མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་རྩེ་གམ་པ་རྫོང་ནས་བོད་མི་ཡུལ་སྐོར་སྣེ་ཤན་པ་ཞིག་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞིས་ཀ་རྩེ་གམ་པ་རྫོང་གི་བོད་མི་ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་རྐང་འཁོར་ཡུལ་སྐོར་སྣེ་འཁྲིད་བྱེད་པ་ནི་ཁྲིམས་འགལ་དང་བདེ་འཇགས་མིན་པར་བསྙད་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

དེ་རིང་འདི་གར་བོད་གནས་ཤིག་འབྱོར་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་ཉེན་རྟོག་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཞིས་ཀ་རྩེ་གམ་པ་རྫོང་རྒྱལ་རུས་གྲོང་བརྡལ་ནས་བོད་མི་གཞོན་སྐྱེས་པ་སངས་ནོར་བུ་ལགས་འཛིན་བཟུང་བྱས་ནས་ཉིན་ ༣ འགྲོ་བཞིན་ཡོད་ཀྱང་། ད་ལྟ་ད་དུང་ཡང་གཞོན་སྐྱེས་ཁོང་གི་ཨ་མ་ལགས་ཀྱི་གཙོས་ནང་མི་སྤུན་མཆེད་སོགས་ཀྱིས་ཐུག་ཐུབ་ཀྱི་མེད་པ་རེད་འདུག

དེ་ཡང་འདི་གར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པར་གཞིགས་ན། པ་སངས་ནོར་བུ་ལགས་ནི་གམ་པ་རྫོང་རྒྱལ་རུས་གྲོང་བརྡལ་ནས་ཡིན་པ་དང་ནམ་རྒྱུན་གྲོང་མི་ཕན་ཚུན་བར་འབྲེལ་ལམ་དང་ཀུན་སྤྱོད་ཧ་ཅང་ཡག་པོ་ཡོད་སྟབས། མི་ཚང་མའི་སྔགས་བརྗོད་བྱེད་ཡུལ་གྱི་གཞོན་སྐྱེས་ཤིག་ཡིན་པ་དང་། ཁོང་གིས་གམ་པ་རྫོང་དམའ་འབྲིང་སློབ་རིམ་གཉིས་པའི་བར་དུ་སློབ་སྦྱོང་བྱས་ཡོད་ཀྱང་། དེ་རྗེས་ཁོང་གི་པ་ལགས་འདས་གྲོངས་སུ་ཕྱིན་ནས་ནང་མའི་དཀའ་ངལ་གྱི་རྐྱེན་པས་ཁོང་མི་མཐུད་དུ་སློབ་གྲྭར་བསྐྱོད་ཐུབ་མེད་པ་རེད། རྗེས་སུ་ཁོང་གིས་རྐང་འཁོར་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ཁང་ཞིག་གསར་འཛུགས་བྱས་ནས་རྐང་འཁོར་ཞོན་ནས་ཡུལ་སྐོར་བ་ཚོ་གནས་སྐོར་སོགས་སུ་ལམ་འཁྲིད་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་ས་གནས་ཉེན་རྟོག་པ་ཐེངས་གཉིས་རིང་པ་སངས་ནོར་བུ་ལགས་ཀྱི་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ཁང་དུ་ཡོང་ནས། ཞབས་ཞུ་ཁང་དེ་སྒོ་རྒྱག་དགོས་པའི་སྡུགས་ར་སྐུལ་ཡོད་ནའང་། པ་སངས་ནོར་བུ་ལགས་ཀྱིས་རྒྱ་སྒོར་ ༡༨༠༠༠ སྤྱད་ནས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ཁང་དུ་ཐོ་འགོད་བྱས་ནས་ཡུལ་སྐོར་སྣེ་ལེན་གྱི་ཆོག་མཆན་བླངས་ཡོད་པ་དང་། ཉེ་ལམ་པ་སངས་ནོར་བུ་ལགས་ཀྱིས་ཡུལ་སྐོར་སྣེ་ལེན་པའི་ཆོག་མཆན་ཡིག་ཆ་དང་བཅས་པ་ས་གནས་ཉེན་རྟོག་པར་བསྟན་ཡོད་ཀྱང་། ཉེན་རྟོག་པས་རྐང་འཁོར་ཡུལ་སྐོར་སྣེ་འཁྲིད་བྱས་ན་ཁྲིམས་འགལ་ཡིན་པ་དང་བདེ་འཇགས་མེད་ཚུལ་བརྗོད་ནས་པ་སངས་ནོར་བུ་ལགས་སུ་ཉེས་རྡུང་ཚབས་ཆེན་བཏང་རྗེས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། པ་སངས་ནོར་བུ་ལགས་ཀྱི་རྐང་འཁོར་ཚང་མའང་བཙན་འཕྲོད་བྱས་ཡོད་འདུག

པ་སངས་ནོར་བུ་ལགས་སུ་གམ་པ་རྫོང་ལ་མེད་པའི་ལྕགས་རྟ་འཁོར་ལོ་ཁྱོན་བདུན་ཡོད་པ་དང་དེ་དག་ཚང་མ་སྤུས་ཀ་ཧ་ཅང་ཡག་པོ་རྐྱང་ཡིན་འདུག ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་ཀྱི་ཨ་མའི་མིང་ལ་འཚམས་སྐྱིད་དང་། ས་གནས་སུ་སློབ་གྲྭར་བསྐྱོད་བཞིན་པའི་ལོ་ན་ ༡༣ ཅན་གྱི་གཅུང་མོ་ཆོས་སྒྲོན་ཞུ་བ་བཅས་ཡོད་འདུག

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese