མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་སྐུ་ཚེའི་ནང་དམིགས་བསལ་གྱིས་འགྱོད་པ་སྐྱེ་དགོས་པ་གང་ཡང་མེད་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བྱམས་སྙིང་རྗེ་ཞེས་པ་དེ་ནི་མི་སྒེར་སོ་སོའི་མི་ཚེ་ཞི་བདེ་བག་ཕེབས་དང་སེམས་པ་བདེ་ཞིང་སྐྱིད་པ་ཡོང་རྒྱུ་དང་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་ཡོད་པར་བརྟེན་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་སྤྱི་དང་སེམས་ཅན་ཐམས་ཅད་ལ་དགོས་མཁོ་ཡོད་པ་ཞིག་ཡིན་སྐོར་བཀའ་སློབ་གནང་སོང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (The Foreign Correspondents Club) ཞེས་པའི་ཚོགས་པ་དང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་ཐད་གཏོང་བརྒྱུད་སེམས་བཟང་གི་བློ་སྦྱོང་ཚུལ་ (Cultivating a Good Heart) ཞེས་པའི་བརྗོད་གཞིའི་ཐོག་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་གནང་སོང་། ཐོག་མར་༧གོང་ས་མཆོག་གིས། གཞི་རྩའི་ཐོག་ནས་བྱམས་སྙིང་རྗེ་དང་གཞན་ཕན་ཐོག་བརྩེ་བ་དང་སྙིང་རྗེ་ཟེར་བ་ནི་རང་ཆས་སུ་ཡོད་པའི་ཡོན་ཏན་ཆགས་ཀྱི་ཡོད་པ་རེད། འགྲོ་བ་སེམས་ཅན་གྱི་རིགས་ཁ་ཤས་ཤིིག་སྐྱེ་གནས་ཀྱི་རང་བཞིན་གྱིས་མའི་བྱམས་བརྩེ་ཡིས་བསྐྱངས་པ་མ་ཡིན་པ་དེ་འདྲ་ཡིན་ན་ཏོག་ཙམ་དམིགས་བསལ་ལྟ་བུ་ཆགས་ཀྱི་ཡོད་རེད། སྤྱིར་བཏང་དེ་མིན་པའི་ང་རང་ཚོའི་འཛམ་བུ་གླིང་འདིའི་ནང་སྐྱེས་པའི་འགྲོ་བ་ཕལ་མོ་ཆེ་ནི་མ་ལ་བརྟེན་ནས་སྐྱེས་པ་ཤ་སྟག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ཕུང་པོའི་འགྲོ་སྟངས་ཀྱི་ཆ་ནས་བརྩེ་བའི་རང་བཞིན་དེ་དག་ཡོད་པ་རེད། དཔེར་ན། ཐོག་མར་སོ་སོ་བཙས་པ་ནས་བཟུང་མའི་བརྩེ་བས་མ་བསྐྱངས་པ་ཡིན་ན། ཧ་ལམ་སྲོག་འཚོ་ཐུབ་རྒྱུ་མེད་པ་ཞིག་རེད། དེར་བརྟེན། སོ་སོ་བཙས་པ་ནས་བཟུང་མའི་བརྩེ་བས་བསྐྱངས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཚན་རིག་པ་རིགས་ཁ་ཤས་ཤིག་གིས། སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གང་ཡིན་པ་དེ་དག་རང་འཚོ་བ་གཞན་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་སྐོར་གསུང་གི་ཡོད་རེད། འདི་ནི་ང་རང་ཚོའི་རང་བཞིན་ཆགས་ཀྱི་ཡོད་པ་རེད།གཞན་ལ་ལྟོས་དགོས་ཀྱི་ཡོད་པར་བརྟེན་རང་བཞིན་ལྷན་སྐྱེས་ལ་གཞན་ཕན་གྱི་བརྩེ་བ་ཞིག་ཡོང་གི་ཡོད་རེད། འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གྱི་ནང་ཚན་ཆགས་ཀྱི་ཡོད་པར་བརྟེན། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས། ཐོག་མར་མའི་མངལ་དུ་གནས་བཞིན་པའི་ཕྲུ་གུ་ཞིག་ཡིན་ནའང། མའི་བསམ་པའི་ལྷོད་གཡང་དང་ཞི་བདེ་བག་ཕེབས་དེ་པུ་གུ་དེའི་འབྱུང་འགྱུར་གྱི་བསམ་བློའི་གནས་སྟངས་ལ་འབྲེལ་བ་ཏན་ཏན་ཡོད་རེད། དེར་བརྟེན་བྱམས་སྙིང་རྗེ་ཟེར་བ་དེ། ང་རང་ཚོ་རང་ཉིད་འཚོ་བའི་གཞི་རྟེན་ཆགས་ཀྱི་ཡོད་པ་རེད། འདི་ནི་ཆོས་ལུགས་དང་དམིགས་བསལ་གྱི་འབྲེལ་བ་མེད་པ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ང་རང་ཚོ་སོ་སོའི་ཉམས་མྱོང་ལ་གཞི་བཞག་པ་ཡིན་ན། མའི་མངལ་ནས་སྐྱེས་ཚར་བའི་ཕྲུ་གུ་ལོ་ ༥ དང་ ༦ ཟིན་པའི་སྐབས་སུ། རང་བཞིན་གྱིས་སོ་སོ་སྡོད་སའི་ཁོར་ཡུག་དེའི་ནང་སྐྱིད་སྣང་གི་འཚོ་བ་བསྐྲུན་ཐུབ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ཕྲུ་གུ་ལོ་ ༦ དང་ ༧ ཟིན་པ་གཅིག་གི་ངོ་གདོང་ལ་འཛུམ་མདངས་མེད་ཅིང་ཁྲོས་བསྡད་པའི་རྣམ་འགྱུར་ཞིག་ཡོད་ན། ཕྲུ་གུ་དེའི་ཁོར་ཡུག་ལ་བརྟེན་ནས་གདོང་པའི་རྣམ་འགྱུར་མི་ལེགས་པ་ཡོད་པ་འདི་རང་བཞིན་གྱིས་མིའི་གྲས་ནས་ཕར་འབུད་པ་དང་ཟུར་དུ་ལྷག་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་རང་ཚོ་རང་ཉིད་ཀྱི་སྲོག་འཚོ་བ་དང་མི་ཚེ་བདེ་སྐྱིད་དང་ལྡན་པ་ཡོང་རྒྱུ་དེ་རང་གང་དུ་སྡོད་སའི་སྤྱི་ཚོགས་ལ་བརྟེན་ནས་ཡོང་གི་ཡོད་རེད། ང་རང་ཚོའི་གཞི་རྩའི་རང་བཞིན་ཞིག་ཡིན་ཙང་ང་ཚོ་ཚང་མ་ལ་བརྩེ་བ་སྙིང་རྗེ་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཆ་ཚང་གིས་བྱམས་སྙིང་རྗེའི་བསླབ་བྱ་གསུང་གི་ཡོད་རེད། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་མི་འདྲ་བ་འདི་དག་ལ་ལྟ་གྲུབ་སོ་སོར་ཡོད་ཀྱང་། ལྟ་གྲུབ་ཀྱི་སྒྲུབ་དོན་བསླབ་བྱ་དེ་བྱམས་སྙིང་རྗེའི་བསླབ་བྱ་གསུངས་པ་གཅིག་གྱུར་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་རང་ཚོ་འགྲོ་བ་མི་རྣམས་ཀྱིས་བསླབ་བྱ་དེ་དག་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ལ། བསླབ་བྱ་དེ་ང་རང་ཚོར་ཕན་རླབས་ཆེན་པོ་ཡོད་པར་བརྟེན། ཆོས་ལུགས་ཚོས་བསླབ་བྱ་དེ་དག་གསུང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཆོས་ལུགས་ཀྱི་ལྟ་གྲུབ་རྩ་བ་ཉིད་ནས་མེད་མཁན་གྱི་མི་ལ་བྱམས་སྙིང་རྗེ་ལ་འབྲེལ་བ་ཡོད་མེད་སྐོར་༧གོང་ས་མཆོག་གིས།  ཆོས་ལུགས་ཀྱི་ལྟ་གྲུབ་རྩ་བ་ཉིད་ནས་མེད་མཁན་གྱི་འགྲོ་བ་དེ་དག་གི་མི་ཚེའི་ནང་བྱམས་སྙིང་རྗེར་འབྲེལ་བ་ཏན་ཏན་ཆགས་ཀྱི་ཡོད་རེད། རྒྱུ་མཚན་ནི། ཁོ་རང་ཚོའང་སྲོག་འཚོ་དགོས་མཁན་ཞིག་ཡིན་པ་དང་བརྩེ་བར་བརྟེན་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡང་བྱམས་སྙིང་རྗེ་ཟེར་བ་ནི་ང་རང་ཚོ་སོ་སོའི་བདེ་སྐྱིད་དང་སྲོག་འཚོ་བའི་གཞི་རྟེན་ཆགས་ཀྱི་ཡོད་པར་བརྟེན་འབྲེལ་བ་ཏན་ཏན་ཡོད་རེད། དེ་ལྟར་ཞུས་ན་ལེན་པོ་ཡོད་ཀྱི་མ་རེད། འོན་ཀྱང་། དངོས་ཡོད་གནས་ཚུལ་ལ། ངོས་རང་ལ་གྲོགས་པོ་དང་གྲོགས་མོ་ངོ་ཤེས་པ་མང་པོ་ཡོད། ཤར་ཕྱོགས་པ་དང་ནུབ་ཕྱོགས་པ། ད་དུང་ལྷོ་ཕྱོགས་པ་དང་བྱང་ཕྱོགས་པ་ལ་སོགས་པའི་ས་ཁུལ་གང་དུ་ཕྱིན་ནའང་ངོས་རང་གིས་དབྱེ་བ་ཕྱེ་ཡི་མེད། ད་དུང་མི་རིགས་ཀྱི་དབྱེ་བ་མི་འདྲ་བ་དང་མི་རིགས་ཀྱི་མདོག་མི་འདྲ་བ། དེ་བཞིན་ཆོས་ལུགས་མི་འདྲ་བ་ལ་སོགས་པ་གང་འདྲ་ཞིག་ཡོད་ནའང་། ངའི་ངོས་ནས་དབྱེ་བ་རྩ་བ་ཉིད་ནས་ཕྱེ་ཡི་མེད་ཅིང་ཆ་ཚང་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། དེར་བརྟེན། ངོས་རང་གིས་སོ་སོའི་ཉམས་མྱོང་གི་ངོས་ནས་ཞུས་ན། ས་ཆ་ག་པར་ཕྱིན་ནའང་མི་མང་པོ་ཞིག་གིས་འཛུམ་མདངས་ཀྱི་རྣམ་འགྱུར་དང་བརྩེ་བའི་རྣམ་འགྱུར་སོགས་ཉེ་བོ་ཡོད་པའི་བྱམས་བརྩེའི་རྣམ་འགྱུར་ཞིག་སྟོན་ཡོང་གི་འདུག  གལ་སྲིད་ཏཱ་ལའི་བླ་མའི་ཞལ་རས་ཁྲོ་གཉེར་ཅན་ཞིག་ཡོད་ན་དེ་འདྲའི་གྲོགས་པོ་གྲོགས་མོ་མང་པོ་ཡོང་གི་རེད་བསམ་གྱི་མི་འདུག  འོན་ཀྱང་། ད་ལྟ་ངོས་ཀྱི་གདོང་ལ་དུས་རྟག་ཏུ་འཛུམ་མདངས་ཀྱི་རྣམ་པ་ཡོད་པ་དང་གཞན་ལའང་གད་མོ་འཚེར་འཚེར་བྱས་ནས་རྣམ་འགྱུར་སྟོན་གྱི་ཡོད་པར་བརྟེན། ཆོས་ལུགས་ཡོད་མེད་སུ་འདྲ་ཞིག་ཡིན་རུང་་ངོས་ལ་དགའ་མོས་ཞེ་དྲགས་བྱེད་ཀྱི་འདུག་པར་བརྟེན། གཞན་ཕན་གྱི་བརྩེ་བ་དང་སྙིང་རྗེ་ཟེར་བ་འདི་ཞེ་དྲགས་གལ་ཆེན་པོ་རེད། བྱམས་སྙིང་རྗེ་ཟེར་བ་འདི་ཆོས་ཁས་ལེན་མཁན་ལ་འབྲེལ་བ་ཡོད་པ་དང་ཆོས་ཁས་མི་ལེན་མཁན་ལ་འབྲེལ་བ་མེད་པ་དེ་འདྲ་མ་རེད། ཆ་ཚང་ལ་འབྲེལ་བ་ཡོད་རེད། ལྷག་པར་དུ་དུད་འགྲོ་སེམས་ཅན་ལ་ཡིན་ནའང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དཔེར་ན། ཁྱི་ལྟ་བུར་ཆ་བཞག་ན། ང་ཚོས་བརྩེ་བའི་རྣམ་པ་བསྟན་ན་ཁྱིའི་མཇུག་མ་གཡུག་ཡོང་གི་འདུག  ཁྱི་ལྟ་བུ་ལའང་གདོང་པ་ནག་པོ་དང་ཁོང་ཁྲོ་བསྟན་པ་ཡིན་ན། མཇུག་མ་བཀུམ་ནས་སྐྲག་འགྲོ་མཁན་ཆགས་འགྲོ་ཡི་འདུག དེར་བརྟེན། ཆོས་ལུགས་ལ་འབྲེལ་བ་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། ང་རང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པར་བརྟེན་སོ་སོའི་དགོས་མཁོ་ཆགས་ཀྱི་ཡོད་པ་རེད། ཅེས་དང་། བྱམས་སྙིང་རྗེ་གལ་ཆེན་པོ་ཡིན་པའི་སྐོར་དང་དེའི་ལག་ལེན་སྐོར་སློབ་གྲྭའི་སློབ་ཚན་ནང་ཡོང་གི་མེད་པས་སྤྱི་ཚོགས་ལ་དཀའ་ངལ་དང་འཐུས་ཤོར་ཡོང་གི་ཡོད་སྟབས། བྱམས་སྙིང་རྗེའི་སྐོར་སློབ་ཚན་ཁག་གི་ནང་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་གནང་སྐབས། ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (Foreign Correspondents Club of Japan, Tokyo)ཀྱི་ཚོགས་མི་ཞིག་གིས། ཧོང་ཀོང་ནང་དུ་གསར་འགོད་པ་མང་པོ་ཞིག་ཡོད་པ་རེད། དེང་སང་ཧོང་ཀོང་དུ་ལས་འགུལ་སྤེལ་ཡོང་དུས་ཁོ་རང་ཚོའི་སྲོག་ལ་ཉེན་ཁ་དང་བཙོན་ཁང་དུ་བཅུག་པ་ལ་སོགས་པའི་དཀའ་ངལ་ཡོད་པ་དང་། དེ་བཞིན་ཧོང་ཀོང་ནང་དུ་སྤྱི་ཚོགས་ཁ་ཡོད་ལག་ཡོད་ཀྱིས་དངངས་སྐྲག་ཆེན་པོ་ཆགས་བཞིན་ཡོད་པའི་གནས་སྟངས་འོག་བདེ་སྐྱིད་དང་ལྡན་པའི་ཐོག་ནས་ག་འདྲ་གནས་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ང་རང་ཚོའི་སློབ་སྦྱོང་གི་ནང་དུ་ང་ཚོའི་སེམས་པ་ཞི་བདེ་བག་ཕེབས་དང་ལྡན་པ་ཡོང་རྒྱུའི་སློབ་སྦྱོང་གི་བརྒྱུད་རིམ་རྩ་བ་ཉིད་ནས་སྦྱངས་མྱོང་མེད་པར་བརྟེན་དཀའ་ངལ་ཡོང་གི་ཡོད་རེད། སྤྱིར་བཏང་ནས་ང་རང་ཚོའི་ནང་གི་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་རིག་པ་གྲུང་པོ་བཟོས་པའི་སློབ་ཚན་མ་གཏོགས་སེམས་པ་བཟང་པོ་བཟོ་བའི་སློབ་སྦྱོང་མེད་པ་རེད། དེར་བརྟེན་ཆོས་ལུགས་ལ་མ་ལྟོས་པར་ནང་གི་བསམ་པ་ཡར་རྒྱས་གཏོང་རྒྱུའི་སློབ་ཚན་ཞིག་སློབ་གྲྭའི་སློབ་ཚན་གྱི་སྡེ་ཚན་ནང་ངེས་པར་དུ་བཅུག་དགོས་ཞུ་དགོས་པའི་རྒྱུ་མཚན་དེ་རེད། དེ་ཡང་སེམས་པ་བཟང་པོ་བཟོ་བའི་སློབ་སྦྱོང་ཏོག་ཙམ་ཡོད་ན་ཁོང་ཁྲོར་གདོང་ལེན་བྱ་རྒྱུའི་གཉེན་པོ་བསྟེན་རྒྱུ་དང་དངངས་སྐྲག་མ་བྱས་པ་སོགས་ཀྱི་ཐབས་ལམ་ཤེས་ཡོང་གི་རེད། དེར་བརྟེན་གནས་སྟངས་དེ་འདྲའི་སྐབས་སུ་བྱམས་སྙིང་རྗེ་ཉམས་ལེན་བྱ་རྒྱུ་ནི་གལ་ཆེན་པོ་ཞེ་དྲགས་རེད། སྐྱེ་བ་ཕྱི་མའི་སྐོར་ཞུ་མི་དགོས་པར་ཚེ་འདི་ལའང་མི་འདི་སེམས་པ་བཟང་པོ་ཡོད་ན། རང་བཞིན་གྱིས་སྐྱིད་པོ་ཡོང་གི་རེད། རྒྱུ་མཚན་ནི་སོ་སོའི་རྒྱུད་ལ་བྱམས་སྙིང་རྗེའི་བསམ་པ་ཡོད་ན། རང་བཞིན་གྱིས་སེམས་ནང་ལ་ཞི་བདེ་ཡོང་གི་རེད་ལ། གཞན་ཕན་གྱི་བརྩེ་བ་དང་སྙིང་རྗེ་ཇི་ཙམ་གྱིས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ནང་གི་སེམས་པའི་ཞི་བདེ་མང་བ་ཡོང་གི་ཡོད་པ་རེད། དེ་ཡང་གལ་སྲིད་གནས་སྟངས་ཛ་དྲག་དང་དཀའ་ངལ་ཆེན་པོ་ཡོད་ནའང་སོ་སོའི་ནང་སེམས་ཀྱི་ཞི་བདེ་མ་བརླགས་པར་གནས་ཐུབ་ཀྱི་ཡོད་སྐོར་དང་། དེང་སང་འཛམ་གླིང་ནང་རྙོག་དྲ་རྫོགས་རྒྱུ་མེད་པ་ཡོད་པ་དེ་ཡང་དཔལ་འབྱོར་གྱི་དཀའ་ངལ་དང་ཆབ་སྲིད་ཀྱི་དཀའ་ངལ། ད་དུང་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་སོགས་མང་པོ་ཡོད་པ་རེད། སྤྱིར་བཏང་སེམས་ཁྲལ་ཡོང་བར་རྒྱུ་རྐྱེན་སྣ་ཚོགས་ཡོད་པར་བརྟེན་སེམས་ཀྱི་ཞི་བདེ་དང་བསམ་བློ་གཏོང་ཕྱོགས་མ་འཁྲུག་པའི་སྒོ་ནས་སྡོད་ཐུབ་རྒྱུ་ནི་གལ་ཆེན་པོ་ཞེ་དྲགས་ཡིན་སྐོར་སོགས་བཀའ་ལན་གནང་སོང་།

ཡང་ཚོགས་ཞུགས་པ་ཞིག་གིས་ད་ལྟ་བར་དུ་འགྱོད་པ་ཆེ་ཤོས་ག་རེ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ངོས་རང་སྒེར་ལ་དམིགས་བསལ་གྱིས་མི་ཚེའི་ནང་འགྱོད་པ་འདི་བྱུང་སོང་དང་འགྲིག་མ་སོང་བསམ་པའི་འགྱོད་པ་མེད། མི་ཚེའི་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་སོ་སོའི་སེམས་ཀྱི་བདེ་བ་མ་བརླགས་པའི་ཐོག འགྲོ་བ་མི་སྤྱིའི་བདེ་སྡུག་ལ་བསམ་བློ་བཏང་དང་གཏོང་བཞིན་ཡོད་པ་དང་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མར་གཉེན་བཤེས་ཀྱི་འདུ་ཤེས་འཛིན་གྱི་ཡོད་པར་བརྟེན། ག་དུས་ཡིན་རུང་སོ་སོ་ཁེར་རྐྱང་གིས་ལྷག་སོང་བསམ་པའི་བསམ་བློ་རྩ་བ་ཉིད་ནས་སྐྱེ་ཡི་མེད། ང་ཚོ་ཚང་མ་གཉེན་བཤེས་རྐྱང་རྐྱང་རེད། དེར་བརྟེན་མི་ཚེའི་ནང་དམིགས་བསལ་གྱིས་འགྱོད་པ་མེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese