མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ལོ་རྒྱུས་ནང་མི་རིགས་ནག་པོའི་བུད་མེད་ཅིག་ཁྲིམས་དཔོན་དུ་བསྐོས་པ་ཐོག་མ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་ནང་མང་མོས་འོས་བསྡུ་བྱས་པ་བརྒྱུད་ཁྲིམས་ལུགས་རིག་པའི་མཁས་དབང་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ལོ་རྒྱུས་ནང་མི་རིགས་ནག་པོའི་བུད་མེད་ཁྲིམས་དཔོན་ཆེས་ཐོག་མ་དེ་ཆགས།

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་མི་རིགས་ནག་པོའི་རིགས་རྒྱུད་ཡིན་པའི་ལྕམ་ཀེ་ཊན་ཇེ་ཇཱག་སན་(Ketanji Brown Jackson)  ལགས་ཨ་རི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་བྱ་མིན་ཐད། མང་མོས་འོས་བསྡུ་བྱེད་སྐབས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ༤༧ གྱིས་རྒྱབ་སྐྱོར་བྱས་མེད་པ་དང་། མང་གཙོ་ཚོགས་པའི་འཐུས་མི་ ༥༠ དང་སྤྱི་མཐུན་འཐུས་མི་ ༣ བཅས་ཁྱོན་གྲོས་ཚོགས་འཐུས་མི་  ༥༣ གྱི་རྒྱབ་སྐྱོར་ཐོབ་པར་བརྟེན། མང་མོས་ཐོག་ནས་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ལོ་རྒྱུས་ནང་ཆེས་མཐོའི་ཁྲིམས་ཁང་གི་མི་རིགས་ནག་པོའི་བུད་མེད་ཀྱི་ཁྲིམས་དཔོན་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

དེ་འབྲེལ་ཐད་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་ལགས་ཀྱིས་རང་གི་ཊུ་ཝེ་ཊར་སྟེང་། ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་གཏན་འཁེལ་བྱུང་བ་ནི་ང་ཚོའི་ལོ་རྒྱུས་ནང་གི་ཉིན་མོ་ཞིག་ཆགས་ཀྱི་ཡོད་ལ། ང་ཚོས་མི་རིགས་སྣ་འདུས་ཀྱི་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དེ་ཉིད་གོམ་སྟབས་གསར་བ་ཞིག་གི་ཕྱོགས་སུ་བསྒྱུར་ཡོད། ཁོང་མོ་ནི་ཁྱད་དུ་འཕགས་པའི་ཁྲིམས་དཔོན་ཞིག་ཡིན་པ་དང་དུས་སྐལ་འདི་མོ་དང་ལྷན་དུ་རོལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཅེས་བརྗོད་ཡོད་པ་དང་། ད་རེས་མི་རིགས་ནག་པོའི་བུད་མེད་ཅིག་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་བྱུང་བ་དེས། སྲིད་འཛིན་བྷའེ་ཌན་ལགས་ཀྱི་འོས་བསྡུའི་ཁས་ལེན་དམ་བཅའ་ཞིག་ཀྱང་མངོན་འགྱུར་བྱུང་བ་མཚོན་གྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུའི་དྲིལ་བསྒྲགས་སྐབས་ད་ལྟའི་སྲིད་འཛིན་ཇོ་བྷའེ་ཌན་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཁང་དུ་མི་རིགས་ནག་པོའི་བུད་མེད་ཅིག་བསྐོ་གཞག་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།

ད་ལན་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་བྱེད་སྐབས། གྲོས་ཚོགས་འཐུས་མིའི་གྲངས་འབོར་ཆ་མཉམ་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འཐུས་མི་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གསུམ་གྱིས་ཀྱང་རྒྱབ་སྐྱོར་བྱས་ཏེ།ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་བྱུང་བ་གཏན་འཁེལ་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་སུ་སྐྱོན་བརྗོད་དང་འབྲེལ། ཆེས་མཐོའི་ཁྲིམས་དཔོན་དུ་བསྐོས་པར་དགག་བྱ་ཤུགས་ཆེན་བཏོན་ཡོད་ཅིང་། ད་ལྟ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་དཔོན་ཁྱོན་ ༩ ཡོད་པ་ལས་ ༣ བུད་མེད་ཡིན་པ་དང་། དེའི་ནང་ནས་ཀྱང་ཁྲིམས་དཔོན་དྲུག་སྤྱི་མཐུན་ཚོགས་པས་བསྐོ་གཞག་བྱས་པ་དང་ཁྲིམས་དཔོན་གསུམ་མང་གཙོ་ཚོགས་པས་བསྐོ་གཞག་གནང་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༡ ནང་ཕྱི་ལོ་༡༩༩༤ སྲིད་འཛིན་བྷིལ་ཁུ་ལིན་ཊོན་ལགས་ཀྱིས་བསྐོ་གཞག་གནང་བའི་ཁྲིམས་དཔོན་ཆེན་མོ་ (Stephen G Breyer) ལགས་རྒས་ཡོལ་དུ་འགྲོ་རྒྱུའི་ཐག་གཅོད་བླངས་བར་བརྟེན། ད་ལྟ་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་གྲས་སུ་ཚུད་པ་ཡིན་འདུག

ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་གཏན་འཁེལ་བྱུང་བར་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་དང་སྐུ་ལྕམ་དང་པོ་ཟུར་པ་མཱ་ཁལ་ཨོ་བྷ་གཉིས་ཀྱི་གཙོས་ཆབ་སྲིད་པ་མང་པོས་འཚམས་འདྲི་ཞུས་ཡོད་པ་དང་། མཱ་ཁལ་ཨོ་བྷ་མ་ལགས་ཀྱིས། ཁྱེད་ཅག་ནང་བཞིན་ངས་ཀྱང་རོགས་རམ་གང་ཡང་བྱེད་ཐུབ་ཀྱི་མེད་ནའང་། མི་རིགས་ནག་པོའི་བུད་མེད་ཅིག་ས་འདིའི་ཆེས་མཐོ་བའི་ཁྲིམས་ཁང་གི་ཆ་ཤས་ཤིག་ཏུ་གྱུར་བར་འོས་ཤིང་འཚམ་པ་མ་ཟད། གཟི་བརྗིད་ཅིག་ཏུའང་ཚོར་བྱུང་། ཞེས་བརྗོད་ཡོད་པ་དང་། སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གིས། དེ་རིང་ནི་ཨ་རིར་མཚོན་ན་རླབས་ཆེ་ཞིང་ལོ་རྒྱུས་ནང་སྤོབས་པ་སྐྱེས་འོས་པའི་ཉིན་མོ་ཞིག་ཡིན། ཞེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༧༠ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྐྱེས་པའི་ལྕམ་ཀེ་ཊན་ཇེ་ཇཱག་སན་ལགས་ནི་ད་ལྟ་རང་ལོ་ ༥༡ ཡིན་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༢༡ བར་རྒྱལ་ས་ཝ་ཤིན་ཊོན་ཁུལ་དུ་སྤྱི་དམངས་གཏུགས་བཤེར་གྱི་གྱོད་དོན་དང་འབྲེལ་བའི་ཁྲིམས་དཔོན་གྱི་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་ཁྲིམས་ཆད་ཐག་གཅོད་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཙམ་ནས་ཁོ་མོ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་ཞུགས་ཏེ། ཁྲིམས་ལུགས་རིག་པའི་སློབ་གཉེར་བྱས་ཤིང་ཧར་ཝ་ཌའི་ཁྲིམས་ལུགས་དུས་དེབ་ཀྱི་རྩོམ་སྒྲིག་པ་སོགས་གནང་མྱོང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese