མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཉིས་རིང་གི་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཨིན་ཌོ་ནི་ཤི་ཡ་དང་། མ་ལེ་ཤི་ཡ། འབར་མ། ཤྲི་ལངྒ་། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་བ་རྣམས་ལ་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱས་པ་ཁོ་ན་མ་ཡིན་པར་ངེས་པར་དུ་ཐོས་བསམ་སློབ་གཉེར་བྱ་དགོས་སྐོར་བཀའ་སློབ་སྩལ་སོང་།

 དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་གནས་བརྟན་སྡེ་པའི་རྗེས་འབྲངས་བ་རྣམས་ལ་དྲན་པ་ཉེར་བཞག་གི་བཀའ་ཆོས་ཉིན་གཉིས་པ་སྩལ་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་དེ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་དུས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་དོ་སྣང་བྱེད་མཁན་ཡོང་གི་ཡོད། དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་བ་ཚོས། གང་ཐུབ་ཐུབ་ཀྱིས་ཕན་ཚུན་བར་འབྲེལ་བ་ཇེ་དམ་དུ་གཏང་དགོས། ནམ་རྒྱུན་པྰ་ལི་ཡི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཟེར་གྱི་ཡོད་ཀྱང་། སྐབས་རེར་ཕན་ཚུན་འབྲེལ་བ་བྱ་རྒྱུ་ཉུང་དུ་འགྲོ་མུས་ཡིན་པའི་སྣང་བ་བྱུང་བས། ཕན་ཚུན་བགྲོ་གླེང་མང་ཙམ་བྱ་རྒྱུ་བྱུང་ན། ཕན་ཐོགས་གཏན་གཏན་ཡོད་ངེས་རེད། པྰ་ལི་ཡི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་རྣམས་ཕན་ཚུན་ཐུག་འཕྲད་བགྱིས་ནས། ཕན་ཚུན་འབྲེལ་བ་དམ་ཟབ་ཏུ་བཏང་སྟེ། བགྲོ་གླེང་སོགས་བྱ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། ཅེས་གསུངས་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྔོན་ལ་ཉོན་མོངས་བ་མངོན་གྱུར་དེ་དག་གི་མགོ་མནན་ནས། ལུས་ངག་ཡིད་གསུམ་གྱི་ཉེར་སྤྱོད་རགས་པ་གཙོ་བོ་ཞིག་བསྡམས་ནས། གཙོ་བོ་སེམས་ལ་འགྱུར་བ་བཏང་སྟེ། ཏིང་ངེས་འཛིན་གྱི་བསླབ་པའི་གཞི་བྱས་ཏེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་བསྒོམས་ནས། སེམས་ལ་འགྱུར་བ་གཏང་རྒྱུ་དང་། སྔོན་ལ་ལུས་ཀྱི་འདུག་ལུགས་དེ་དག་གིས་རྣམ་སྣང་གི་ཆོས་བདུན་ལྡན་བསྟན་གྱི་ཡོད།  དེ་ནས་གཙོ་བོ་ངག་གི་མདོ་གདོན་རྒྱུ་སོགས་ཡོད་ཀྱང་། གཙོ་བོ་ཡིད་ཀྱིས་བསམ་བློ་བཏང་། དྲན་ཤེས་བརྟན་སླད་བག་ཡོད་བསྟེན་དགོས་པ་དང་། ལུས་ཀྱི་སྤྱོད་ལམ་ལ་དོ་སྣང་གང་ཡང་མེད་པར་རྒྱ་གཡེང་དུ་མི་བཏང་བར་ལུས་ཀྱིས་སྤྱོད་ལམ་གང་བྱས་པ་དང་། ངག་གིས་སྨྲ་བརྗོད་གང་བྱས་པ། གཙོ་བོ་ཡིད་ཀྱི་རྣམ་རྟོག་གང་འགྱུར་བ་དེ་དག་དྲན་ཤེས་ཀྱི་སེམས་པར་འགྲོ་དགོས། ཞེས་གསུངས་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སོ་སོ་ཐར་བའི་མདོ་དེ་གསོ་སྦྱོང་སྐབས་བྲེལ་བ་ཡོད་ན་གླིང་བཞི་ཙམ་གདོན་རྒྱུ་དང་། ལྷོད་ལྷོད་ཡོད་ན་ཚང་མ་གདོན།  སྐུ་གོང་མའི་སྐབས་སུ་དབྱར་གནས་ལ་སོ་སོ་ཐར་བའི་མདོ་རྒྱས་པ་རེ་རེ་གདོན་དགོས་གསུངས་ཡོད་པ་རེད། ངོས་རང་གིས་སོ་སོ་ཐར་བའི་མདོ་དེ་ཆ་ཚང་བློར་འཛིན་བྱས་ནས། མ་མཐའ་ཡང་དབྱར་གནས་ལ་མདོ་རྒྱས་པ་དེ་འདོན་གྱི་ཡོད་པ་དང་། སོ་སོ་ཐར་བའི་མདོ་དེ་གསོ་སྦྱོང་སྐབས་སུ་གདོན་དགོས་པའི་འགྲོ་སྟངས་ཞིག་ཡོད།   ངོས་རང་གིས་སོ་སོ་ཐར་བའི་མདོ་དེ་བློ་ལ་བཟུང་ནས་དེ་སྔ་བོད་དུ་ཚར་གཅིག་གཉིས་ཤིག་བཏོན་ཡོད་པ་དང་། སྐུ་གོང་མས་གདན་ས་ཚོས་དབྱར་གནས་ཁ་ཐུག་ལ་མདོ་རྒྱས་པ་དེ་ངེས་པར་དུ་གདོན་དགོས་པའི་གཏན་འབེབས་གནང་བ་རེད། དབྱར་གནས་སྐབས་སུ་གདན་ས་གསུམ་གྱིས་མཚོན་པའི་གདན་ས་ཆེ་ཁག་ཚོས་མདོ་རྒྱས་པ་དེ་ངག་ཐོག་ནས་འདོན་བསྡད་ཡོད་རེད། དེའི་ནང་དུ་དགེ་སློང་ཚོས་བྱེད་བསྡད་པ་དེ་དག་ཞིབ་ཚགས་པོར་གསུངས་ཡོད་པས། སོ་སོ་ཐར་བའི་མདོ་དེ་བློ་ལ་བཟུང་ནས་མ་མཐའ་ཡང་དབྱར་གནས་སྐབས་སུ་གདོན་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཅེས་གསུངས་བྱུང་།

ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལུས་ཀྱི་དྲན་པ་ཉེར་བཞག་ཟེར་ན། ལུས་ཀྱི་ཐོག་ཏུ་བསམ་བློ་གཏོང་དུས་ལུས་ལ་ཞེན་ཆགས་ཤུགས་ཆུང་དུ་འགྲོ་བ་དང་། གལ་ཆེ་བ་དེ་ཚོར་བ་དྲན་པ་ཉེར་བཞག་རེད། ཚོར་བ་བདེ་བ་ལ་སྲེད་པ་དང་། ཚོར་བ་སྡུག་བསྔལ་ལ་མི་འདོད་པ་རྒྱབ་ཀྱིས་ཕྱོགས་པ། དེ་ལ་བརྟེན་ནས་སེམས་ལ་དངངས་སྐྲག་སྐྱེས་པ་དང་། གཞན་ལ་ཕྲག་དོག་སྐྱེས་ཀྱི་ཡོད་དུས། ཚོར་བ་དྲན་པ་ཉེར་བཞག་ལ་བསམ་བློ་གཏང་དགོས་པ་རེད། ཚོར་བ་བདེ་སྡུག་ལ་བསམ་བློ་གཏོང་དུས་ཚོར་བ་བདེ་བ་ལ་ཞེན་བསྡད་པ་དང་། མཐའ་གཅིག་ཏུ་ཚོར་བ་སྡུག་བསྔལ་ལ་མི་འདོད་པའི་བློ་སྐྱེས་པར་ཤུགས་ཆུང་དུ་གཏང་དགོས། དེ་བཞིན་ཚོར་བ་བདེ་སྡུག་དེ་དག་སེམས་ནང་ནས་ཡོང་གི་ཡོད་དུས། སེམས་དྲན་པ་ཉེར་བཞག་དེ་ཞིབ་ཚགས་སུ་བཏང་ནས་སེམས་ཀྱི་སྟེང་ནས་སྲེད་པའི་ཡུལ་དྭང་དུ་བླང་རྒྱུའི་ཆགས་པ་དང་། སྡུག་བསྔལ་ཡོང་རྒྱུའི་སྡང་བའི་བློ་དེ་དག་དབྱེ་འབྱེད་གཏང་དགོས་པ་དང་། ཆོས་དྲན་པ་ཉེར་བཞག་དེ་ཆགས་སྡང་སྐྱེས་སའི་ཡུལ་དེ་དག་ལ་བསམ་བློ་བཏང་བ་དང། སེམས་བདེ་སྡུག་དེ་དག་ཀྱང་ཞིབ་ཚགས་ཀྱིས་བསམ་བློ་གཏོང་དུས། མཐར་གཏུགས་དབུ་མ་པའི་གཞུང་ནས་གསུངས་པའི་མིང་ཙམ་བཏགས་ཙམ་ཞེས་པ་དེའི་སྒང་དུ་འགྲོ་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

 མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་ཆོས་ནི་དད་པ་གཅིག་པུ་མ་ཡིན་པར། དེའི་འགྲོ་སྟངས་དེ་དག་ལ་བསམ་བློ་གཏང་དགོས་དུས། སྔོན་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ཚང་མས་ཐོས་བསམ་བྱ་རྒྱུ་ཧ་ཅང་གིས་གལ་ཆེན་ཡིན་པས། ཆོས་གྲོགས་ཚོས་པྰ་ལི་ཡི་གཞུང་དང་ལེགས་སྦྱར་གྱི་གཞུང་སོགས་ལ་སློབ་སྦྱོང་མང་ཙམ་གནང་རོགས་ཞུ་རྒྱུ་དང་། ཐོས་བསམ་མ་བྱས་ན། ཐོས་པ་མེད་པའི་སྒོམ་པ་ནི་ལག་རྡུམ་བྲག་ལ་འཛེགས་པ་འདྲ་ཟེར་སྲོལ་ཡོད་པས། ཚང་མས་ཐོས་བསམ་བྱ་དགོས་པའི་ལམ་སྟོན་གནང་སོང་།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་མངའ་སྡེ་ཧ་རི་ཡ་ནར་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཛིན་སྐྱོང་མཐོ་རིམ་སློབ་གཉེར་ཁང་ ( the Indian Institute of

Management ) གི་དགེ་སློབ་རྣམས་ལ་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་སྐོར་ལ་དྲ་ལམ་ནས་བཀའ་སློབ་དང་དྲི་བར་བཀའ་ལན་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་༢༩ ཉིན་དགའ་ལྡན་ཁྲི་ཐོག་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༠༠ བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་དང་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་པ་འདུག

                            གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. asanga says:
    ལོ་ 4 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལུས་ཀྱི་དྲན་པ་ཉེར་བཞག་ཟེར་ན། ལུས་ཀྱི་ཐོག་ཏུ་བསམ་བློ་གཏོང་དུས་ལུས་ལ་ཞེན་ཆགས་ཤུགས་ཆུང་དུ་འགྲོ་བ་དང་། གལ་ཆེ་བ་དེ་ཚོར་བ་དྲན་པ་ཉེར་བཞག་རེད། ཚོར་བ་བདེ་བ་ལ་སྲེད་པ་དང་། ཚོར་བ་སྡུག་བསྔལ་ལ་མི་འདོད་པ་རྒྱབ་ཀྱིས་ཕྱོགས་པ། དེ་ལ་བརྟེན་ནས་སེམས་ལ་དངངས་སྐྲག་སྐྱེས་པ་དང་། གཞན་ལ་ཕྲག་དོག་སྐྱེས་ཀྱི་ཡོད་དུས། ཚོར་བ་དྲན་པ་ཉེར་བཞག་ལ་བསམ་བློ་གཏང་དགོས་པ་རེད། ཚོར་བ་བདེ་སྡུག་ལ་བསམ་བློ་གཏོང་དུས་ཚོར་བ་བདེ་བ་ལ་ཞེན་བསྡད་པ་དང་། མཐའ་གཅིག་ཏུ་ཚོར་བ་སྡུག་བསྔལ་ལ་མི་འདོད་པའི་བློ་སྐྱེས་པར་ཤུགས་ཆུང་དུ་གཏང་དགོས། དེ་བཞིན་ཚོར་བ་བདེ་སྡུག་དེ་དག་སེམས་ནང་ནས་ཡོང་གི་ཡོད་དུས། སེམས་དྲན་པ་ཉེར་བཞག་དེ་ཞིབ་ཚགས་སུ་བཏང་ནས་སེམས་ཀྱི་སྟེང་ནས་སྲེད་པའི་ཡུལ་དྭང་དུ་བླང་རྒྱུའི་ཆགས་པ་དང་། སྡུག་བསྔལ་ཡོང་རྒྱུའི་སྡང་བའི་བློ་དེ་དག་དབྱེ་འབྱེད་གཏང་དགོས་པ་དང་། ཆོས་དྲན་པ་ཉེར་བཞག་དེ་ཆགས་སྡང་སྐྱེས་སའི་ཡུལ་དེ་དག་ལ་བསམ་བློ་བཏང་བ་དང། སེམས་བདེ་སྡུག་དེ་དག་ཀྱང་ཞིབ་ཚགས་ཀྱིས་བསམ་བློ་གཏོང་དུས། མཐར་གཏུགས་དབུ་མ་པའི་གཞུང་ནས་གསུངས་པའི་མིང་ཙམ་བཏགས་ཙམ་ཞེས་པ་དེའི་སྒང་དུ་འགྲོ་བསྡད་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese