མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉེ་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཇོ་སི་མེ་ཉུལ་རཱ་མོ་སི་ཧོར་ཊ་ (José Manuel Ramos-Horta) ལགས་ལྷོ་ཤར་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་ཨི་སི་ཊི་མོར་ (East Timor) གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

His Holiness the Dalai Lama and fellow Nobel Peace Prize Laureate Jose Ramos-Horta.

༧གོང་ས་མཆོག་གི་གསུང་འཕྲིན་ནང་། སྐུ་ཉིད་ཕྱི་ལོ་ ༡༩༩༠ ནང་དྷ་རམ་ས་ལར་ཕེབས་པ་ནས་བཟུང་འདས་པའི་ལོ་ངོ་མང་པོའི་རིང་ངོས་གཉིས་ངོ་ཤེས་སུ་གྱུར་བ་དེ་ནི་དགའ་སྤོབས་འོས་པ་ཞིག་རེད། ཅེས་གསུངས་པ་དང་འབྲེལ། ད་ལན་བསྐྱར་དུ་ཁྱེད་རང་མདུན་ལ་འགན་འཁྲི་ཆེན་པོ་ཞིག་བབས་ཡོད། ངོས་ཀྱིས་ཁྱེད་རང་གི་མགོ་འཁྲིད་འོག་ཊི་མོར་ལི་སི་ཊེ་ (Timor-Leste) ཡི་མི་མང་རྣམས་མུ་མཐུད་ཞི་བདེ་དང་འཕེལ་རྒྱས་ལ་རོལ་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ཁྱེད་ཀྱིས་སྤྱི་ཚོགས་ཁྲོད་ཁེ་དབང་ཆུང་བ་རྣམས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་ཏེ། མཇུག་ཏུ་སྲིད་འཛིན་གསར་པས་རང་གི་འབངས་མི་སེར་རྣམས་ཀྱི་མངོན་འདོད་དང་རེ་བ་བསྒྲུབ་རྒྱུར་ལམ་ལྷོངས་ཡོང་བའི་ཐུགས་སྨོན་ཡང་མཛད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མི་འབོར་ས་ཡ་ ༡།༣ ལས་མེད་པའི་ཊི་མོར་ལེ་སི་ཊེ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ (Democratic Republic of Timor-Leste)  ཀྱི་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད། སྲིད་འཛིན་ལས་ཐོག་ (Francisco Guterres) ལ་ཁྱོན་འོས་གྲངས་ ༢,༤༢ ,༤༤༠ ཐོབ་སྟེ་འོས་ཀྱི་བརྒྱ་ཆ་ ༣༧།༩༡ རག་ཡོད་པ་དང་། ད་ལྟ་དགུང་ལོ་ ༧༢ ཡིན་པའི་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་འགན་འཁུར་བཞེས་མྱོང་མཁན་སྐུ་ཞབས་ཇོ་སི་རཱ་མོ་ལགས་སུ་ཁྱོན་འོས་གྲངས་ ༣,༩༧,༡༤༥ དང་། འོས་ཤོག་གི་བརྒྱ་ཆ་ ༦༢།༠༩ ཐོབ་སྟེ་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་ལ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་དངོས་སུ་སྲིད་འཛིན་གྱི་ལས་འཁུར་ཞུ་རྒྱུ་ཡིན་འདུག

སྐུ་ཞབས་ཇོ་སི་རཱ་མོ་སི་ཧོར་ཊ་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་སྐབས་རང་ཉིད་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས་ཡུལ་དེའི་གྲོས་ཚོགས་ནུས་མེད་བཟོ་རྒྱུའི་དགོངས་ཚུལ་གསུངས་ཡོད་འདུག་ལ། དེའི་རྐྱེན་པས་མི་རིང་བར་ཡུལ་དེའི་ནང་ཆབ་སྲིད་ཀྱི་ཟིང་ཆ་ཕྲན་བུ་ལངས་སྲིད་པ་ཞིག་ཡིན་འདུག་ལ། ཡང་ཕྱོགས་གཅིག་ནས་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱིས་ཡུལ་དེའི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེར་ཐེབས་ཏེ་ད་ལྟའང་བསྐྱར་གསོ་མ་ཐུབ་པར་ལུས་ཡོད་ཅིང་། འཛམ་གླིང་དངུལ་ཁང་ཆེན་མོ་ (World Bank) ལྟར་ན་ཡུལ་དེའི་མི་འབོར་བརྒྱ་ཆ་ ༤༢ ལྷག་ཙམ་ད་དུང་དབུལ་ཕོངས་ཀྱི་ཚད་ལས་བརྒལ་མེད་པར་བརྟེན། སྲིད་འཛིན་གསར་པའི་ལས་འགན་གཙོ་བོ་ནི་དབུལ་གྲོལ་བྱ་རྒྱུ་དེ་ཡིན་པ་རེད་འདུག

Jose Ramos Horta has won his second term term as president after receiving 62% of the vote. Photograph: Lirio Da Fonseca/Reuters

ཨི་སི་ཊི་མོར་རྒྱལ་ཁབ་འདི་ནི་ཨོ་གླིང་གི་བྱང་ཕྱོགས་སུ་ཡོད་པའི་ཊི་མོར་རྒྱ་མཚོའི་ཁུལ་དུ་ཆགས་ཡོད་ཅིང་། ཡུལ་དེ་དུས་རབས་ ༡༦ ནས་བཟུང་ཕྱི་ལོ་ ༡༩༧༥ བར་པོར་ཇུ་གྷལ་ (Portugal) གྱི་མི་སེར་སྤེལ་ཡུལ་དུ་གྱུར་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ཟླ་ ༡༡ ཚེས་ ༢༨ ཉིན་ཨི་སི་ཊི་མོར་རང་བཙན་གྱི་གསར་བརྗེའི་འཐབ་ཕྱོགས་ (Revolutionary Front for an Independent East Timor) ཟེར་བས་ཨི་སི་ཊི་མོར་རང་བཙན་དུ་ཁྱབ་བསྒྲགས་བྱས་ཡོད་ནའང་། ཉིན་གྲངས་དགུ་ཡི་རྗེས་ཡུལ་དེའི་ནུབ་བྱང་ཁུལ་དུ་ཡོད་པའི་ཨིན་ཌོ་ནེ་ཤི་ཡའི་དམག་གིས་བཙན་འཛུལ་བྱས་ཏེ་ལོ་ངོ་ ༢༥ མ་ཟིན་ཙམ་རིང་དབང་བསྒྱུར་བྱས་ཤིང་། ལོ་ངོ་དེ་དག་ནང་ཨི་སི་ཊི་མོར་ནང་འཁྲུག་རྩོད་རྒྱུན་མ་ཆད་པར་བྱུང་ཡོད་པ་རེད། ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༨ པའི་ནང་པོར་ཇུ་གྷལ་དང་ཨི་ཌོ་ནེ་ཤི་ཡའི་བར་གྲོས་མཐུན་བཞག་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་མང་མོས་འོས་བསྡུ་བརྒྱུད་ཨི་སི་ཊི་མོར་ཀྱི་མང་ཚོགས་ངོས་ནས་རང་བཙན་བྱ་རྒྱུའི་རང་ཐག་རང་གཅོད་བྱས་ཤིང་། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༣༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་ཨི་སི་ཊི་མོར་ཡུལ་གྱིས་གྲོས་ཚོགས་འཐུས་མི་ཐོག་མ་རྣམས་འོས་འདེམས་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༢༢ ཉིན་ཡུལ་དེའི་རྩ་ཁྲིམས་གཏན་འབེབས་ཀྱིས་ལོ་དེའི་ཕྱི་ཟླ་ ༥ པའི་ནང་དངོས་སུ་ལག་བསྟར་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་རེད།

ད་ལན་ཨི་སི་ཊི་མོར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བའི་སྐུ་ཞབས་ཇོ་སི་རཱ་མོ་སི་ཧོར་ཊ་ལྟ་བུར་མཚོན་ན་ཕྱི་ལོ་ ༡༩༤༩ ལོར་སྐྱེས་ཤིང་། ཨི་སི་ཊི་མོར་གྱི་རང་བཙན་ལས་འགུལ་ནང་ཤུགས་རྐྱེན་ཆེན་པོ་འཇོག་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༩༦ ལོར་ཁོང་དང་ཨི་སི་ཊི་མོར་གྱི་ཡེ་ཤུའི་ཆོས་དཔོན་ཁར་ལོ་སི་ཧྥི་ལིབ་བྷེ་ལོ་ (Carlos Filipe Ximenes Belo) རྣམ་གཉིས་ལ། ཞི་བདེ་དང་དྲང་བདེན་གྱི་ལམ་ནས་ཨི་སི་ཊི་མོར་གྱི་རྩོད་རྙོག་སེལ་རྒྱུའི་ཕྱོགས་སུ་ཕྱག་ལས་གནང་བའི་ངོས་འཛིན་ཐོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ལོར་ཨི་སི་ཊི་མོར་རང་བཙན་དུ་གྱུར་རྗེས་སྐུ་ཞབས་ཇོ་སི་རཱ་མོ་སི་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཐོག་མ་དེར་བསྐོ་གཞག་བྱས་ཡོད་ཅིང་། དེའི་རྗེས་ཕྱི་ལོ་ ༢༠༠༦ ལོར་ཡུལ་དེའི་སྲིད་བློན་གཉིས་པ་དེར་བསྐོ་གཞག་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་སྐབས་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟེ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་གྱིས་ཕྱི་ལོ་ ༢༠༡༢ བར་སྲིད་འཛིན་གྱི་ལས་འཁུར་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese