མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་དབུས་རྒྱལ་ཁབ་ཁ་ཛག་གི་སི་ཐན་གྱི་ཟིང་འཁྲུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་དབུས་རྒྱལ་ཁབ་ཁ་ཛག་གི་སི་ཐན་ནང་གཞུང་གིས་ས་སྣུམ་གྱི་རིན་གོང་སྤར་བ་དང་བསྟུན། མི་མང་གིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཟིང་འཁྲུག་བྱུང་སྟེ། ད་ལྟ་རྒྱལ་ཁབ་དེའི་མི་རྒྱུ་གཉིས་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཡོད་འདུག

ALMATY, KAZAKHSTAN – JANUARY 5, 2022: A burnt car is seen by the mayors office on fire. Protests are spreading across Kazakhstan over the rising fuel prices; protesters broke into the Almaty mayors office and set it on fire. Valery Sharifulin/TASS (Photo by Valery SharifulinTASS via Getty Images)

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨེ་ཤ་ཡའི་དབུས་རྒྱལ་ཁབ་ཁ་ཛག་གི་སི་ཐན་ནང་། ས་སྣུམ་གྱི་རིན་གོང་སྤར་བ་དང་བསྟུན། ཁ་ཛག་གི་སི་ཐན་གྱི་མི་མང་སྲང་ལམ་དུ་ཐོན་ཏེ་གཞུང་ལ་ཞི་བས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཀྱང་། རིམ་བཞིན་ངོ་རྒོལ་ལས་འགུལ་དེའི་ངོ་བོ་དྲག་པོར་འགྱུར་ཏེ། ལས་འགུལ་བས་གྲོང་ཁྱེར་འདྲ་མིན་ནང་གི་ཁང་བརྩེགས་དང་གཞུང་གི་ལས་ཁུངས་ཁག དེ་བཞིན། སྲིད་འཛིན་ཕོ་བྲང་སོགས་གཏོར་བཅོམ་གྱིས་ཟིང་ཆ་བསླངས་བར་བརྟེན། གཞུང་གིས་རྒྱལ་ཡོངས་ཛ་དྲག་གི་ཉེན་བརྡ་བཏང་སྟེ། ད་སྔ་བར་ལོ་ཆུང་བྱིས་པ་ཚུད་པའི་མི་ཁྱོན་ ༡༦༤ ལྷག་ལ་ཤི་རྐྱེན་ཐེབས་པ་དང་མི་གྲངས་སྟོང་ ༨ ལྷག་འཛིན་བཟུང་བྱས་ཡོད་པ་རེད་ལ། ངོ་རྒོལ་ལས་འགུལ་དེ་ནི་ཕྱི་ལོ་ ༡༩༩༡ ལོར་ཁ་ཛག་གི་སི་ཐན་ལ་རང་བཙན་ཐོབ་རྗེས་ཀྱི་ཟིང་འཁྲུག་ཆེ་ཤོས་སུ་གྱུར་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་མགོ་འཛུགས་ཀྱིས་ངོ་རྒོལ་ལས་འགུལ་བ་སྟོང་ཕྲག་མང་པོས། ཁ་ཛག་གི་སི་ཐན་གྱི་གྲོང་ཁྱེར་ཆེ་གྲས་ (Zhanaozen) དང་གྲོང་ཁྱེར་ (Mangystau)། དེ་བཞིན་(Nur-Sultan)དང་རྒྱལ་ས་(Almaty)སོགས་ཀྱི་སྲང་ལམ་དུ་ཐོན་ཏེ། གཞུང་གི་ལས་ཁུངས་དང་ཁང་བརྩེགས། གྲོང་ཁྱེར་ཁག་གི་ལས་ཁུངས་ལྟེ་བ་དང་སྲིད་འཛིན་གྱི་སྡོད་གནས་སོགས་མེར་སྲེག་དང་གཏོར་བཅོམ་བཏང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་གཞུང་ངོས་ནས་རྒྱལ་ཡོངས་ཛ་དྲག་གི་བཀའ་ཁྱབ་བཏང་སྟེ། ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་ཐབས་བྱས་ཡོད་ཀྱང་། ལས་འགུལ་བའི་ངོ་རྒོལ་སྔར་ལྷག་གིས་ཛ་དྲག་ཏུ་གྱུར་ཡོད་འདུག

ཕྱི་ཚེས་ ༦ ཉིན་ཁ་ཛག་གི་སི་ཐན་གྱི་ (Kassym-Jomart Tokayev) ལགས་བརྙན་འཕྲིན་མདུན་དུ་ཐོན་ནས། འཇིགས་སྐུལ་དྲག་སྤྱོད་པ་དང་ཇག་ཚོགས་ཀྱིས་རྒྱལ་ས་ཨལ་མ་ཊི་(Almaty)ལ་རྒོལ་རྡུང་གིས། གྲོང་ཁྱེར་གྱི་སྡོད་གནས་ཡོངས་གཏོར་བཅོམ་བཏང་བྱུང་བས། ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ཏེ། ང་ཚོའི་རྒྱལ་ཁབ་འདི་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་རྒྱལ་ཡོངས་ཀྱི་མི་མང་སྤྱི་དང་འཛམ་གླིང་མི་མང་ལ་བསྒྲགས་གཏམ་སྤེལ། དེ་རྗེས་ཨུ་རུ་སུས་ཁ་ཛག་གི་སི་ཐན་ལ་དམག་མི་ ༢༠༣༠ དང་དམག་ཆས་ ༢༥༠ ཡི་དཔུང་རོགས་བཏང་བར་བརྟེན།  ཁ་ཛག་གི་སི་ཐན་གཞུང་གིས། གང་བྱུང་ཕྱིར་ཐོན་མཁན་གྱི་མི་མང་ལ་དམག་མིས་མེ་མདའ་རྒྱག་ཆོག་པའི་བཀའ་བསྒྲགས་པ་དང་བསྟུན། དམག་མི་འབོར་ཆེན་འགྲེམས་འཇོག་གིས། ཟིང་འཁྲུག་གི་མགོ་གནོན་ཐུབ་ཙམ་བྱུང་ཡོད་པ་རེད།

ད་རེས་ཀྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་དེའི་ཁྲོད་ཉེན་རྟོག་པ་ ༡༣ འདས་གྲོངས་དང་ ༣༥༣ ལ་རྨས་སྐྱོན་ཕོག་ཡོད་པ་དང་། མི་མང་ ༡༦༤ ལྷག་འདས་གྲོངས་དང་སྟོང་ ༨ ལྷག་འཛིན་བཟུང་བྱས་ཡོད་པ། དེ་བཞིན། ལས་འགུལ་བས་དངུལ་ཁང་དང་རླངས་འཁོར། དེ་བཞིན་གཞུང་གི་ཁང་པ་སོགས་ཡོ་སྒོར་ས་ཡ་ ༡༧༠ ཙམ་གྱི་རྒྱུ་དངོས་གཏོར་བཅོམ་བཏང་ཡོད་འདུག་ལ། ཁ་ཛག་གི་སི་ཐན་གཞུང་གིས་ངོ་རྒོལ་ལས་འགུལ་དེ་ནི་ཕྱིའི་འཇིགས་སྐུལ་དྲག་སྤྱོད་པས་སྐུལ་མ་བཏང་སྟེ་རྒྱལ་ཁབ་ཀྱི་དབང་ཆ་འཕྲོག་ཐབས་བྱས་ཡོད་པའི་སྐྱོན་བརྗོད་དང་སྦྲགས། དེ་སྔའི་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ (Karim Masimov) འཛིན་བཟུང་བྱ་དགོས་པའི་བཀའ་བསྒྲགས་ཡོད་པ་རེད།

Riot police walk to block demonstrators gathering during a protest in Almaty, Kazakhstan, Wednesday, Jan. 5, 2022. Demonstrators denouncing the doubling of prices for liquefied gas have clashed with police in Kazakhstan’s largest city and held protests in about a dozen other cities in the country. (AP Photo/Vladimir Tretyakov)

ཡང་ངོ་རྒོལ་ལས་འགུལ་བ་ཚོས། ངོ་རྒོལ་ལས་འགུལ་གྱི་སྔ་གཞུག་བར་གསུམ་དུ། མི་རྒན་ཁྱོད་ཕྱིར་ཐོན་ཤོག་ཅེས་ཁ་ཛག་གི་སི་ཐན་ལ་རང་བཙན་ཐོབ་པ་ནས་ཕྱི་ལོ་ ༢༠༡༩ བར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྡད་པའི་སྲིད་འཛིན་ཟུར་བ་ནཱོར་སོལ་ཏན་ (Nursultan Nazarbayev) ཟེར་བས་སྲིད་དབང་སྒེར་གཅོད་བྱས་པར་ངོ་རྒོལ་བྱེད་ཀྱིན་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། རྒྱལ་ཡོངས་ངོ་རྒོལ་ལས་འགུལ་དེའི་ཁྲོད། བྱིས་པ་གང་མང་ཞིག་འདས་གྲོངས་སུ་ཕྱིན་པའི་ཐད་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཚོགས་སྡེ་ཁག་གིས་ཁ་ཛག་གི་སི་ཐན་གཞུང་ལ་སྐྱོན་བརྗོད་ཡོད་པ་དང་། ཁ་ཛག་གི་སི་ཐན་དམིགས་བསལ་གཞུང་གིས་གང་བྱུང་མང་ཚོགས་ཁྲོད་མི་མདའ་བརྒྱག་རྒྱུའི་བཀོད་ཁྱབ་སྤེལ་བའི་ཐད་ཨ་རིས་ཁ་ཛག་གི་སི་ཐན་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། དུས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། ཁ་ཛག་གི་སི་ཐན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ད་ལན་གྱི་ཟིང་འཁྲུག་དེའི་ཁྲོད་ཐོག་མའི་འཆར་ངོ་རྒོལ་ལས་འགུལ་བས། གཞུང་གིས་སྣུམ་གྱི་རིན་གོང་སྤར་བར་འདོད་པ་མེད་པའི་རྣམ་འགྱུར་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ཕྱིས་སུ་གཞུང་ངོས་ནས་སྣུམ་གོང་རང་སོར་བཞག་ཡོད་ནའང་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བར་བརྟེན། ཁ་སང་ཁ་ཛག་གི་སི་ཐན་གྱི་དམག་མི་དང་ཨུ་རུ་སུའི་དམག་མི་གཉིས་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སླར་གསོ་ཐུབ་ཡོད་པ་ཡོངས་བསྒྲགས་བྱས་འདུག ཁ་ཛག་གི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནི་མི་འབོར་ས་ཡ་ ༡༨།༨ ཙམ་ཡོད་པའི་ཨེ་ཤ་ཡའི་དབུས་རྒྱལ་ཁབ་ཅིག་ཡིན་ཞིང་།  ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་ནས་རང་བཙན་ཐོབ་པ་མ་ཟད།  རྒྱལ་ཁབ་དེ་ནི་འཛམ་གླིང་གི་སྐམ་སས་སྐོར་ཞིང་ས་ཁྱོན་ཆེས་ཆེ་བའི་ཁ་ཆེ་རྒྱལ་ཁབ་ཅིག་ཡིན་པ་རེད།

 གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese