མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མཚན་མཐུན་མ་ནིང་མོ་ལོག་གི་གཞི་རྩའི་ཐོབ་ཐང་འཕྲོག་གི་ཡོད་པར་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མཚན་མཐུན་དགའ་རོགས་སྒྲིག་པ་དང་གཉེན་སྒྲིག་སོགས་ཀྱི་ཐོག་མའི་འབྲེལ་མཐུད་ཡོང་སའི་མཉེས་ཆས་གྲགས་ཅན་ཞིག་བཀག་སྡོམ་བྱས་པར་ཁེ་ན་ཌའི་རྒྱལ་སྤྱིའི་བདེ་འཇགས་དང་ཐོབ་ཐང་ཞིབ་འཇུག་གི་ཚོགས་པ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག

དེ་རིང་རྒྱ་གར་གྱི་ཨན་ནེ་ (ANI) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཐོབ་ཐང་དང་བདེ་འཇགས་ཉམས་ཞིབ་ཀྱི་གླེང་སྟེགས་ (IFFRAS) ཞེས་པའི་ཚོགས་པས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གྲགས་ཁྱབ་ཆེ་བའི་མཚན་མཐུན་གྱི་དགའ་རོགས་ཕན་ཚུན་འབྲེལ་འདྲིས་བྱེད་ས་ (Grindr) ཞེས་པའི་མཉེན་ཆས་ཤིག་བཀག་སྡོམ་བྱས་ཏེ། རྒྱ་ནག་གི་མཚན་མཐུན་མ་ནིང་མོ་ལོག་(LGBT) སྤྱི་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པར་བཟོ་ཡི་ཡོད་པའི་སྐྱོན་བརྗོད་བྱས་འདུག

དེ་འབྲེལ་གནས་ཚུལ་ནང་། རྒྱ་ནག་དམར་ཤོག་ཚོགས་པས་མཚན་མཐུན་མ་ནིང་མོ་ལོག་གི་སྤྱི་ཚོགས་ཀྱིས་རང་གི་གཞི་རྩའི་ཐོབ་ཐང་དང་མངོན་འདོད་སོགས་སྲུང་སྐྱོབ་ཀྱིས། རྒྱལ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཁ་བསྐྲུན་སྲིད་པའི་འདངས་སྐྲག་འོག རྒྱ་ནག་གཞུང་གིས་མཚན་མཐུན་མ་ནིང་མོ་ལོག་དང་འབྲེལ་མཉེན་ཆས་བཀག་འགོག་བྱས་ཏེ། ཁོ་ཚོའི་ཐོབ་ཐང་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། མཚན་མཐུན་དགའ་རོགས་དང་འབྲེལ་བའི་བརྩེ་དུང་གི་གློག་བརྙན་ཡང་བཀག་སྡོམ་བྱས་ཡོད་པ་དང། དེ་ཡང་འདས་ལོར་རྒྱ་ནག་གིས་སྐད་འཕྲིན་གྱི་མཉེན་ཆས་ (WeChat app) ནས་མཚན་མཐུན་མ་ནིང་མོ་ལོག་དང་འབྲེལ་བའི་དྲ་ཚིགས་ཁག་བཀག་སྡོམ་བྱས་པ་དང་རྩ་མེད་བཟོས་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་གཞུང་གིས་མཚན་མཐུན་འཁྲིག་སྦྱོད་ནི་ཁྲིམས་འགལ་མིན་པར་ངོས་འཛིན་བྱས་ཡོད་པ་དང་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་རིམ་པར་རྒྱ་ནག་གཞུང་གིས་མཚན་མཐུན་དང་མ་ནིང་མ་ལོག་གི་ཐོབ་ཐང་ལ་རྒྱལ་སྐྱོར་བྱས་དང་བྱེད་མུས་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་ད་དུང་རྒྱ་ནག་ནང་མཚན་མཐུན་གཉེན་སྒྲིག་དང་མཚན་མཐུན་གྱི་སྤྱི་ཚོགས་ལ་ཁྲིམས་ཐོག་ནས་རྒྱབ་སྐྱོར་དང་ངོས་འཛིན་ཐོབ་མེད་པར་བརྟེན། ཁོ་ཚོར་ད་དུང་རང་དབང་ངང་རང་ཉིད་ཀྱི་བཟའ་ཟླ་འཚོལ་བའམ་མཚན་མཐུན་འཁྲིག་སྤྱོད་བྱེད་པའི་ཐོབ་ཐང་མེད་པ་རེད་འདུག

ད་ཐེངས་ནི་རྒྱ་ནག་གཞུང་གིས་མཚན་མཐུན་མ་ནིང་མ་ལོག་དང་འབྲེལ་བའི་མཉེན་ཆས་སྒོ་བརྒྱབ་པ་ཐོག་མ་དེ་མ་ཡིན་པར། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་མཚན་མཐུན་དགའ་རོགས་འབྲེལ་འདྲིས་བྱེད་སའི་ (Zank) ཟེར་བའི་མཉེན་ཆས་དེའི་ནང་། འཆལ་སྤྱོད་ཀྱི་རྣམ་འགྱུར་དང་འབྲེལ་བའི་གནད་དོན་ཡོད་པའི་སྐྱོན་བརྗོད་བྱས་ཏེ་མཉེན་ཆས་དེ་བཀག་སྡོམ་བྱས་ཡོད་པ་དང་།  ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་དྲ་ཐོག་གི་དཀྲོག་གཏམ་དང་ཆགས་སྤྱོད་ཀྱི་རིགས། རྨོངས་དད་ལ་སོགས་པ་སྟངས་འཛིན་བྱེད་ཀྱི་ཡོད་ལུགས་བརྗོད་ནས། ཆེད་དུ་མཚན་མཐུན་དང་མ་ནིང་མ་ལོག་གི་སྤྱི་ཚོགས་དང་འབྲེལ་བའི་དྲ་ཐོག་གི་མཉེན་ཆས་དང་བྱེད་སྒོ་ཡོངས་སྒོ་རྒྱག་གི་ཡོད་པ་མ་ཟད། རྒྱ་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་ཚོང་ལས་དང་ཁྲིམས་ཀྱི་ཁོར་ཡུག་སོགས་མེད་པར་བཟོས་ཏེ་མཚན་མཐུན་མ་ནིང་མོ་ལོག་གི་སྤྱི་ཚོགས་ལ་དཀའ་ངལ་ལྷག་མ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

མཚན་མཐུན་དགའ་རོགས་སྒྲིག་པ་དང་གཉེན་སྒྲིག་གི་འབྲེལ་ལམ་མཐུད་སའི་(Grindr) ཞེས་པའི་མཉེན་ཆས་དེ་ནི།   ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༥ ཉིན་ཨ་རིའི་མངའ་སྡེ་ (California) རྒྱལ་ས་ལོ་སི་ཨན་ཇིལ་སིའི་ (Los Angeles) འཕྲུལ་རིག་ཁེ་ལས་པ་སྐུ་ཞབས་ (Joel Simkhai) ལགས་ཀྱིས།  གསར་དུ་བཟོས་ནས་ལོ་གཅིག་ཙམ་ལས་མ་འགོར་བར་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་མི་གྲངས་འབུམ་ ༥ ཙམ་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ཟླ་ ༡ པོའི་ནང་མཉེན་ཆས་དེ་ནི་འཛམ་གླིང་གི་དགའ་རོགས་སྒྲིག་སའི་ཁ་པར་གྱི་མཉེན་ཆས་ལེགས་ཤོས་ (Best Mobile Dating App) ཀྱི་བྱ་དགའ་ཐོབ་རྗེས། མཉེན་ཆས་དེ་འཛམ་གླིང་རྒྱལ་ཁབ་ ༡༩༢ ནས་བེད་སྤྱོད་བྱེད་མཁན་མི་མང་ས་ཡ་ ༤ ལྷག་བྱུང་། དེ་ནས་ཕྱི་ལོ་ ༢༠༡༦ ལོར་མཉེན་ཆས་དེའི་བརྒྱ་ཆ་ ༦༠ རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་ (Kunlun Tech Co Ltd) བཟོ་གྲྭ་ལ་བཙོང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ནང་གི་ (Kunlun) བཟོ་གྲྭས་མཉེན་ཆས་ཆ་ཚང་ཉོས་ཡོད་འདུག ཕྱི་ལོ་ ༢༠༢༠ ལོར་ (Kunlun) བཟོ་གྲྭས་མཉེན་ཆས་ཀྱི་བརྒྱ་ཆ་ ༩༨།༥༩ ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་ (San Vicente Acquisition LLC) བཟོ་གྲྭར་བཙོང་ཡོད་འདུག་ལ། མཉེན་ཆས་དེ་ནི་དྲ་ཐོག་བརྒྱུད་མཚན་མཐུན་སོགས་ཕན་ཚུན་གླེང་མོལ་དང་འབྲེལ་བ་བྱེད་སའི་མཉེན་ཆས་ཐོག་མར་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་གསར་བཟོ་བྱས་པའི་མཉེན་ཆས་དེ་འཛམ་གླིང་གི་ཆེས་སྙན་གྲགས་ཅན་གྱི་མཉེན་ཆས་ཤིག་ཀྱང་ཆགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese