མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་སྤྱི་གསར་རྣམས་ཀྱི་ཟབ་སྦྱོང་དབུ་འཛུགས་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནས་སྐབས་བཅུ་བདུན་པའི་སྤྱི་གསར་རྣམས་ལ་ཟབ་སྦྱོང་སྤྲོད་ཀྱི་འདུག

Workshop for the newly 17th parliamentarians of the exiled Tibetan gov’t started from today. Tibettimes Photo. 23. 11. 2021

དེ་རིང་ཕྱི་ཚེས་ ༢༣ ཉིན་ནས་གསར་དུ་འོས་འདེམས་བྱུང་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གསར་བ་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ཤོད་བོད་ཁྱིམ་གྱི་ཉེ་འཁྲིས་ (Angels Inn) གསོལ་མགྲོན་ཁང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེ་འབྲེལ་གྱི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་དབུ་འཛུགས་ཞུས་ཡོད་པ་རེད།

དེ་ཡང་སྐབས་བཅུ་བདུན་པའི་སྤྱི་འཐུས་གསར་བ་རྣམས་ཀྱི་ཟབ་སྦྱོང་གི་དུས་ཡུན་ནི་ཉིན་ལྔའི་རིང་ཡིན་ཞིང་།  ཟབ་སྦྱོང་ནང་བོད་མི་མང་སྤྱི་འཐུས་གསར་རྙིང་གཉིས་ཀྱི་མཉམ་ཞུགས་མཁན་བྱུང་ཡོད་པ་དང་། ཟབ་འཁྲིད་གནང་མཁན་ནི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཡིན་པ་རེད།

ཟབ་སྦྱོང་གི་ལས་རིམ་ལྟར་ན། དེ་རིང་ཕྱི་ཚེས་ ༢༣ དང་ཟབ་སྦྱོང་གི་ཉིན་མཐའ་མ་སྟེ་ཕྱི་ཚེས་ ༢༧ ཉིན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྤྱི་གསར་རྣམས་ལ། གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཕུལ་གནང་གི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སང་ཉིན་ཕྱི་ཚེས་ ༢༤ ཉིན་ནས་ཉིན་གསུམ་རིང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང་། བོད་རྒྱ་འབྲེལ་མོལ་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་དཔལ་འབྱོར་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་། སྔོན་རྩིས་འགྲོ་སྟངས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་སྐོར་ནས་ཟབ་འཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་དབང་།  Carlos Barria/Reuters
Mobile App

ཨ་རྒྱ་ར་གསུམ་གྱི་མགོ་ཁྲིད་ཐུག་འཕྲད་བྱས་ནས་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༢༠
མཆོག་སྤྲུལ་རྡོ་རྗེ་རིན་པོ་ཆེ་མཆོག བོད་ཀྱི་དུས་བབ་ཀྱི་པར།
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་སྟངས་ཁ་གསལ་བཟོ་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༡༡/༢༠
Ratopati གསར་ཁང་གི་པར།
Mobile App

ཨ་ནེ་ཆོས་དབྱིངས་སྒྲོལ་མས་ལུམ་བི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཞོན་གྱི་ལས་འཁུར་མགོ་འཛུགས་བྱས།

༢༠༢༦/༡༡/༡༩
Mobile App

ནང་པ་ཞིག་བྱེད་པར་དམར་ཤོག་ཚོགས་པར་བློ་དཀར་བའི་དམ་བཅའ་འཇོག་དགོས་ཡོད་འདུག

༢༠༢༦/༡༡/༡༩
Front Slider

ཆིག་སྒྲིལ་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་བྱས།

༢༠༢༦/༡༡/༡༩
Front Slider

ཨོ་གླིང་གནས་སྡོད་ཡོན་ཏན་མཐར་ཕྱིན་ལགས་དང་ཁོང་གི་བུ་མོ་དབང་ཆེན་སྒྲོལ་མ་གཉིས་དང་ལྷན་དུ་གླེང་མོལ།

༢༠༢༦/༡༡/༡༩

མཆན། 1

  1. རྣམ་རྒྱལ། says:
    ལོ་ 5 སྔོན།

    བོང་རྒན་འདི་ཚོའི་རྣ་བར་གསེར་བླུགས་ནས་ཕན་པ་ཅི་ཞིག་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese