ཆོས་དེ་གཙོ་བོ་བསམ་བློའི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན་དུས་རིགས་གཅིག་གིས་ཁྱིམ་ནས་ཁྱིམ་དུ་རབ་ཏུ་བྱུང་སྟེ་འགྲོ་བ་གཅིག་དང་། ཡང་རིགས་གཅིག་གིས་སོ་སོའི་ལས་ཀ་ག་རེ་བྱེད་ཀྱི་ཡོད་རུང་ཁོ་རང་གིས་མུ་མཐུད་དུ་ལས་ཀ་བྱས་པའི་ཐོག་ལ་གཙོ་བོ་སེམས་ཀྱི་སྦྱོང་བརྡར་བྱས་ནས་འགྲོ་བ་ཞིག་རེད། ཅེས་སོགས་བཀའ་ལན་གནང་སྟེ་ཉིན་གཉིས་རིང་གི་གསུང་ཆོས་ལེགས་པར་གྲུབ་སོང་།

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (The Foreign Correspondents Club) ཞེས་པའི་ཚོགས་པ་དང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་སེམས་བཟང་གི་བློ་སྦྱོང་ཚུལ་ (Cultivating a Good Heart) སྐོར་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་རྒྱལ་ཡོངས་རང་བྱུང་གནོད་སྐྱོན་འགོག་སྲུང་ལྷན་ཁང་ (The National Institute of Disaster Management, MHA, GOI) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦིར་རྫལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་པཱ་ལ་སི་ཨ་ཐེ་ན་ (Palas Athena) ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་ (Educating the Heart in the New Millennium) ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་བཀའ་སློབ་སྩལ་གནང་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༤ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

མཆན། 1

  1. Asanga says:
    ལོ་ 4 སྔོན།

    ང་ཚོ་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་ཡོངས་རྫོགས་བདེན་བཞིའི་སྒོ་ནས་གསུང་ཡོང་གི་འདུག དེར་བརྟེན་ང་རང་ཚོས་སྨོན་ལམ་འདེབས་པ་ཙམ་མིན་པར་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད། སློབ་སྦྱོང་བྱེད་དུས་ཐོག་མར་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། སེམས་བྱུང་གི་ཤེས་རབ་བསྐྱེད་ནས་སེམས་ལ་ངེས་པ་ཐོབ་པ་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་སྒོམ་བྱུང་གི་ཉམས་མྱོང་བསྐྱེད་པ་སོགས་ཐོས་བསམ་སྒོམ་གསུམ་གྱི་འགྲོ་སྟངས་དེ་འདྲ་རེད། ངོས་རང་གིས་ཆུང་བྱིས་པའི་དུས་ནས་དཔེ་ཆ་བསླབས་ཏེ་བསམ་བློ་བཏང་ཡོད་རེད། བསམ་བློ་གཏོང་དུས་དངོས་གནས་དྲང་གནས་ཀྱིས་ངོས་རང་ལོ་ ༦༠ དང་ ༧༠ གོང་གི་བསམ་བློ་གཏོང་སྟངས་དང་ད་ལྟའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བ་གསལ་པོ་འདུག དེར་བརྟེན་ངོས་ཀྱིས། ཁྱེད་རང་ཚོ་ཨུ་རུ་སུའི་ཆོས་གྲོགས་ཚོས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ནང་ཆོས་ལ་སློབ་སྦྱོང་སྦྱང་དགོས་ཤིང་། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་པ་དང་དེ་ལ་དངོས་གནས་ཀྱིས་ལག་ལེན་བསྟར་ན་ཁ་ཡོད་ལག་ཡོད་ཀྱིས་འབྲས་བུ་ལག་མཐིལ་དུ་བསླེབས་པ་ཞིག་ཡོང་གི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese