མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མ་སངས་རྒྱས་མཚོ་ཀློད་ཡོད་ཀྱང་ནད་པར་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་ནས་ཡིན་པའི་མཐོ་རིམ་སློབ་མ་སངས་རྒྱས་མཚོ་ལགས་ཟླ་བཅུ་ལྷག་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་མ་ཟད་འགྲོ་སྐྱོད་ལའང་དཀའ་ངལ་ཡོད་སྟབས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་འདུག

སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སངས་རྒྱས་མཚོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན་སྐྱེ་རྒུ་མདོ་ཁུལ་ཉེན་རྟོག་པས་སངས་རྒྱས་མཚོ་ལགས་ཀྱི་པ་ལགས་ལ་ཁ་པར་བསླེབས་ཏེ། བུ་མོ་ལེན་དུ་ཡོང་དགོས་པའི་བརྡ་ལན་འབྱོར་བ་ལྟར་སྤུན་མཆེད་ཚོ་ལེན་དུ་ཕྱིན་སྐབས། བུ་མོ་སངས་རྒྱས་མཚོ་སྐྱེ་རྒུ་ཞེན་ཟུང་མགྲོན་ཁང་ཟེར་བའི་ནང་དུ་མོ་རང་གཅིག་པོར་བསྡད་ཡོད་པ་དང་། སྔར་དང་མི་འདྲ་བར་ཁོང་མོའི་གཟུགས་པོ་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་མ་ཟད། འགྲོ་སྐྱོད་ཀྱི་གོམ་པའང་ལས་སླ་བོར་སྤོ་མི་ཐུབ་པའི་ནད་པ་ཞིག་ཏུ་ཡོད་སྟབས། དེ་མ་ཐག་བུ་མོ་སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག

གཅར་རྡུང་བཏང་སྟེ་རྐང་པ་གཉི་ག་བཅག་ནས་ཟི་ལིང་སྨན་ཁང་གཉིས་པར་བསྐྱལ་བའི་གཞོན་ནུ་དགྲ་འདུལ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ཞིག་ལ་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ནང་གི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག རྫ་རི་དཀར་མོའི་དགོང་ཚོགས་ཟེར་བ་ཞིག་གི་སྐད་འཕྲིན་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་བོད་རིགས་གཞོན་ནུ་གསུམ་འཛིན་བཟུང་བྱས་ཏེ་སྐྱེ་རྒུ་མདོའི་སྐྱེས་པ་དང་སྐྱེས་མའི་བཀག་ཉར་ཁང་གཉིས་སུ་བཅུག་ཡོད་པ་དང་། གཞོན་ནུ་ཀན་སྲི་ལགས་ཀྱི་གནས་སྟངས་ད་ལྟའང་ཤེས་རྟོགས་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་དགྲ་འདུལ་ལགས་ཀྱི་ཁྱིམ་མིར་ཁ་པར་འབྱོར་ཏེ། དགྲ་འདུལ་ལགས་ལ་གཤག་བཅོས་ཤིག་བྱེད་དགོས་པས་མི་གཉིས་ལས་མི་མང་བ་ཞིག་ནས་རྒྱ་སྒོར་ཁྲི་ ༤ འཁུར་ནས་ཟི་ལིང་གི་སྨན་ཁང་གཉིས་པའི་ནང་ཡོང་དགོས་པ་དང་། གནས་ཚུལ་དེ་སུ་གཅིག་ལའང་བཤད་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་པ་རེད། ཁྱིམ་མི་རྣམས་སྨན་ཁང་དུ་འབྱོར་སྐབས་དགྲ་འདུལ་ལགས་ཀྱི་རྐང་པ་གཉི་ག་བཅག་སྟེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད།

བུ་མོ་སངས་རྒྱས་མཚོ་ལགས་རྒྱ་ནག་ཀང་ཏུང་ཞིང་ཆེན་གྱི་མཐོ་སློབ་ཅིག་གི་སློབ་མ་ཡིན་ལ། ཀན་སྲི་དང་དགྲ་འདུལ། ཁོང་མོ་བཅས་སྐྱེ་རྒུ་མདོ་ཁུལ་ཁྲི་འདུ་རྫོང་རྫ་དམར་རུ་ཁག་དྲུག་པ་ནས་ཡིན་འདུག

འབྲེལ་ཡོད་གནས་ཚུལ།

བོད་མི་གསུམ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།

བོད་རིགས་སློབ་ཕྲུག་ཅིག་ལ་གཅར་རྡུང་བཏང་སྟེ་རྐང་པ་གཉི་ག་བཅག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༦ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese