མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ཡིན་པས་སེམས་འཚབ་རྩ་བ་ནས་གནང་མི་དགོས་སྐོར་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ད་ལྟའི་ཆར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་བདེ་ཐང་དང་སྐུ་ལྷོད་ལྷོད་བྱས་ནས་བཞུགས་ཡོད་པས་བོད་མི་ཚོས་སེམས་འཚབ་རྩ་བ་ནས་གནང་མི་དགོས་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དགེ་བསྐུལ་གྱི་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བ་ལ་བརྟེན་ནས་སྤྱི་ཚོགས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་སེམས་འཚབ་ཆེན་པོ་བྱེད་མཁན་དང་། ཛ་དྲག་གི་གསལ་བསྒྲགས་དེར་འགྲེལ་ལོག་དོགས་འདྲོག་བྱེད་མཁན་གང་ཙམ་ཡོང་གི་ཡོད་སྟབས། དེ་རིང་བོད་ཀྱི་འགྲེམས་སྟོན་ཁང་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྩ་བའི་ཆ་ནས་ང་ཚོས་ལས་དོན་ག་རེ་བསྒྲུབ་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དང་ཐུགས་རྗེའི་བྱིན་རླབས་ཀྱི་འོག་ནས་ཡོང་གི་ཡོད་སྟབས། ང་ཚོས་འདས་མ་འོངས་ད་ལྟ་གསུམ་ལ་༧་རྒྱལ་བ་རིན་པོ་མཆོག་གི་དགོངས་པ་གཞིར་བཟུང་ནས་འགྲོ་ཡི་ཡོད་པ་རེད། ད་བར་ང་ཚོར་གཟེངས་སུ་ཐོན་པའི་ལས་དོན་གང་འདྲ་ཞིག་བྱུང་བ་ཡིན་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བྱུང་གི་ཡོད་སྟབས། དེ་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་སུ་དྲན་པ་དང་། བོད་ནང་གི་བོད་མི་དང་བཙན་བྱོལ་དུ་ཡོད་པའི་བོད་མི་ཡོངས་ལ། བཀའ་ཤག་གིས་འགན་ཁུར་བའི་ཐོག་ནས་ཁ་གསལ་པོ་བྱས་ཏེ་ད་ལྟའི་ཆར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་བདེ་ཐང་དང་། སྐུ་ལྷོད་ལྷོད་བྱས་ནས་བཞུགས་ཡོད། ཅེས་དང་། ཡང་ཁོང་གིས། བཀའ་མོལ་ཞུས་པ་དེ་དག་ཀྱང་འཛིན་སྐྱོང་བཀའ་ཤག་གི་སྲིད་སྐྱོང་གི་མིང་ཁྱེར་བའི་ཐོག་ནས་འགན་ཆ་ཚང་ཁྱེར་ནས་ཞུ་ཡི་ཡོད། དེང་སང་སྤྱི་ཚོགས་ནང་དུ་དཀྲོག་གཏམ་འཆད་མཁན་ཁ་ཤས་ཤིག་ཡོད་དུས། སྐད་ཆ་དེ་དག་བོད་ནང་དུ་བསླེབས་ཡོད་པ་ཡིན་ན། བོད་ནང་གི་བོད་མི་ཚོས་ཐུགས་འཚབ་རྩ་བ་ནས་གནང་མི་དགོས། ཞེས་གསུངས་སོང་།

དེ་ཡང་ཁ་སང་ཆོས་རིག་ལས་ཁུངས་ནས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་དུ། ཛ་དྲག་གི་གསལ་བསྒྲགས་དེ་ནི་སྤྱི་དམངས་ཡོངས་ཀྱི་དགེ་བསྐུལ་སླད་དུ་ཡིན་པ་ལས། བྱེ་བྲག་པར་དམིགས་ཏེ་ཛ་དྲག་གི་གསལ་བསྒྲགས་སྤེལ་བ་ཞིག་མིན་པའི་ཡོངས་ཁྱབ་གསལ་བཤད་དང་འབྲེལ། ཐེངས་འདིའི་ཞབས་རིམ་གྱི་དམིགས་ཡུལ་ནི་༧རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་། མང་ཚོགས་བདེ་ཐབས་ཀྱི་ཆེད་དུ་ཡིན་པ་དང་། གཞི་འཛིན་ས་ནི་རྩིས་འབྲས་དང་བླ་ལྷའི་བཀའ་ལུང་དགོངས་དོན་ཡིན་པ། དུས་ཚེས་ནི་བོད་ཟླ་དང་པོའི་ནང་ཚུད་ཡིན་པ་བཅས་གསལ་བསྒྲགས་སུ་བཀོད་ཟིན་པ་ལྟར་ཡིན་པས། དེ་མིན་གྱི་འགྲེལ་ལོག་དང་། བཤད་ལོག་རྣམས་ཁུངས་ལུང་གཞི་རྩ་མེད་པའི་གཏམ་འཆལ་རང་ཡིན། ཞེས་དང་། གསལ་བསྒྲགས་ཀྱི་མགོར་ཛ་དྲག་ཅེས་བྲིས་པ་དེ་ཡང་སྤྱི་རིམ་སྨིན་སྒྲུབ་ཞུ་རྒྱུ་དུས་ཚོད་ཀྱིས་ཉེ་བར་གཏུགས་ཡོད་པའི་ཆ་ནས་དེ་ལྟར་བཀོད་པ་མ་གཏོགས། གནས་སྟངས་བྱེ་བྲག་པར་དམིགས་ཏེ་ཛ་དྲག་ཅེས་བཀོད་པ་ཞིག་མིན། ཅེས་འཁོད་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese