མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ངས་བཤད་འདོད་པ་ནི། དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བོད་ནང་དུ་རིག་གནས་གསར་བརྗེའི་བསྐྱར་ལོག་རྒྱག་པ་ནང་བཞིན་ལས་འགུལ་གདུག་རྩུབ་ཅན་སྤེལ་བཞིན་ཡོད་ཅིང་། དེ་ཡང་ཉེར་འཆར་ཁམས་བྲག་མགོ་རྫོང་དུ་མཐོ་ཚད་སྨིད་ ༩༩ ལྷག་ཅན་གྱི་ཐུབ་དབང་གི་སྐུ་བརྙན་བྱིན་ཅན་ཡོད་པ་དེ་གཏོར་བཤིག་བཏང་ཡོད་པ་དང་། མ་ཎི་དར་ལྕོག་དང་སྒོ་དར་སོགས་བཙན་གྱིས་ཕབ་བཅུག་ནས་མེར་སྲེག་གཏོང་གི་བཅུག་ཡོད་ཚུལ་སོགས་གནས་ཚུལ་བརྒྱུད་ལམ་ཁག་ནས་མཐོང་ཐོས་བྱུང་བ་དང་། རྒྱ་དམར་གྱིས་འཛམ་གླིང་མི་རྣམས་ལ་བོད་ནང་དུ་ཆོས་དད་རང་དབང་ཡོད་ཚུལ་འུར་སྒྲོག་བྱེད་ཀྱི་ཡོད་རུང་དོན་དངོས་གོང་གི་གནས་ཚུལ་ངོ་མ་འདི་འདྲ་ཞིག་རེད། སོ་སོའི་རྩ་བའི་བླ་མའི་མཚན་ཙམ་དང་། སྐུ་པར་ཡན་ཆད་དད་རྟེན་དུ་ཉར་མི་ཆོག་པ་དང་། གལ་སྲིད་རྩ་བའི་བླ་མའི་སྐུ་པར་དད་རྟེན་དུ་ཉར་ཡོད་པ་རྒྱ་ནག་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་མཐོང་ཚེ། བཙོན་འཇུག་དང་ཉེས་ཆད་གཅོད་ཀྱི་ཡོད། རྒྱ་དམར་སྲིད་གཞུང་ཁ་ཞེ་མི་མཚུངས་པའི་ལས་དོན་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་སྤེལ་བཞིན་ཡོད། གཞིས་ལུས་བོད་མི་རྣམས་བྱིའུ་ལྕགས་ཁྲ་ནང་བཅུག་པ་ནང་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གདུག་རྩུབ་མནར་གཅོད་འོག་མི་འདོད་བཞིན་གནས་དགོས་ཐུག་གི་ཡོད་པ་དེ་རེད། བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རྒྱ་དམར་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་རྒྱ་ཆེ་མི་མང་ལ་ཉིན་གཅིག་ཀྱང་བདེ་སྐྱིད་ཡོང་གི་མེད་ལ། ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། ཡིན་ནང་གཞིས་བཞུགས་སྤུན་ཟླ་རྣམས་སྙིང་སྟོབས་ཞུམ་མེད་དང་། ཆོད་སེམས་བརྟན་པོའི་ཐོག་ནས་གནས་ཡོད། དྲང་བདེན་གྱིས་བདེན་དོན་རྩོད་ལེན་གནང་གི་ཡོད་ཅིང་། རྒྱ་དམར་སྲིད་གཞུང་གིས་དྲག་གནོད་དང་གདུག་རྩུབ་ཀྱིས་མནར་གཅོད་ག་ཚད་བཏང་རུང་། བོད་མི་རིགས་དུས་ནམ་ཡང་ཤུལ་མེད་བཟོ་མི་ཐུབ། མི་ལོ་དོན་གཉིས་ལྷག་གི་རིང་དུ་རྒྱ་དམར་སྲིད་གཞུང་གིས་འཇམ་རྩུབ་ཀྱི་བོད་མི་རིགས་བློ་སྣ་བཀུག་ཐབས་ཀྱིས་ཐབས་ཤེས་རིམ་པར་བྱས་ཡོད་རུང་། དམར་གཞུང་གིས་གཡོ་སྒྱུ་ཅན་གྱི་ཆབ་སྲིད་དེ་ལམ་ལྷོང་བྱུང་མེད།

ལྷག་པར་དེང་སྐབས་བོད་ནང་གི་ཤེས་ལྡན་མི་སྣ་ཁག་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་བཙོན་འཇུག་བྱེད་བཞིན་ཡོད་ཅིང་། དེ་ཡང་བོད་ཀྱི་དུས་བབ་ལས། བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཁ་བྲལ་གྱི་ཁྲིམས་འགལ་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག །ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་འཁྲིས་ཀྱི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག་ཅེས་གསལ་དོན་ལྟར། བོད་ནང་གི་ཤེས་ཡོན་པ་དང་། བོད་མི་རིགས་ཀྱི་རྩ་ཆེན་སྐད་ཡིག་མེད་པ་བཟོ་ཆེད་བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་མི་ཆོག་པ་དང་། རྒྱ་ཡིག་སློབ་ཁྲིད་བྱེད་དགོས་པ་བཙན་བཀའ་བཏང་ནས་དངོས་སུ་ལས་འགུལ་སྤེལ་བཞིན་ཡོད་ཅིང་། བོད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། སྐད་ཡིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན། འོན་ཀྱང་བོད་ནང་དུ་རྒྱ་ནག་གུང་ཁྲན་ཏང་བཙན་འཛུལ་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དགོན་རྙིང་བྱིན་ཅན་དུ་མ་ཞིག་རྩ་གཏོར་བཏང་བ་དང་། སྐུ་གསུང་ཐུགས་རྟེན་མེར་སྲེག་པ་སོགས་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་ནས་བོད་ཀྱི་ཆོས་རིག་ལ་ཉམས་ཆག་ཚད་མེད་བཟོས་ཡོད།

མདོ་དབུས་ཁམས་གསུམ་དུ་རྒྱ་ནག་གུང་ཁྲན་ཏང་གིས་རིག་གནས་གསར་བརྗེ་ཟེར་བའི་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་ཐབས་སྡུག་སྤེལ་བ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཟིགས་ནས་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ལ་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་འབུལ་ཡོད། ཡིན་ནའང་གུང་ཁྲན་ཏང་གི་དཔོན་ངན་ཚོས་དངོས་ཡོད་ཀྱི་གནས་ཚུལ་ལ་བསམ་ཤེས་བྱ་རྒྱུ་ལས་ལྡོག་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་ལ་མ་ཉེས་ཁག་གཡོགས་ཀྱིས་བཙོན་ཁང་དུ་བཅུགས་ནས་དཀའ་སྡུག་ཚད་བཞེས་དགོས་བྱུང་ཡོད། ཡིན་ནའང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཞག་ཡོད་ཅེས་གསུང་ནས་བཙོན་གྲོལ་ཐུབ་པ་དང་། བོད་ཀྱི་ཞིང་འབྲོག་ས་ཁུལ་གང་སར་ཕེབས་ནས་བོད་ཀྱི་ཆོས་རིག་མི་ཉམས་གོང་འཕེལ་ཡོང་བའི་ལས་དོན་རླབས་ཆེན་གནང་ཡོད། བོད་མི་རིགས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སྐབས་བཀའ་སློབ་ལས། མི་རིགས་དགེ་ཆེད་ཞིག་ཡིན་ན། ངེས་པར་དུ་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པ་གཙོ་བོར་བཞག་ནས། ངེས་པར་དུ་མི་རིགས་སྐད་ཡིག་གི་སློབ་ཁྲིད་ལེགས་པོ་བྱེད་དགོས། བོད་ཡིག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ཡོད་ཅིང་། ཤེས་བྱ་ཕུན་སུམ་ཚོགས་པ་སྟེ། ཚད་མ་རིག་པ་དང་། ལོ་རྒྱུས། སྐར་རྩིས། གསོ་རིག རིག་རྩལ། ཆོས་ལུགས་བཅས་ཡོད་པས། ཞེས་དེ་འདྲའི་བཀའ་སློབ་རིན་ཐང་བྲལ་བ་རབ་དང་རིམ་པ་གནང་ཡོད་ཅིང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་ལ་བྱས་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད། དེ་བཞིན་གཞིས་བཞུགས་ཤེས་ལྡན་པ་ཚོས་ནུས་པ་གཅིག་ཏུ་སྤུངས་ནས་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་ཡོང་ཆེད་ལ་བྱས་རྗེས་བླ་ཆེན་བཞག་ཡོད་ན། ཁོང་རྣམ་པར་ངེས་པར་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

རིམ་གྱིས་བོད་ནང་གི་གནད་ཡོད་རྣམ་གཅིག་རྗེས་གཉིས་མཐུད་ཀྱི་ཞིང་དུ་ཕེབས་རྗེས། ད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོ་ཐབས་ཀྱི་རྒྱ་གཞུང་གིས་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ཧ་ཅང་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པས། སྐུ་ཞབས་བཀྲ་ཤིས་དབྱང་ཕྱུག་ལགས་ཀྱིས་སེམས་ཀྱི་མ་བཟོད་དེ་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་གནང་བར་བརྟེན་ནས་རྒྱ་ནག་སྲིད་གཞུང་གིས་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་མི་ལོ་ལྔ་རིང་བཙོན་ཁང་དུ་བཅུག་ཡོད་པ་དང་། དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་ལ། བོད་མི་གྲངས་ ༡༥༥ ལྷག་གིས་གཅེས་པའི་ལུས་སྲོག་བློས་བཏང་གིས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཆེད་རང་ལུས་མེར་སྲེག་བཏང་ཡོད། ད་དུང་རྒྱ་ནག་སྲིད་གཞུང་གིས་བསམ་ཤེས་མེད་པའི་ཐོག་ནས་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངན་པ་འཛིན་ནས་ལས་འགུལ་ཐབས་སྡུག་ཅན་སྤེལ་དང་སྤེལ་བཞིན་ཡོད། དེ་ཡང་དུས་བབ་ལས། ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། རྒྱའི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཕ་སྐད་མ་ཡིག་ཡིན་ཚུལ་གྱི་དྲིལ་བསྒྲགས་བྱས་ཏེ། སློབ་འཁྲིད་ཐབས་ལམ་གཉིས་པ་ཞེས་རྒྱ་ཡིག་རྒྱ་སྐད་ཀྱི་ཐོག་ནས་སློབ་འཁྲིད་བྱེད་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་བོད་ཁུལ་གང་སར་བཙན་འགེལ་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཡིག་ཆེད་གཉེར་གྱི་སྒེར་བཙུགས་སློབ་གྲྭ་དང་དགོན་པའི་རིག་གནས་སློབ་གླིང་སོགས་ཀྱང་སྒོ་རྒྱག་ཏུ་འཇུག་གི་ཡོད་འདུག །ཅེས་གསལ་དོན་ལྟར་རྒྱ་གཞུང་གིས་དམིགས་ཡུལ་ངེས་པ་ཞིག་བཟུང་ནས་ལས་དོན་བྱེད་ཀྱི་ཡོད། སྙིང་སྟོབས་ཞུམ་མེད་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སླར་ཡང་སྐད་ཡིག་ཞུ་འབོད་གནང་ཡོད་ཅིང་། སྙིང་སྟོབས་ཞུམ་མེད་དེ་འདྲའི་དྲང་བདེན་གྱི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་གནང་བར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཚུལ་བསམ་བློ་བ་ཚོས་གསུང་དོན་ལྟར་ང་ཚོ་གཞིས་བྱེས་ཚང་མའི་བོད་མི་རིགས་ཀྱི་སྐད་ཡིག་བདག་གཅེས་དང་། སློབ་སྦྱོང་བྱེད་དགོས་པ་རེད། བདག་གཅེས་ཟེར་དུས་མཆོད་བཤམས་ནང་དུ་བཞག་ནས་མཆོད་པ་འབུལ་ཡུལ་ཞིག་ཏུ་ངོས་འཛིན་མི་རུང་ཞིང་། ངེས་པར་ཚང་མའི་བོད་ཀྱི་སྐད་ཡིག་ནམ་ཞགས་རྒྱུན་དུ་བཀོལ་སྤྱོད་བྱེད་དགོས་པ་དེ་རེད་སྙམ།

ད་ནི་བོད་རིགས་སྤུན་ཟླ་ཚང་མ་ཆིག་སྒྲིལ་གྱིས་ཕ་རོལ་པོ་ལ་གདོང་ལེན་གནང་དགོས་པའི་དུས་སྐབས་ཤིག་སླེབས་འདུག་སྙམ་པ་ལས། དེ་མིན་ང་ཚོའི་ནང་ཁུལ་གྱི་གནས་ཚུལ་ཆུང་རིགས་ལ་མགོ་བོ་འཁོར་ནས་ང་དང་ཁྱོད་ཅེས་རྩོད་གླེང་བྱེད་པའི་དུས་སྐབས་ཤིག་མ་རེད་སྙམ། ངས་དེ་འདྲའི་གནང་གི་འདུག་བརྗོད་ཀྱི་མེད། འོན་ཀྱང་ཡིད་གཟབ་མ་གནང་ཚེ་དེ་འདྲ་འགྱུར་བའི་ཉེན་ཁ་མེད་པ་ཞིག་ཀྱང་མ་རེད་སྙམ།

རྒྱ་གཞུང་གིས་དེང་སྐབས་བོད་ནང་དུ་ཡར་རྒྱས་གནམ་ས་ཨ་ལོག་རྒྱག་པ་ལྟ་བུ་འཕེལ་རྒྱས་བཏང་ཡོད་ཚུལ་བརྗོད་ཀྱི་ཡོད། མཐོང་སྣང་ལ་སྔ་མོ་དང་མི་འདྲ་བ་དེང་སྐབས་བོད་ནང་འགྲོ་འོང་སྟབས་བདེ་རུ་ཕྱིན་པ་དངོས་ཡོད་འདྲ་མཐོང་སྲིད་མོད། དོན་ངོ་མ་བོད་ནང་གི་བོད་མི་རྣམས་རང་དབང་གི་ཐོག་ནས་འགྲོ་སྡོད་བྱེད་པའི་ཐོབ་ཐང་མེད་པ་དང་། རང་དབང་གི་སོ་སོའི་བསམ་ཚུལ་བཤད་པའི་ཐོབ་ཐང་མེད་པ། སོ་སོའི་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་འཕྲོག་བཞིན་ཡོད། ཉིན་མཚན་དྲུག་ཏུ་རྒྱ་གཞུང་གི་བཙན་བཀའ་གང་ཞིག་བཏང་ཡོང་ན་སྙམ་ནས་འཇིག་སྐྲག་ངང་ནས་འཚོ་གནས་བྱེད་དགོས་ཐུག་གི་ཡོད། བོད་ནང་དུ་འགྲོ་འོང་སྟབས་བདེ་ཕྱིན་ཡོད་རུང་དེ་དག་ནི་རྒྱ་དམར་སྲིད་གཞུང་ལ་ཁེ་ཕན་ལས་བོད་མི་རིགས་ཉམས་ཆུང་ལ་ཕན་ཐོགས་ཡོང་གི་མེད།

རྒྱ་གཞུང་གི་སྲིད་ཇུས་ལ་མ་འདོད་པའི་རྣམ་འགྱུར་ཕྲན་བུ་སྟོན་པ་ཙམ་གྱིས་ཉེས་མིང་སྣ་ཚོགས་ཤིག་བཏགས་ཏེ་ཉེས་རྡུང་གཏོང་བ། མཐའ་ན་བཙོན་བཅུག་སྟེ་མནར་གཅོད་སྣ་ཚོགས་བཏང་ནས་རིགས་འཚོ་མ་ཟིན་པ་བཟོ་བཞིན་ཡོད། རྒྱ་དམར་འགོ་བྱེད་ཚོས་ཁ་ནས་སྤུན་ཟླ་ཞེས་སྒྲོག་གི་ཡོད་རུང་། དོན་དུ་བོད་མི་རིགས་དགྲ་བོ་ངོ་མ་ཞིག་ཏུ་ངོས་འཛིན་གྱིས་ལག་བསྟར་བྱེད་བཞིན་ཡོད།

ལྷག་པར་དེང་སྐབས་རྒྱ་དམར་གྱིས་བོད་རིགས་ན་གཞོན་དུ་མ་དམག་མི་བསྡུ་རུབ་ཀྱིས་དམག་སྦྱོང་སྤྲོད་ཀྱི་ཚུལ་གསར་ལམ་ཁག་ཏུ་གསལ་བ་ལྟར། དེ་ནི་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་རྩོད་གླེང་ཡང་ཡང་ཡོང་གི་ཡོད་ཅིང་། བོད་ནི་ས་ཆའི་ཁ་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་བ་སོགས་རྒྱ་མི་དམག་ལ་དཀའ་ངལ་རིམ་པ་འཕྲད་ནས་ཐབས་ཟད་འུ་ཐུག་གི་ངང་ནས་བོད་ཀྱི་ཞིང་འབྲོག་ཁུལ་ནས་ན་གཞོན་རྣམས་དམག་མིར་བསྡུ་རུབ་བྱ་དགོས་བྱ་ཐུག་པ་ཞིག་ཡིན་པ་ནི་འབྲེལ་བརྗོད་མ་དགོས། མི་ལོ་དྲུག་ཅུ་ཙམ་གྱི་རིང་དུ་བོད་པའི་ན་གཞོན་ལ་དམག་སྦྱོང་མ་སྤྲད་ནས་ད་ལྟ་གཉིད་སད་པ་ནང་བཞིན་བོད་མིའི་ན་གཞོན་བསྡུ་རུབ་ཀྱི་དམག་སྦྱོང་སྤྲད་དགོས་པ་གང་ཞིག་ཏུ་ཐུག་པ་ཡིན་ནམ། དེ་ཡང་བོད་ཀྱི་དུས་བབ་ལས།  གནས་ཚུལ་ནང་རྒྱ་གར་དབུས་འབྲེལ་ཡོད་ལས་བྱེད་ཅིག་གིས། ང་ཚོར་གསང་བའི་གནས་ཚུལ་འབྱོར་ཏེ་རྒྱ་ནག་གིས་བོད་པའི་ཁྱིམ་ཚང་རེ་ནས་ངེས་པར་དུ་མི་གཅིག་དམག་མིར་ཞུགས་བཅུག་སྟེ། ལ་དྭགས་དང་ཨ་རུ་ན་ཅལ་ཁུལ་གྱི་རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སུ་བཏང་ནས་རྒྱ་གར་དམག་མིར་ཁ་གཏད་གཅོག་འཆར་འདུག ཅེས་བརྗོད་ཡོད་པ་དང་། བོད་མི་ཁྱིམ་ཚང་རེ་ནས་བཅིངས་གྲོལ་དམག་མིར་ཞུགས་མཁན་རེ་དགོས་པའི་གནས་ཚུལ་དེ་རྒྱ་གར་གསང་བའི་ལས་ཁུངས་ནས་ཐོག་མར་ཤེས་རྟོགས་བྱུང་ཡོད་འདུག་ཅེས་བཀོད་དོན་ལྟར། རྒྱ་དམར་གྱི་སྲིད་ཇུས་བཟང་ནས་བོད་མི་རྣམས་ལ་དམག་སྦྱོང་སྤྲད་པ་མ་ཡིན་པ་བོད་མི་རྣམས་བདེ་སྤྱོད་ལོག་པ་གཏོང་ཆེད་ཡིན་པ་གོང་གསལ་གསར་འགྱུར་དེ་ལས་གསལ་པོ་རྟོགས་ཐུབ་པ་ཞིག་རེད།  རྒྱ་དམར་གྱི་སྲིད་ཇུས་ནག་པོ་གང་འདྲ་ཞིག་སྤེལ་གྱི་ཡོད་པ་རྟོགས་ཐུབ་པ་ཞིག་རེད།

དེ་བཞིན་དེང་སྐབས་བོད་ཁུལ་ཡུལ་སྐོར་སྤྲོ་འཁྱམ་ཡོང་མཁན་ཇེ་མང་གྱུར་བ་དང་བསྟུན་ཏེ་བཅོས་ཐབས་མེད་པའི་འགོས་ནད་མང་པོ་དར་ཁྱབ་ཀྱིས་ཕྱིན་པ་དང་། འཕྲོད་བསྟེན་ཐོག་ཏུ་ཧ་ཅང་ཐབས་སྐྱོ་པོ་ཡོད་པའི་སྐོར་ལ་བུད་མེད་གཅིག་གིས་གཏམ་བཤད་གྱི་བརྙན་ཐུང་མཐོང་སོང་། དེ་དག་མཐོང་བ་དང་སེམས་ནང་ན་ཟུགས་གཏོང་ཡོང་གི་འདུག་རུང་བྱ་ཐབས་བྲལ། ཁོ་མོས་བརྗོད་དོན་ལས། ཨ་མ་ཟེར་བ་དེ་བཀའ་དྲིན་ཆེན་པོ་ཡིན་རབས་མདོ་དབུས་ཁམས་གསུམ་གྱི་སྐྱེས་ཆེན་དུ་མ་ཞིག་གསུངས་ཟིན་པ་རེད་ལ། གསུང་བཞིན་པ་རེད། ཡིན་ནའང་ཨ་མའི་ལུས་སེམས་ཀྱི་དཀའ་ངལ་དེ་དག་གང་འདྲ་ཞིག་བྱས་ནས་སེལ་ཐབས་སྐོར་ལ་གསུང་མཁན་དཀོན་ཙམ་སྣང་། དེ་དག་ཐོག་ཏུ་ངེས་པར་ཡིད་གཟབ་གནང་དགོས་སྐོར་དང་། དེང་སྐབས་མདོ་དབུས་ཁམས་གསུམ་དུ་ཨེ་ཙི་ན་ཚ་འགོས་ཁྱབ་ཀྱིས་ཛ་དྲག་ཡིན་པས། དེ་དག་སྣང་ཆུང་གཏན་ནས་བཏང་མི་རུང་ཞིང་། གཉན་ནད་རེག་དུག་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་རྒྱ་ཆེ་མང་ཚོགས་ཀྱིས་ཡིད་གཟབ་གནང་དགོས་རབས་དང་། ཁོ་མོ་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཕྱིན་སྐབས། དྭ་ཕྲུག་གི་སློབ་གྲྭ་མང་པོ་འདུག་པས། བུ་ཕྲུག་དེ་དག་གང་འདྲ་བྱས་ནས་དྭ་ཕྲུག་ཏུ་གྱུར་པ་རེད་ཟེར་ནས་དྲིས་དུས། ཕ་མར་གཉན་ནད་རེག་དུག་གི་ན་ཚ་འགོས་ནས་འདས་གྲོངས་ཀྱིས་དྭ་ཕྲུག་ཏུ་གྱུར་རབས་ཟེར། དེ་དག་མཐོང་ཡོང་དུས་སེམས་ནང་དུ་ན་ཟུགས་གཏོང་ཡོང་གི་འདུག །སྡེ་པ་འགའ་ཤས་ཀྱིས་དེ་དག་ཐོག་ཏུ་དེ་ཙམ་དོ་སྣང་མེད་པས་སྣང་ཆུང་བྱེད་ཀྱི་འདུག་ཅིང་། གཉན་ནད་རེག་དུག་དེ་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་མི་འདུག་པས། །དེའི་ཐོག་ཏུ་ངེས་པར་དུ་འབྲེལ་ཡོད་ཚོས་སློབ་གསོ་སྤྲད་དགོས་ཚུལ་དང་། ས་གནས་འགའ་ཤས་སུ་གཉན་ནད་རེག་དུག་འགོས་ཡོད་པ་ཤེས་དུས་བུད་མེད་རྣམས་སེམས་སྡུག་གིས་རང་སྲོག་བཅད་མཁན་མདོ་དབུས་ཁམས་གསུམ་དུ་ཉུང་ཉུང་ཞིག་གཏན་ནས་མིན་པ་དང་། བློ་ཚབ་སྐྱེ་དགོས་པ་དེ་འདྲ་ཞིག་ཏུ་གྱུར་འདུག་ཚུལ་སོགས་ཀྱི་སྐོར་སེམས་ནང་གི་སྐད་ཆ་མང་པོ་བཤད་ཀྱི་འདུག །དེ་དག་ཐོག་ཏུ་ངེས་པར་དུ་རང་དོན་གཅེས་ཀྱིས་ཡིད་གཟབ་གནང་དགོས་པའི་གནད་དོན་ཞིག་ཡིན་པ་རེད། རྒྱ་གཞུང་གིས་བོད་ཀྱི་འཕྲོད་བསྟེན་ཐོག་ཏུ་སྔ་ལས་ཡར་རྒྱས་ཕྱིན་ཡོད་རབས་བཤད་ཀྱི་རུང་དོན་དུ་གནས་ཚུལ་དེ་འདྲ་ཞིག་རེད་དོ། །

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese