མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་ཨ་རིའི་དམག་གིས་རྒོལ་ལན་སྤྲོད་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༣ ཉིན་ཉི་ཧོང་གི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ཨ་རིས་རྒྱུན་སྐྱོང་བྱས་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ཀྱི་རྒྱ་ལས་བརྒལ་ཏེ་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་ཨ་རིའི་ངོས་ནས་དེར་དམག་གིས་ཡ་ལན་སྤྲོད་ངེས་ཡིན་སྐོར་བསྒྲགས་ཡོད་འདུག

US President Biden at Tokyo’s Akasaka Palace on May 23. Photo: AFP

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྲིད་འཛིན་བྷའེ་ཌིན་མཆོག་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས་ཀྱི་ཨེ་ཤ་ཡའི་སྐོར་སྐྱོད་ཐོག་མ་དེ་ལྷོ་ཀོ་རི་ཡ་ནས་འགོ་འཛུགས་གནང་སྟེ། ཁ་སང་ཉི་ཧོང་དུ་ཡུལ་དེའི་སྲིད་འཛིན་གསར་པ་ཧྥུ་མིའོ་ཀི་ཤི་ཌ་ ( Fumio Kishida) མཅོག་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག གསར་འགོད་པ་ཞིག་གིས་ཐའེ་ཝན་ལ་བཙན་འཛུལ་བྱུང་སྐབས་ཨ་རིའི་ངོས་ནས་དེར་དམག་དོན་མཉམ་ཞུགས་བྱ་རྒྱུ་ཡིན་མིན་དྲིས་པར། སྲིད་འཛིན་བྷའེ་ཌིན་མཆོག་གིས་ཨ་རིས་ཐའེ་ཝན་ལ་དེ་ལྟར་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྐོར་ལན་འདེབས་བྱས་འདུག་པ་མ་ཟད། རྒྱ་ནག་གིས་དམག་འཐབ་ཀྱི་ཐོག་ནས་ཐའེ་ཝན་རང་ཁོངས་སུ་འཇུག་རྒྱུའི་བསམ་བློ་དེ་རན་འཚམ་ཞིག་མིན་པ་དང་། དེ་ལྟར་བྱུང་བའི་དབང་དུ་བཏང་ན་ཐའེ་ཝན་དེ་ད་ལྟའི་ཡུ་ཀེ་རེན་ལྟར་ཆགས་ངེས་ཡིན་སྐོར་བརྗོད་འདུག་ལ། སྲིད་འཛིན་སྒེར་གྱི་བསམ་པར་རྒྱ་ནག་གིས་ཐའེ་ཝན་བཙན་འཛུལ་བྱ་རྒྱུ་མིན་ནའང་། གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་འཛུལ་ལ་ཡ་ལན་ཇི་འདྲ་སྤྲོད་མིན་ལ་རག་ལས་ཀྱི་ཡོད་སྐོར་གསུངས་འདུག

སྲིད་འཛིན་བྷའེ་ཌིན་མཆོག་ནས་རྒྱ་ནག་གཅིག་གི་སྲིད་ཇུས་སྐོར་ལ་གསུང་བཤད་འདི་འདྲ་གནང་བ་ཐེངས་དང་པོ་མིན་པ་རེད། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་སི་ཨེན་ཨེན་གསར་ཁང་གི་འདུ་འཛོམས་བགྲོ་གླེང་ཞིག་གི་སྐབས་སུའང་དེ་ལྟར་གསུངས་ཡོད་པ་རེད། ད་ལན་གསུང་བཤད་དེ་གནང་རྗེས། ཨ་རིའི་ཕོ་བྲང་དཀར་པོས་འཕྲལ་དུ་སྲིད་འཛིན་མཆོག་གི་གསུང་བཤད་དེའི་དོན་ནི་ཨ་རིའི་ཁྲིམས་སྒྲིག་ལྟར་ཐའེ་ཝན་ལ་རྒྱལ་སྲུང་ཆེད་གོ་མཚོན་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་པའི་གསལ་བཤད་བྱས་ཡོད་འདུག་ལ། དེ་བཞིན་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་གིས་ཀྱང་ཨ་རིའི་རྒྱ་ནག་དང་ཐའེ་ཝན་སྐོར་གྱི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཐེབས་མེད་སྐོར་དང་། དེ་བཞིན་འབྲེལ་ཡོད་མི་སྣ་ཞིག་གིས་སྲིད་འཛིན་བྷའེ་ཌིན་མཆོག་གིས་གསུང་འདོད་པ་ནི། ཨ་རིའི་ངོས་ནས་ཐའེ་ཝན་ལ་མཚོན་ཆ་སྤྲོད་རྒྱུ་ལས། དམག་དངོས་སུ་གཏོང་རྒྱུ་དེ་མིན་སྐོར་འགྲེལ་བརྗོད་བྱས་འདུག

ད་ལྟའི་རྒྱལ་སྤྱིའི་ཐོག་ཡུ་ཀེ་རེན་ནང་གི་དམག་འཁྲུག་དང་། ལྷག་པར་དུ་ད་ལྟ་ཉི་ཧོང་གིས་འཚོག་བཞིན་པའི་རྒྱལ་ཁབ་བཞིའི་ལྷན་ཚོགས་ (Quad Summit) ཀྱི་གནད་དོན་སོགས་ཀྱི་རྐྱེན་པས། སྲིད་འཛིན་གྱི་གསུང་བཤད་དེས་ཨ་རིའི་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུའི་དཀྱོག་མཚམས་ཤིག་ལ་གཏུག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར། ཁ་སང་ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་བྷའེ་ཌིན་མཆོག་ལ་དགའ་བསུ་ཞུས་ཡོད་པ་རེད། འོན་ཀྱང་དུས་རྒྱུན་ལྟར་རྒྱ་ནག་གི་ཕྱི་སྲིད་མགྲིན་པ་ཝང་ཝིན་པིན་ཟེར་བ་དེས། ང་ཚོས་ཨ་རིའི་ཕྱོགས་ཀྱི་རྒྱ་ནག་གཅིག་གི་སྲིད་ཇུས་དང་། རྒྱ་ནག་དང་ཨ་རིའི་དབར་བཞག་པའི་གྲོས་མཐུན་གསུམ་བཅས་ལ་བརྩི་སྲུང་དགོས་པ་དང་། ཐའེ་ཝན་རང་བཙན་ཞེས་པ་དེར་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་ཁས་ལེན་གལ་ཆེན་དེར་བརྩི་སྲུང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ལ། ཐའེ་ཝན་མཚོ་འགག་ཁུལ་གྱི་ཞི་བདེ་དང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་འཐོར་བཤིག་མི་གཏོང་བའི་ཆེད་དུ། ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་བརྡ་ལན་ལོག་པ་མི་སྦྱིན་རྒྱུར་རེ་བ་བྱེད་ཀྱི་ཡོད། རྒྱ་ནག་ངོས་ནས་རང་གི་ས་ཁོངས་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་བཅས་ཀྱི་ཆེད་དུ་ཡ་ལན་སློག་ངེས་ཡིན། ཞེས་ཉེན་བརྡ་བཏང་འདུག

BEIJING, CHINA – MARCH 01: Ministry of Foreign Affairs spokesperson Wang Wenbing speaks during the daily press conference on March 01, 2022 in Beijing, China. (Photo by Andrea Verdelli/Getty Images)

རྒྱ་ནག་དམར་ཤོག་གཞུང་གིས་དམངས་གཙོའི་ཆ་ལག་ཚང་བའི་ཐའེ་ཝན་གླིང་ཕྲན་དེ་རྒྱ་ནག་ནས་ཁ་འཐོར་དུ་སོང་བའི་ཆ་ཤས་བྲལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༡༩༧༩ ལོར་ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པ་དེ་ཉིད་རྒྱ་ནག་གི་གཞུང་ངོ་མར་ངོས་འཛིན་བྱས་པ་མ་ཟད། རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་གསར་པ་དེའི་འོག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་རྒྱ་ནག་གཞུང་གཅིག་པུ་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ལོ་དེ་རང་ལ་ཨ་རིའི་གྲོས་ཚོགས་གོང་འོག་གིས་ཐའེ་ཝན་འབྲེལ་ལམ་ཁྲིམས་ཡིག་ (Taiwan Relations Act of 1979) གཏན་འབེབ་བྱས་ཏེ། ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་དོ་ཕོག་མ་བཏང་བའི་ཐོག་ནས་ཐའེ་ཝན་ལ་ཚོང་དོན་དང་ཤེས་རིག་གི་འབྲེལ་ལམ་འཛུགས་ཐབས་དང་། ལྷག་པར་དུ་ཐའེ་ཝན་ལ་རྒྱལ་སྲུང་གི་ཆེད་དུ་གོ་མཚོན་མཁོ་སྤྲོད་བྱ་དགོས་པ་ཡིན། དུས་རྒྱུན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་གྱི་གཙོ་གནད་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱིན་ཡོད་ནའང་། ཨ་རིས་ཉེ་བའི་ལོ་ཤས་ནང་ཐའེ་ཝན་ལ་གོ་མཚོན་སྔར་བས་མང་བ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་མཐོ་རིམ་མི་སྣའང་མངག་གཏོང་བྱས་ཡོད་པ་རེད།

ཨ་རིའི་ཐའེ་ཝན་འབྲེལ་ལམ་ཁྲིམས་ཡིག་དེའི་ནང་། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྐབས་ཨ་རིའི་ཕྱོགས་ནས་དེར་ཡ་ལན་ཇི་ལྟར་སྤྲོད་དགོས་མིན་གསལ་པོ་འཁོད་མེད་པར་བརྟེན། སྲིད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཨ་རིའི་སྲིད་ཇུས་དེ་ནི་ངེས་གཏན་མེད་པའི་ཐབས་ཇུས་ཤིག་ཡིན་སྐོར་རྗོད་ཀྱི་ཡོད་ཅིང་། ལ་ལས་ཐབས་ཇུས་དེ་ལ་བརྟེན་ནས། ད་བར་རྒྱ་ནག་གིས་ཐའེ་ཝན་ལ་དངོས་སུ་བཙན་འཛུལ་བྱས་མེད་ལ། ཐའེ་ཝན་གྱིས་ཀྱང་རང་བཙན་ཁྱབ་བསྒྲགས་བྱེད་ཐུབ་མེད་སྐོར་དང་། གནས་སྟངས་དེ་གཉིས་ཀྱིས་ཁུལ་དེ་ཙམ་དུ་མ་ཟད་འཛམ་གླིང་སྤྱིའི་ས་ཁམས་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་ཞིག་བསྐྲུན་ངེས་ཡིན་སྟབས། ཨ་རིའི་ངོས་ནས་ད་ལྟའི་གནས་བབ་རྒྱུན་འཛིན་གྱི་ཆེད་དུ་རྒྱ་ནག་གཅིག་གི་སྲིད་ཇུས་རྡོག་རོལ་གཏོང་མི་ཉན་པའི་བསམ་ཚུལ་ཡང་ཡོང་གི་ཡོད་པ་རེད། ཡང་དབྱེ་ཞིབ་པ་སྐོར་ཞིག་གིས་ལོ་རབས་བརྒྱད་ཅུའི་རྒྱ་ནག་དང་བསྡུར་ན། ད་ལྟའི་རྒྱ་ནག་འདི་འཛམ་གླིང་གི་དམག་དོན་དང་དཔལ་འབྱོར་བཅས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གིས་ཐའེ་ཝན་ལ་དངོས་སུ་བཙན་འཛུལ་བྱ་མི་སྲིད་པ་ཞིག་མིན་སྟབས། ཨ་རིའི་ཕྱོགས་ནས་རྒྱ་ནག་གི་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་མཇུག་འབྲས་ཇི་ཡོང་གི་ཐབས་ཇུས་བརྟན་པོ་ཞིག་གདིང་རྒྱུ་གལ་ཆེན་ཡིན་པ་རྗོད་ཀྱིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese