མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་དང་སི་ཁོ་ཊི་ལན་ཌི་གཉིས་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་ཐབས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཚོན་ཆེད་ཨ་རིའི་གཞུང་འབྲེལ་མི་སྣ་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་ཐོག་མངག་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་དང་འབྲེལ། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་དེ་ལྟར་གནང་དགོས་པའི་འབོད་སྐུལ་ཞུས་པ་བཞིན། དེ་རིང་ཨོ་གླིང་གཞུང་གིས་རྒྱ་ནག་གཞུང་གི་ཉེན་བརྡ་ལ་མ་འཛེམས་པར་པེ་ཅིན་གྱི་ཨོ་རྩེད་འགྲན་ཚོགས་ནང་རང་གི་གཞུང་འབྲེལ་མི་སྣ་རྣམས་མངག་གཏོང་བྱ་རྒྱུ་མིན་པའི་གསལ་བསྒྲགས་བྱས་འདུག

Australian Prime Minister Scott Morrison / AP-Yonhap

དེ་རིང་ཨོ་གླིང་གི་སྲིད་བློན་སྐུ་ཞབས་སི་ཁོ་ཊི་མོ་རི་སོན་ (Scott Morrison) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། ཨོ་གླིང་གཞུང་གི་ཐག་གཅོད་དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། དུས་རྒྱུན་ཨོ་གླིང་ངོས་ནས་རྒྱ་ནག་གཞུང་ལ་གླེང་སློང་བྱེད་བཞིན་པའི་གནད་དོན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། འདས་པའི་ལོ་ཤས་ནང་ཨོ་གླིང་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། ད་ལན་གྱི་ཐག་གཅོད་དེར་ཧང་སང་དགོས་དོན་མེད་ལ། དེ་ནི་ཨོ་གླིང་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ་བླངས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག གཞན་ཡང་ཁོང་གིས། ཨོ་གླིང་ངོས་ནས་རྒྱ་ནག་གཞུང་ལ་གནད་དོན་མང་པོའི་ཐོག་ལ་གླེང་མོལ་ཞུ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ད་བར་ཡ་ལན་ཚད་ལྡན་ཞིག་སྤྲད་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཨོ་གླིང་གི་རྒྱལ་སྲུང་སྟོབས་ཤུགས་མཐོར་འདེགས་ཐད་ལའང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་སྐོར་སོགས་བརྗོད་འདུག

འདས་ལོར་ཨོ་གླིང་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་དགོས་པའི་བསྒྲགས་གཏམ་སྤེལ་བ་མ་ཟད། རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་དེར་ཡོངས་ཁྱབ་ཀྱི་ཐོག་ནས་སྐྱོན་བརྗོད་བྱས་པ། གཞན་ཡང་རྒྱ་ནག་དེ་ཨོ་གླིང་གི་རྒྱལ་སྲུང་བདེ་འཇགས་ཀྱི་ཉེན་ཁ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཨོ་གླིང་གི་ཆབ་སྲིད་དང་སྤྱི་ཚོགས་ནང་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་སོགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་དེར་ཡ་ལན་གྱི་ཚུལ་དུ་ཨོ་གླིང་ནས་རྒྱ་ནག་ཏུ་ནང་འདྲེན་བྱེད་བཞིན་པའི་བལ་དང་། ཆང་། གླང་ཤ་སོགས་ཀྱི་སྒོ་ཁྲལ་སྤར་ཡོད་ལ། རྒྱ་རིགས་སློབ་མ་རྣམས་ཨོ་གླིང་དུ་སློབ་ཆེན་འགྲིམ་རྒྱུ་མེད་པའི་ལམ་སྟོན་བྱས་ཡོད། དེ་ཙམ་དུ་མ་ཟད་ཉེ་ཆར་ཨོ་གླིང་གཞུང་གིས་ཨ་རིའི་ས་ནས་རྡུལ་ཕྲན་གྱི་ནུས་པ་ལྡན་པའི་མཚོ་འོག་གྲུ་གཟིགས་ཤིག་ཉོ་སྒྲུབ་བྱ་རྒྱུའི་གན་རྒྱ་བཞག་པ་དེར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་སོགས་ལ་བརྟེན། འདས་པའི་ལོ་གཉིས་ནང་ཨོ་གླིང་དང་རྒྱ་ནག་གི་ཕྱི་སྲིད་འབྲེལ་ལམ་དེ་ཆེས་ཛ་དྲག་ཏུ་གྱུར་ཡོད་པ་རེད།

Foreign ministry spokesman Zhao Lijian said China would take “resolute counter-measures”. Photo: Chinese foreign ministry

ད་ལྟའི་ཆར་རྒྱ་ནག་དབུས་གཞུང་གིས་ཨོ་གླིང་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་ཐད་ཀར་བྱས་མེད་ནའང་། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅིན་ (Zhao Lijian) ཟེར་བ་དེས་ཨ་རིའི་གཞུང་གིས་རང་གི་གཞུང་འབྲེལ་སྐུ་ཚབ་རྣམས་པེ་ཅིན་དགུན་དུས་ཨོ་རྩེད་ནང་མི་གཏོང་རྒྱུའི་ཐག་གཅོད་དེ་ནི་རྫུན་གཏམ་དང་དཀྲོག་གཏམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ཨ་རིའི་ངོས་ནས་རྩེད་འགྲན་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་བར་ཆད་བཟོ་མི་ཉན་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་དང་རྒྱལ་སྤྱིའི་སྟེང་དུ་མཉམ་འབྲེལ་བྱ་འོས་པའི་གནད་དོན་གལ་ཆེན་གྱི་རིགས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་ཐག་གཅོད་དེར་རྒྱ་ནག་ངོས་ནས་ཡ་ལན་ཏན་ཏན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གཞན་ཡང་སི་ཀོ་ཊི་མན་(The scotsman) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་དབྱིན་ཇིའི་མངའ་ཁོངས་ཀྱི་རྒྱལ་ཁབ་སི་ཁོ་ཊི་ལན་ཌི་(Scotland) ངོས་ནས་ཀྱང་རང་གི་གཞུང་འབྲེལ་སྐུ་ཚབ་རྣམས་རྒྱ་ནག་གི་དགུན་དུས་ཨོ་རྩེད་ནང་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག དེ་ཡང་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་གྷེ་རིར་(Ross Greer) ལགས་ཀྱིས་སི་ཀོ་ཊི་ལན་ཌི་གཞུང་ལ་གནད་དོན་དེའི་ཐད་ཡིག་ཐོག་དྲི་བ་ཕུལ་བའི་ལན་དུ། ཡུལ་དེའི་རྩེད་རིགས་བློན་ཆེན་མ་རི་ཊོཌ་(Maree Todd) ལགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཆེན་པོ་ཡོད་སྐོར་དང་། སི་ཁོ་ཊི་ལན་ཌི་ངོས་ནས་རང་གི་གཞུང་འབྲེལ་མི་སྣ་པེ་ཅིན་གྱི་ཨོ་རྩེད་ལ་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག

Protesters have called for a boycott of the event. Photo: Reuters

ད་ལྟའི་ཆར་ཡོངས་ཁྱབ་ཐོག་ནས་རྒྱ་ནག་གི་ཨོ་རྩེད་ནང་གཞུང་འབྲེལ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱེད་མཁན་གྲས་སུ་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ནི་ཡ་དང་། ནེའུ་ཛི་ལན་ཌི། ཨ་རི། ཨོ་གླིང་། སི་ཀོ་ཊི་ལན་ཌི་བཅས་ཡོད་ཅིང་། ལི་ཐུ་ནི་ཡ་ལྟ་བུར་མཚོན་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་ལི་ཐུ་ནི་ཡ་གཞུང་གིས་ཡུལ་དེའི་ནང་ཐའེ་ཝན་གྱི་དོན་གཅོད་ལས་ཁུངས་དངོས་སུ་སྒོ་ཕྱེས་པར་བརྟེན། ཕྱི་ཉིན་དེར་རྒྱ་ནག་གཞུང་གིས་ལི་ཐུ་ནི་ཡ་གཞུང་དང་ཕྱི་འབྲེལ་གོ་བབ་ཆུང་དུ་བཏང་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཅིང། དེའི་རྗེས་ལི་ཐུ་ནི་ཡ་གཞུང་གིས་པེ་ཅིན་དགུན་དུས་ཨོ་རྩེད་ནང་རང་གི་གཞུང་འབྲེལ་མི་སྣ་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་བྱས་པ་རེད། དེར་བརྟེན་ལི་ཐུ་ནི་ཡ་ནི་རྒྱ་ནག་གི་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན་པ་རེད། ནེའུ་ཛི་ལན་ཌི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འགྲིམ་འགྲུལ་སྟབས་མ་བདེ་བ་བ་གཙོ་བོར་བྱས་པའི་རྒྱུ་མཚན་གཞན་མང་པོ་ཞིག་ལ་བརྟེན་ནས། ཡུལ་དེའི་རྩེད་འགྲན་པ་མ་གཏོགས་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་རྣམས་པེ་ཅིན་གྱི་ཨོ་རྩེད་ལ་བཅར་རྒྱུ་མིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese