མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་སྲེག་གི་གནས་ཚུལ་དང་འབྲེལ་ནས་ཕྲུ་གུ་གསུམ་ཅན་གྱི་ཨ་མ་ཞིག་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ནོར་འཛིན་དབང་མོ་ཞུ་བའི་ཕྲུ་གུ་གསུམ་ཅན་གྱི་ཨ་མ་ཞིག་ལ་རང་ལུས་མེར་སྲེག་གི་གནས་ཚུལ་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པར་བོད་ནས་གནས་ཚུལ་ཁུངས་ལྡན་ཞིག་འབྱོར་བ་ལྟར་ན། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བའི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་ནོར་འཛིན་དབང་མོ་ལགས་སུ།  ཕྱི་ལོ་ ༢༠༡༣ ལོར་ཆུ་དམར་ལེབ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དག་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོ་མོར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བཙོན་ཁང་དུ་ལས་བཀོལ་མང་དྲགས་པ་དང་རང་གི་ནང་མི་བུ་ཕྲུག་དང་བཅས་པར་ཐུག་མི་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་འོག ད་ལྟ་ནོར་འཛིན་དབང་མོ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་བདེ་པོ་མེད་པ་ཆགས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། ནོར་འཛིན་དབང་མོ་ལགས་སུ་ཕྱི་ལོ་ ༢༠༢༠ ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ནས་ལུ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ལ་བཙོན་འཇུག་ཁྲིམས་ཐག་གཅོད་དོན་གཙོ་བོ་ནི། ཕྱི་ལོ་༢༠༡༣ ཟླ་  ༥ ཚེས་ ༢༧ ཉིན་གཞོན་སྐྱེས་བསྟན་འཛིན་ཤེས་རབ་ལགས་ནས་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་རྣམས་ཕྱི་བསྒྲགས་ཀྱི་ཉེས་འཛུགས་བྱས་པས་ཡིན་པ་རེད་ལ། ནོར་འཛིན་དབང་མོ་ལགས་དང་དཔའ་བོ་དམ་པ་བསྟན་འཛིན་ཤེས་རབ་ལགས་གཉིས་བར་གཉེན་ཉེ་སྤུན་མཆེད་སོགས་ཀྱི་འབྲེལ་བ་གང་ཡང་མེད་པ་རེད།

གནས་ཚུལ་མཁོ་སྤྲོད་པའི་འགྲེལ་བརྗོད་ལྟར་ན། ཕྱི་ལོ་ ༢༠༢༠ ལོར་ནོར་འཛིན་དབང་མོ་ལགས་འཇུ་བཟུང་བྱེད་སྐབས། ས་གནས་ཉེན་རྟོག་པས་ཐོག་མར་ནོར་འཛིན་དབང་མོ་ལགས་ཞིབ་བཤེར་ཁང་དུ་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་པ་དང་། ལག་པར་ལྕགས་སྒྲོན་བརྒྱབ་ནས་སྐར་མ་འགའི་རིང་ནང་མིར་ཐུག་ཏུ་བཅུག་ཡོད་ཀྱང་། ནང་མི་ཚོས་སྤྲད་པའི་གྱོན་ཆས་དང་ཅ་དངོས་གང་ཡང་ལེན་བཅུག་མེད་པ་རེད།

སྤྱིར་ནོར་འཛིན་དབང་མོ་ལགས་ནི་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཁོང་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་ས་གནས་སུ་གནས་ལ་ཕྱིན་ནས། འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། བཟའ་ཟླ་ཉི་མ་གཙོས་ནང་མི་ཚོས་བཙོན་ཁང་དུ་ཁོ་མོར་ཐུག་ཐབས་གང་ཡོང་བྱས་ཡོད་ནའང་། ད་ལྟའི་བར་རྒྱ་ནག་གཞུང་གིས་ཐུག་བཅུག་མེད་པ་རེད་ལ། ད་ལྟ་ཁོང་ལ་རང་ཁྱིམ་དུ་བཟའ་ཟླ་ཉི་མ་གཙོས་བུ་ཕྲུག་ཆུང་ཤོས་ལོ་ ༢ དང་ཆེ་ཤོས་ལོ་ ༥ བཅས་ཁྱོན་བྱིས་པ་ ༣ ཡོད་འདུག

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
President Donald Trump gestures after speaking during a summer soiree on the South Lawn of the White House, Wednesday, June 4, 2025, in Washington
Mobile App

ཊོམ་ཕུ་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
1140,760,0,0.45,-1
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མི་འདུག

ཆུ་ཚོད་ ༤ སྔོན་ལ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

༢༠༢༥/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese