མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་འཕྲུལ་རིག་བཟོ་སྐྲུན་ཁང་ ༢༧ ཁྲིམས་འགལ་གྱི་ཐོ་ཁོངས་སུ་བཅུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་འཕྲུལ་རིག་བཟོ་སྐྲུན་ཁང་ཉེར་བདུན་ཙམ་ནས་ཨ་རིའི་དམག་དོན་དང་འབྲེལ་བའི་འཕྲུལ་རིག་དཔེ་བཤུ་བྱེད་ཀྱི་ཡོད་པར་བརྟེན། ཨ་རིས་རྒྱ་ནག་གི་འཕྲུལ་རིག་ཚན་རྩལ་ཁང་དེ་དག་ཁྲིམས་འགལ་ལ་ངོས་འཛིན་བྱས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཁ་སང་ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱི་སྲིད་ཀྱི་ལས་དོན་དང་འབྲེལ་ནས་སེམས་འཚབ་སྐྱེ་ཡུལ་ཆགས་པའི་གནས་སྟངས་འོག སླར་ཡང་རྒྱ་ནག་གི་འཕྲུལ་རིགས་བཟོ་གྲྭ་ཁག་ ༢༧ ཨ་རིའི་ཚོང་འབྲེལ་གྱི་ཁྲིམས་འགལ་ཐོ་གཞུང་འོག་བཅུག་ཡོད་པ་རེད།

དེ་འབྲེལ་ཐད་ཨ་རིའི་ཚོང་ལས་སྡེ་ཚན་གྱི་དྲུང་ཡིག་ཆེན་མོ་ཇའེ་ནཱ་ (Gina Raimondo) ལགས་ཀྱིས་བསྒྲགས་གཏམ་སྤེལ་བའི་ནང་། ཁྲིམས་འགལ་ཐོ་གཞུང་གསར་པ་འདི་ཡིས་ཨ་རིའི་འཕྲུལ་ཆས་ཀྱི་རོགས་རམ་འོག་ནས་རྒྱ་ནག་དང་ཨུ་རུ་སུའི་དམག་ཤུགས་འཕེལ་རྒྱས་བཀག་འགོག་བྱེད་ཐུབ་པ་མ་ཟད། ཉེན་སྲུང་མེད་པའི་པ་ཀི་སི་ཐན་གྱི་རྡུལ་མཚོན་ལྟ་བུ་རྒྱལ་སྤྱིའི་རྡུལ་མཚོན་ཁྱབ་གདལ་ཚོད་འཛིན་ལས་བརྒལ་བར་བཀག་འགོག་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ཨ་རི་དང་རྒྱ་ནག་བར་ཐའེ་ཝན་གྱི་གནད་དོན་ཐད་འགལ་ཟླ་ཤུགས་ཆེན་བྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གི་འཕྲལ་རིག་བཟོ་གྲྭ་དེ་དག་གིས་ཨ་རིའི་དམག་དོན་དང་འབྲེལ་བའི་འཕྲུལ་རིག་དག་རྒྱ་ནག་ནང་བཟོ་སྐྲུན་ཐུབ་ཐབས་བྱེད་ཀྱི་ཡོད་པར་བརྟེན། ཨ་རིས་རྒྱ་ནག་གི་འཕྲུལ་རིགས་བཟོ་གྲྭ་དེ་དག་བཀག་བསྡོམས་བྱས་པ་ཡིན་པ་དང་། བཀག་བསྡོམས་བྱས་པའི་བཟོ་གྲྭ་ ༢༧ ཁྲོད། རྒྱ་ནག་གི་བཟོ་གྲྭ་ ༨ དང་། རྒྱ་ནག་དང་པ་ཀི་སི་ཐན་ནང་ལས་དོན་གཉེར་བཞིན་པའི་མི་སྒེར་དང་ཚོགས་སྡེ་ཁག་ ༡༦ དང་། དེ་བཞིན་དུ་ཉི་ཧོང་དང་སིང་གྷ་པོར་བཅས་ཀྱི་ཚོགས་སྡེ་ཁག་ཡོད་འདུག་ལ། ཁྲིམས་འགལ་གྱི་ཐོ་གཞུང་འོག་བཅུག་པའི་ཚོགས་སྡེ་དེ་དག་ནས་ཨ་རི་ནས་ཅ་དངོས་ཉོ་ཚོང་དང་དེ་འབྲེལ་གྱི་མཉམ་ལས་དང་འབྲེལ་བའི་ལས་རིགས་ཡོངས་མཚམས་འཇོག་བྱས་ཡོད་འདུག

གཞན་ཡང་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་དངོས་ཁམས་དང་འཕྲུལ་རིགས་མཐོ་རིམ་སློབ་གཉེར་ཁང་ (Moscow Institute of Physics and Technology) ཟེར་བ་དེ་ཡིས་དམག་གི་འཕྲུལ་རིག་རྒྱ་སྐྱེད་བཏང་བའི་ངོས་འཛིན་འོག ཨ་རིའི་ཁྲིམས་འགལ་གྱི་ཐོ་གཞུང་ནང་བཅུག་ཡོད་འདུག

ཐེངས་འདིར་ཨ་རིས་རྒྱ་ནག་གི་འཕྲུལ་རིག་བཟོ་ལས་ཁང་ཁྲིམས་འགལ་གྱི་ཐོ་གཞུང་ནང་གཡུགས་པ་ཐོག་དང་པོ་མིན་པར། ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ནང་རྒྱ་ནག་གི་འཕྲུལ་ལས་བཟོ་སྐྲུན་ཁང་ཆེ་ཤོས་ཧཱ་ཝེ་ཨ་རིའི་བདེ་འཇགས་གནད་དོན་དང་འབྲེལ་ནས་ཁྲིམས་འགལ་གྱི་ཐོ་གཞུང་ནང་བཅུག་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཅ་དངོས་བཟོ་ལས་ཁང་ཁག་ཅིག་ཀྱང་བཀག་སྡོམ་འོག་བཞག་སྟེ། དེ་དག་གིས་ཨ་རི་དང་ཚོང་འབྲེལ་བྱེད་པར་ཨ་རིའི་གཞུང་ནས་ཆོག་མཆན་དགོས་པར་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ ཉིན་ཨ་རིའི་ཚོང་ལས་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཁག་དང་ཚོགས་པ་ཁག་ཅིག་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་ཤིན་ཅང་དང་ཡུ་གུར་ནང་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་བརྗོད་དེ། རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་དང་ཚོགས་པ་ཁག་ ༢༨ མིང་ཐོ་ནག་པོའི་ནང་དུ་བཅུག་སྟེ། ཚོགས་པ་དེ་དག་གིས་ཨ་རི་ནས་ཅ་དངོས་རིགས་ཉོ་ཚོང་དང་མཉམ་ལས་རིགས་མེད་པར་བཟོས་ཡོད་འདུག

ད་དུང་ཉེ་ལམ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་དངོས་སུ་དྲ་ལམ་ནས་མཇལ་མོལ་ཐེངས་དང་པོ་གནང་སྐབས། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་བོད་དང་ཧོང་ཀོང་། ཡུ་གུར། དེ་བཞིན་ཐའེ་ཝན་སོགས་ཀྱི་གནད་དོན་ཐད་གླེང་སློང་བྱས་ཡོད་ཅིང་། ལྷག་པར་དུ་རྒྱ་གཞུང་གིས་ཐའེ་ཝན་རྒྱལ་ཁབ་ལ་དྲག་དམག་གིས་ལས་འགུལ་མང་པོ་སྤེལ་ནས་ཡུལ་དེའི་རྒྱལ་སྲུང་དང་ཞི་བདེར་རྡོག་རོལ་བཏང་བའི་གནད་དོན་ཐད་སེམས་འཚབ་ཡོད་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese