མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ལོག་ནས་ལྷ་སར་ཡོང་མཁན་ཚོས་བརྟག་དཔྱད་སྔོན་འགོག་ལ་གཡོལ་ཐབས་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཡུལ་ལུང་གཞན་དུ་ཏོག་དབྱིབས་ནད་མནར་རིམ་གྱིས་ཡལ་བཞིན་པའི་སྐབས་འདིར་རྒྱ་ནག་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་པ་མ་ཟད་ཕྱི་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་མཁན་ཁག་ཅིག་གིས་གཡོལ་ཐབས་བྱས་ཏེ་བརྟག་དཔྱད་བྱེད་ཀྱི་མེད་སྐོར་ལ་ཡོངས་ཁྱབ་བཀའ་རྒྱ་ཞིག་བཏང་འདུག

རྒྱ་ནག་ནང་ལོགས་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་མཁན་ཧ་ཅང་མང་པོ་ཡིན་པ་དང་། རྒྱ་རིགས་ཡུལ་སྐོར་བ་ཚོས་སྔོན་འགོག་ཁ་རས་མ་གྱོན་པར་འཚང་ཁ་ཤིག་ཤིག་གིས་པོ་ཏ་ལ་དང་གཙུག་ལག་ཁང་སོགས་སུ་འགྲོ་བཞིན་པའི་བརྙན་ཐུང་དང་པར་རིས་མང་པོ་མཐོང་རྒྱུ་ཡོད་ལ། ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་ནང་ནད་ཡམས་བརྟག་དཔྱད་ལ་གཡོལ་ཐབས་བྱེད་མཁན་ཡོང་གི་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༨ ཉིན། ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ཞེས་པ་དེས་(ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས)ཟེར་བ་ཞིག་སྤེལ་བའི་ནང་དུ། ཉེ་དུས་རིམས་འགོག་གི་ཞིབ་བཤེར་བྱེད་སྐབས། རྒྱ་ནག་ནང་ལོག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ལྷ་སར་ཡོང་མཁན་ཁག་ཅིག་གིས་ཞིབ་བཤེར་ལས་གཡོལ་ཐབས་བྱས་ཏེ། སྔོན་ལ་ས་ཁུལ་དང་གྲོང་ཁྱེར་གཞན་དག་ལ་བསྐྱོད་ནས་དེ་རྗེས་ལྷ་ས་གྲོང་ཁྱེར་དུ་ཡོང་བའི་གནད་དོན་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་། གནས་ཚུལ་འདིར་དམིགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆ་སེལ་ཏེ་རིམས་ནད་ནང་དུ་མཆེད་རྒྱུ་མཐའ་གཅིག་ཏུ་གཏན་འགོག་དང་། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་མི་མང་གི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ཡག་པོ་སྲུང་ཆེད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ཚོགས་འདུ་བསྡུས་པའི་ལམ་སྟོན་གཞིར་བཟུང་ཞིབ་འཇུག་བྱས་པ་བརྒྱུད།  བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་ནས་ལྷ་སར་ཡོང་མཁན་ལ་རིམས་འགོག་བྱ་ཐབས་ལེགས་སྒྲིག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་ཡོངས་ཁྱབ་བཀའ་རྒྱ་དེའི་ནང་ས་ཁུལ་དང་གྲོང་ཁྱེར་གཞན་ནས་ལྷ་སར་ཡོང་མཁན་ཚང་མས་ངེས་པར་དུ་ནད་རྟགས་མེད་པའི་དཔང་ཡིག་དང་། འགྲོ་སྐྱོད་ཆོག་པའི་དཔང་ཡིག་སྟོན་དགོས་པ་དང་། དཔང་ཡིག་སྟོན་རྒྱུ་མེད་ན་མར་ཡར་འགྲུལ་བཞུད་བྱེད་མི་ཆོག་པ་དང་། གལ་ཏེ་དཔང་ཡིག་མེད་པར་རྐང་བཙུགས་ནས་འགྲུལ་བཞུད་ལམ་ཐིག་གམ་ཡང་ན་ཆ་འཕྲིན་གལ་ཆེན་གཞན་དག་སྦ་གསང་བྱས་ན་མཇུག་འབྲས་མཐའ་དག་སོ་སོས་འགན་འཁུར་དགོས་སྐོར་དང་། དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་མི་གཞན་དང་བར་ཐག་འཇོག་དགོས་པ་དང་། ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་ལག་བསྟར་དགོས་སྐོར་བསྒྲགས་འདུག

དེ་བཞིན། དེ་རིང་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་དུ་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་ལས་དོན་ཚོགས་པས་ཛ་དྲག་བརྡ་ཐོ་བཏང་བའི་ནང་། ཟི་ལིང་གྲོང་ཁྱེར་ནང་ཁྱོན་ཏོག་དབྱིབས་ནད་པ་ ༤༠ ཙམ་ལས་མེད་ཀྱང་། ཁ་སང་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་པ་གསར་པ་ ༡༣ མང་དུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ནད་པ་དེ་དག་གི་འབྲེལ་འདྲིས་ཀྱི་བརྒྱུད་རིམ་སོགས་ལ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་སྐོར་བསྒྲགས་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ (Shanghai) ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༣ ནས་མུ་མཐུད་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་ཁྱིམ་སྡོད་སྒོ་རྒྱ་བསྡམས་ཡོད་པར་བརྟེན། དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཡོང་གི་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་ ༢༣༡༦༤ ཡས་མས་ཡོད་འདུག གནད་དོན་དབྱེ་ཞིབ་པས་བརྗོད་ཚུལ་ལྟར་ན། ད་བར་རྒྱ་ནག་ནང་ཏོག་དབྱིབས་འགོག་ཁབ་ཐེར་འབུམ་ ༡༡ ལྷག་བརྒྱབ་ཟིན་ནའང་། ཁྱིམ་སྡོད་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་གཉན་རིམས་ལ་ཛ་དྲག་གིས་འཐབ་རྒོལ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། འགོག་ཁབ་ཏག་ཏག་མ་བརྒྱབ་པའི་རྒན་གྲས་སོགས་ལ་ངེས་པར་དུ་བརྒྱག་དགོས་པའི་སྐུལ་འདེད་གཏོང་དགོས་སྐོར་བརྗོད་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཚོགས་ཀྱིས། དམིགས་བསལ་གྱིས་ལོ་ན་རྒན་པ་ནང་ནས་འགོག་ཁབ་བརྒྱབ་ཟིན་པའི་བརྒྱ་ཆ་ཉུང་ཉུང་ཡིན་པས། རྒན་པ་རྣམས་གཙོ་བོར་བཟུང་སྟེ་འགོག་ཁབ་བརྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཏོག་དབྱིབས་གཉན་སྲིན་ཨོ་མི་ཁུ་རོན་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད་འདུག་ལ། ལྷོ་ཀོ་རི་ཡ་དང་ཧྥ་རན་སི། འཇར་མ་ནིའི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་མང་ཤོས་ཆགས་ཀྱི་འདུག དེ་ཡང་ལྷོ་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་པ་འབུམ་ ༡།༩༥ དང་ཧྥ་རན་སིའི་ནང་ཏོག་དབྱིབས་ནད་པ་འབུམ་ ༡།༩༡།  དེ་བཞིན་འཇར་མ་ནིའི་ནང་ཏོག་དབྱིབས་ནད་པ་འབུམ་ ༡།༣༩ ཙམ་རེད་འདུག གཞན་ཡང་། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༠༨༨ ཙམ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese