མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཕུན་ལགས་ཀྱི་སྐུ་ཕུང་རྩིས་སྤྲད་མེད་པའི་ཁར་འདས་མཆོད་ཀྱང་བསྒྲུབ་ཏུ་བཅུག་མི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྐུ་ལུས་མེར་སྲེག་གནང་མཁན་བཀྲ་ཕུན་ལགས་ཀྱི་སྐུ་ཕུང་ད་ལྟའང་ཁྱིམ་མིར་རྩིས་སྤྲད་མེད་པ་མ་ཟད་ཁྱིམ་གྱི་གནས་ཚུལ་ཞིག་གི་རྐྱེན་གྱིས་རང་ལུས་མེར་སྲེག་བཏང་ཡོད་ལུགས་ཀྱི་འཁྱོག་བརྗོད་སྤེལ་བཞིན་ཡོད་འདུག

འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པར་དགུང་ལོ་ ༨༡ ཡིན་པའི་བོད་མི་བཀྲ་ཕུན་ལགས་ཀྱིས་སྐུ་ལུས་མེར་སྲེག་གནང་རྗེས། ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཏེ་ད་ལྟའང་ཁྱིམ་མིར་སྤྲད་མེད་པ་མ་ཟད། འདས་མཆོད་བསྒྲུབ་པར་དགེ་འདུན་པ་གདན་འདྲེན་ཞུས་བཅུག་མེད་པ་རེད། ཁྱིམ་མི་ཚོས་སྐུ་ཕུང་ལག་ཏུ་རག་མིན་ལ་མ་ལྟོས་པར་ཞུགས་འབུལ་གྱི་སྐར་མར་བལྟས་ཟིན་ཡོད་ནའང་། ཉིན་དེར་ལུགས་སྲོལ་ལྟར་ས་གནས་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། མ་ཎི་གསུང་འདོན་བྱེད་པའི་མ་ཎི་ཚོགས་ཐུག་ཀྱང་བསྐོལ་བཅུག་མེད་འདུག

བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་ཚང་མར་རྒྱ་ནག་གཞུང་གིས་རིག་འཚོ་མ་ཟིན་པ་ཡིན་ལུགས་དང་ཁྱིམ་གྱི་དཀའ་ངལ་ཡོད་ལུགས་ཀྱི་འཁྱོག་བརྗོད་དང་ཁ་བསྒྱུར་ཐབས་སྣ་ཚོགས་བྱས་དང་བྱེད་མུས་ཡིན་པ་ལྟར། གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ས་གནས་སྲིད་གཞུང་གིས་བཀྲ་ཕུན་ལགས་ཀྱིས་ཁྱིམ་གྱི་དཀའ་ངལ་ཞིག་གི་རྐྱེན་གྱིས་རང་ལུས་མེར་སྲེག་གནང་ཡོད་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། མང་ཚོགས་ཀྱིས་འཁྱོག་བརྗོད་དེ་ལ་ཡིད་ཆེས་གང་ཡང་བྱེད་ཀྱི་མེད་སྐོར་དང་། བཀྲ་ཕུན་ལགས་ཀྱི་བཟའ་ཟླ་ལོ་མང་གོང་ནས་འདས་གྲོངས་སུ་ཕྱིན་ཟིན་པ་དང་། བུ་ཕྲུག་རྣམས་ཀྱིས་རང་ཁ་རང་གསོ་བྱས་ཏེ་དཀའ་ངལ་དང་སྡུག་བསྔལ་གང་མེད་སྟབས། དགུང་ལོ་ ༨༡ ཡིན་པའི་རྒན་པོ་ཞིག་ལ་ཁྱིམ་གྱི་དཀའ་ངལ་གང་ཡང་མེད་སྐོར་བརྗོད་བྱུང་།

བཀྲ་ཕུན་ལགས་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་ཞིང་།  གཉེན་ཉེ་དང་ཉེ་རྒྱུད་མང་པོ་ཡོད་པའི་ཁྲོད་ནས་ཁོང་ནི་རྒན་ཤོས་ཤིག་དང་ཚང་མས་གུས་བརྩི་བྱེད་ས་ཞིག་ཡིན་འདུག་ལ། དུས་རྟག་ཏུ་བོད་དོན་ལ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༢༡ ལོར་ཁོང་གི་བརྒྱད་ཅུའི་གྱ་སྟོན་སྐབས་སུ། བཀྲ་ཕུན་ལགས་ཀྱིས་“ ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས། ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆགས།’’ཞེས་ལམ་སྟོན་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

༢༠༢༦/༡༠/༡༡
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese