མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet)ལགས་ཟླ་འདིའི་ནང་རྒྱ་ནག་གི་དབང་བསྒྱུར་འོག་གནས་ཡོད་པའི་ས་ཁུལ་ཁག་ཅིག་ཏུ་འཚམས་གཟིགས་སུ་ཕེབས་རྒྱུའི་གསལ་བསྒྲགས་གནང་བ་ལྟར། བོད་ནང་ངེས་པར་དུ་ཕེབས་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཟིགས་ཞིབ་གནང་དགོས་པའི་རེ་འདུན་བཏོན།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དྷ་ས་མེག་གྷན་བཞི་མདོ་རུ་༧པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་དགོས་པའི་ཟས་བཅད་ངོ་རྒོལ་བྱས། 2022\05\17 Photo:Tibettimes.net

དེ་རིང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་མཛད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་ཏེ་མི་ལོ་ ༢༧ ཕྱིན་པའི་ཉིན་མོ་དང་བསྟུན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་འཕྲལ་དུ་ཀློད་གྲོལ་གཏང་དགོས་པའི་རེ་འདུན་འདོན་གྱི་འདུག་ལ། དབུས་བུད་མེད་ལྷན་ཚོགས་ནས་མེག་གྷན་བཞི་མདོ་རུ་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ བར་དུ་ཟས་བཅད་ངོ་རྒོལ་གནང་བཞིན་འདུག

 བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱངས་བྱས་པའི་ནང་། ཟླ་༥ ཚེས་༡༧ ཉིན་མོ་ནི་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། ཁོང་གི་སྐུ་འཁོར་ནང་མི་རྣམས་དང་། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དབུ་འཛིན་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་གཙོ་བོ་བྱ་བྲལ་རིན་པོ་ཆེ་བྱམས་པ་འཕྲིན་ལས་མཆོག་དང་བྱང་པ་ཅུང་ལགས་བཅས་རྒྱ་གཞུང་གིས་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་རྩ་བདུན་འཁོར་བའི་དུས་ཚིགས་གལ་ཆེ་ཞིག་ཡིན་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ལོ་ལྟར་དུས་དྲན་སྲུང་བརྩིས་ཞུ་ཡི་ཡོད།བོད་ཀྱི་སྔར་སྲོལ་ལྟར་ན་ྋརྒྱལ་བ་ཡབ་སྲས་རྣམ་གཉིས་པན་ཚུན་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡོད། རྒྱལ་བ་ཡབ་སྲས་རྣམ་གཉིས་ནི་བོད་དང་བོད་མི་རིགས་སྤྱི་དང་ཐུན་མོང་མིན་པའི་ལས་འབྲེལ་ཁྱད་དུ་འཕགས་པའི་རྣམ་ཐར་མདོ་དང་བསྟན་བཅོས་ཁུངས་ལྡན་མང་པོའི་ནང་གསུངས་ཡོད་པ་མ་ཟད་ལྷག་པར་༧གོང་ས་༧རྒྱལ་དབང་རིམ་བྱོན་དང་། ༧ཀུན་གཟིགས་པཎ་ཆེན་རིམ་བྱོན་དབར་ལ་ཕན་ཚུན་ཐུན་མིན་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་དང་ཐུགས་བསྐྱེད་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱིས་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་པོའི་ནང་རྒྱལ་བ་ཡབ་སྲས་ཉི་ཟླའི་རླབས་ཆེན་མཛད་འཕྲིན་འབུམ་གྱི་གཟི་བྱིན་འོད་སྣང་གིས་བཀྲིན་བསྐྱངས་པའི་བསམ་གྱི་མི་ཁྱབ་པའི་ངོ་མཚར་ལོ་རྒྱུས་ལྡན་ཡོད། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ད་ཆ་རྒྱལ་སྤྱིའི་གནད་དོན་ཆགས་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་བཙན་དབང་དང་དབང་མེད་དུ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་ཐོག་ཉམས་ཞིབ་ཚན་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ྋཔཎ་ཆེན་རིན་པོ་ཆེ་མཆོག་གི་གནས་ཚུལ་གསལ་ཁ་དགོས་པའི་དགོས་འདུན་སྟོན་པར། རྒྱ་གཞུང་གིས་ཞིབ་ཆའི་དོན་དངོས་དང་མཐུན་པའི་འགྲེལ་བརྗོད་སྣ་གཅིག་ཀྱང་མེད་ཁར་འཛམ་གླིང་མི་མང་རྣམས་ལ་མགོ་འཁོར་གཏོང་ཐབས་སུ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་སྐུ་གཟུགས་བདེ་ཐང་ཡོད་པ་དང་། ཁོང་རྣམ་པས་གཞན་གྱིས་བསུན་ བཙིར་ལ་དགའ་པོ་མེད་ཚུལ་སོགས་འགྲེལ་བཤད་མི་བདེན་བརྫུན་སྒྲིག་གི་གཏམ་བཤད་ལོ་ཤས་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད། དེ་དག་ནི་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་ད་བར་རྒྱལ་སྤྱི་མི་མང་ལ་མགོ་འཁོར་བཏང་གི་ཡོད་པའི་དངོས་འཛིན་དགོས་པ་གསལ་པོ་རེད། སྤྱིར་རྒྱ་ནག་གི་བཅའ་ཁྲིམས་ནང་འཁོད་ལྟར་ན་སྤྱི་འབངས་སུ་ཞིག་ཡིན་རུང་ལོ་༡༨ མ་ལོན་བར་ཁྲིམས་ཀྱི་འགན་དབང་གང་ཡང་མེད་ཅེས་བཤད་ཡོད་ནའང་ནག་ཉེས་གང་ཡང་མེད་ཅིང་དགུང་གྲངས་དྲུག་ལས་མ་སོན་པའི་༧ཀུན་གཟིགས་པན་ཆེན་རིན་པོ་མཆོག་བཙན་འཁྲིད་བཙོན་བཅུག་བྱས་པ་འདི་ནི་རྒྱ་ནག་དམར་གཞུང་རང་གི་རྩ་ཁྲིམས་རང་གིས་རྡོག་བརྫིས་བཏང་བ་ཞིག་ཆགས་ཡོད་པ་མ་ཟད་མིང་གྲགས་ཅན་གྱི་རྒྱ་ནག་གཞུང་གིས་བྱིས་པ་བཙན་འཁྲིད་རྐུ་འཁྱེར་གྱིས་ད་བར་མི་ལོ་ཉེར་བདུན་རིང་མི་སུ་གཅིག་ཀྱང་མཇལ་འཕྲད་ཞུར་མི་བཅུག་པའི་བྱེད་སྟངས་འདི་ནི་ཧ་ཅང་སྡུག་རྩུབ་ཆེ་ཞིང་སྐྱི་གཡའ་བ་དང་ངོ་ཚ་ཁ་སྐྱེངས་དང་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཞིག་ཆགས་ཡོད། རྒྱ་གཞུང་ནས་རྟག་པར་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་གནས་ཁྱབ་བསྒྲགས་སྤེལ་བཞིན་པ་ལྟར་ན་༧པཎ་ཆེན་རིན་པོ་ཆེ་མཆོག་འདི་ལོ་དགུང་ལོ་༣༣ལ་ཕེབས་པའི་བར་རྒྱ་ནག་གིས་དམ་བསྒྲགས་འོག་བཞུགས་དོན་མེད་སྟབས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་བཞིན་མི་མང་ལ་རང་དབང་ཡོད་པ་ལྟར་ན་སྤྱི་མཚུངས་ཀྱིས་ཁོང་ལའང་རང་ཐག་རང་གཅོད་ཀྱི་སྨྲ་བརྗོད་ཐོབ་ཐང་ཡོད་དགོས་པ་རེད། རྒྱལ་སྤྱིའི་ནང་གི་གཞུང་འབྲེལ་གཟིགས་སྐོར་སྐབས་༧པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་ཡོང་བའི་ཐབས་ཤེས་གང་མང་གནང་ཡོད་ན་ཡང་། འཛམ་གླིང་སྟེང་དངོས་འབྲེལ་ཐོག་ཞལ་མཇལ་དང་སྐུ་ན་སོན་པའི་སྐུ་དཔར་ཞིག་ཀྱང་མཇལ་རྒྱུ་མེད་པ་དེ་ཧ་ཅང་བློ་ཕམ་དང༌། རྒྱལ་སྤྱིའི་མི་སྣ་གྲགས་ཅན་སུ་གཅིག་དང་མཇལ་འཕྲད་ཞུས་བཅུག་གི་མེད་པ་དེ་ནི་རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་སྣང་མེད་དང་མཐོང་ཆུང་ལས་བརྩིས་འཇོགས་རྩ་བ་ནས་ཞུ་གི་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་། རྒྱ་ནག་དམར་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པ་དེ་རྒྱ་གཞུང་གིས་བོད་ཀྱི་ནང་ཆོས་ལ་ཁྱད་གསོད་དང་།མཐོང་ཆུང། བརྩི་མེད་རྡོག་རོལ་དུ་བཏང་བ་གསལ་པོ་མཚོན་གྱི་ཡོད། ཆོས་དད་བྱེད་རྒྱུ་དེ་འཁྲབ་སྟོན་ཞིག་མ་ཡིན་པར་བོད་མིའི་སེམས་ཁམས་ནང་འདུ་ཤེས་ཟབ་མོ་ལྡན་ཡོད། བོད་མི་རིགས་དང་རིག་གཞུང་ལ་བརྩི་འཇོག་དང་ཤེས་རྟོགས་ཐུབ་པ་དགོས་ན་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གཞུང་གཉིས་ཁ་བྲལ་ཐབས་མེད་པ་དེ་ངེས་པར་ཤེས་དགོས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་ྋཔཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ལོ་ངོ་ཉི་ཤུ་རྩ་བདུན་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡོང་རྐྱེན་ལ་བོད་མི་ཙམ་མ་ཟད་འཛམ་གླིང་ནང་གི་མི་མང་ཡོངས་ནས་སེམས་ཚབས་ཆེན་པོ་གནང་གི་ཡོད། རྒྱ་དམར་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་གཏོང་གྱི་ངན་བྱུས་དག་མུ་མཐུད་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་བྲལ་ཏེ། བོད་ནང་གཙོ་བོར་གྱུར་བའི་བོད་མི་དཔའ་བོ་དཔའ་མོ་༡༦༩ བརྒལ་བས་ཐོབ་དཀའི་མི་ལུས་རིན་ཆེན་མེར་བསྒྲོན་ཏེ། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་བཟོད་དཀའ་བའི་དཀའ་ངལ་དེ་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་ཡོད་ན། དེ་དག་གི་བྱུང་རྐྱེན་ལ་ངོས་ལེན་གྱིས་འཕྲལ་དུ་ངན་བྱུས་སྲིད་བྱུས་མཚམས་འཇོག་དགོས་པ་རྒྱ་ནག་དམར་གཞུང་ལ་ཞུ་ཡི་ཡོད། དེ་བཞིན་ྋཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་མཆོག་ཕྱི་ལོ་༡༩༩༥ ལོར་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཐོབ་ནས་ྋརྒྱལ་དབང་ཡབ་སྲས་གཉིས་གསེར་ཞལ་ལྷན་འཛོམས་ཐོག་གདན་ས་བཀྲིས་ལྷུན་པོར་ཞབས་སོར་མ་འཁོད་བར་དུ་མུ་མཐུད་འཚོལ་ཞིབ་རྩད་གཅོད་ཀྱི་ལས་འགུལ་བློས་གཏོང་བྱེད་མི་སྲིད་ཅེས་བརྗོད་རྒྱུ་དང་སྦྲགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། དེ་རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང། ཁོང་གི་སྐུ་འཁོར་ནང་མི་རྣམས་དང་།བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་རྩ་བདུན་འཁོར་བའི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་དེ་རིང་གིས་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དབུས་ས་གཉིས་ཀྱི་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ས་གནས་ས་ཐོག་ཏུ་སྤེལ་གྱི་ཡོད་པའི་སྐབས་འདིར། འགྲོ་བ་མིའི་ཐོབ་ཐང་ཚན་པ། བྱིས་པའི་ཐོབ་ཐང་ཚོགས་ཆུང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ལས་དོན་རྟོག་ཞིབ་ཚོགས་ཆུང་། ༧སྤྱིའི་དབུ་འཁྲིད་རྣམ་པ། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་འཁོད་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ཁོང་གི་སྐུ་འཁོར་ནང་མི་རྣམས་དང་། གདན་ས་བཀྲིས་ལྷུན་པོའི་དབུ་འཛིན་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་དང་བྱང་པ་གཅུང་ལགས་གཙོས་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་པ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་བྱ་དགོས་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bacheleb) མཆོག་ལ་དམིགས་གསལ་གྱི་ འདི་ལོ་ཟླ་བ་༥ པའི་ནང་རྒྱ་ནག་དང་རྒྱ་ནག་གི་དབང་བསྒྱུར་འོག་གནས་ཡོད་པའི་ས་ཁུལ་ཁག་ལ་མཚམས་གཟིགས་ཕེབས་རྒྱུའི་གསལ་བསྒྲགས་གནང་བ་བཞིན་བོད་ནང་ངེས་པར་དུ་ཕེབས་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གཟིགས་ཞིབ་མཐིལ་ཕྱིན་ཡོང་བའི་འབོད་སྐུལ་ཤུགས་དྲགས་ཞུ་ཡི་ཡོད་སོགས་འཁོད་འདུག

དེའི་རྗེས་ཧི་མ་ཅལ་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་ ( Ajay Singh mankotia) ལགས་ཀྱིས། རྒྱ་ནག་གཞུང་གིས་སྐུ་གཟིགས་༧པཎ་ཆེན་རིན་པོ་མཆོག་འཛིན་བཟུང་བཙོན་འཇུག་བྱས་སྟེ། མི་ལོ་ཧྲིལ་པོ་ ༢༧ འགྲོ་ཡི་ཡོད་ཀྱང་། ད་ལྟའང་བོད་མི་ཚོས་ཁོང་གི་སྐོར་ལ་ཤེས་རྟོགས་མ་བྱུང་བར་ལུས་པ་དེར་བློ་ཕམ་དང་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོདལ། རྒྱ་ནག་གཞུང་གིས་བོད་ཀྱི་བླ་ཆེན་ཞིག་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་ཧ་ཅང་ཐབས་སྐྱོ་བོ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ལ་བྱ་སྤྱོད་དེར་གྲུབ་འབྲས་ངན་པ་ཞིག་འཐོན་རྒྱུ་ཡིན་པ་གསལ་པོ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དེ་རིང་ལས་འགུལ་འདི་འདྲ་ཞིག་སྤེལ་བར་ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྨོན་གྱི་འོག་ནས་བོད་མི་ཚོས་མུ་མཐུད་དུ་ལས་འགུལ་འདིའི་རིགས་སྤེལ་གལ་ཆེན་པོ་ཡིན་ཞིང་། ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་ཐད་ལས་འགུལ་སྤེལ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་གནང་གི་ཡོད་པ་དང་། དེ་བཞིན་དེ་རིང་དབུས་བོད་བུད་མེད་ལྷན་ཚོགས་ཀྱིས་ས་གནས་ཁག་ ༥༨ ལྷག་གི་ནང་དུ་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་མུས་ཡིན་འདུག་ལ། དབུས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་དྷ་ས་མེག་རྒན་ཁྲོམ་གཞུང་དུ་༧པཎ་ཆེན་རིན་པོ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་གྱིས། རྒྱ་ནག་གཞུང་གིས་ཁོང་ཉིད་ཀློད་གྲོལ་གཏང་དགོས་པའི་རེ་འདུན་འདོན་གྱི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese