མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྡེ་ཁག་ལྔ་ཡིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་ཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་༧མོན་ཡུལ་ལྷ་སྡེ་མི་སྡེ་དང་། གཞིས་བྱེས་ཇོ་ནང་པ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་སློབ་ཁག་གཉིས་ཀྱི་དགེ་ལས་སློབ་ཟུར་ཐུན་མོང་། སིཌ་ནི་བོད་རིགས་མཐུན་ཚོགས། མདོ་སྨད་མང་འབའ་བྱ་གསུམ་བཅས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་གཏན་ཁེལ་ཡོད་པ་རེད།

Photo by Tenzin Choejor. Photographer at OHHDL

ཕྱི་ཟླ་ ༥ ཚེས་ ༢༡ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། འདི་ལོའི་ཕྱི་ཟླ་༩ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་མོན་ཡུལ་ལྷ་སྡེ་མི་སྡེ་དང་གཞིས་བྱེས་ཇོ་ནང་པ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་སློབ་ཁག་གཉིས་ཀྱི་དགེ་ལས་སློབ་ཟུར་ཐུན་མོང་། སིཌ་ནི་བོད་རིགས་མཐུན་ཚོགས། མདོ་སྨད་མང་འབའ་བྱ་གསུམ་བཅས་ཀྱིས་༧གོང་ས་མཆོག་ལ་མཉམ་སྡེབ་བརྟན་བཞུགས་འབུལ་གཏན་ཁེལ་བ་ཡོངས་བསྒྲགས་གནང་བ་དང་བསྟུན། ཚོགས་སྡེ་དེ་དག་གིས་བརྟན་བཞུགས་འབུལ་ཕྱོགས་ཀྱི་ལས་དོན་ཐོག་ནང་ཁུལ་གྲོས་བསྡུར་དགོས་པའི་འབོད་སྐུལ་དང་ལམ་སྟོན་ཡང་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མང་འབའ་བྱ་གསུམ་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་བསམ་འགྲུབ་ལགས་སུ། བརྟན་བཞུགས་བསྟར་འབུལ་གྱི་གྲ་སྒྲིག་དང་རྒྱབ་ལྗོངས་གནས་ཚུལ་སོགས་ཀྱི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཀའ་ལན་འབྱོར་མ་ཐག ཚོགས་པ་ཁག་ཚང་མ་དྲ་ལམ་བརྒྱུད་ཚོགས་འདུ་འཚོགས་ཏེ་བརྟན་བཞུགས་སྐབས་ཀྱི་འབུལ་བ་ཕུད་པའི་ཐུན་མོང་གི་བསྒྲུབ་དགོས་པའི་ལས་ཀ་སོགས་ཀྱི་སྐོར་ནས་གྲོས་བསྡུར་བྱས་ཡོད་པ་དང་། མང་འབའ་བྱ་གསུམ་གྱི་ངོས་ནས། འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་༧རྒྱལ་བའི་སྐུ་ཕྱའི་ཞབས་བརྟན་དང་འབྲེལ་ནས། ས་དགེ་བཀའ་རྙིང་གི་གཙོས་བོན་པོ་སོགས་བོད་ཀྱི་ཆོས་བརྒྱུད་ཁག་ཡོངས་ནས་ཞབས་རིམ་གསུང་འདོན་དང་། དེ་བཞིན་བཙན་བྱོལ་བོད་མིའི་རྒན་གསོ་ཁང་ཡོངས་ལ་ཞལ་ལག་ཕུལ་བ་དང་མ་ཎི་གསོག་སྒྲུབ་སོགས་ཀྱི་ཞབས་བརྟན་བསྒྲུབས་ཡོད་པ། ཏོག་དབྱིབས་གཉན་རིམས་སྐབས། བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་འགོག་ཁབ་བསྐྱོན་པར་ཞལ་འདེབས་ཕུལ་ཐུབ་པ་སོགས་བྱུང་ཡོད་བརྗོད་བྱུང་།

སྤྱིར་བཏང་མང་འབའ་བྱ་གསུམ་ངོས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཡས་མས་ནང་དགའ་ལྡན་ཕོ་བྲང་ལ་བོད་གཞིས་བྱེས་གཉིས་ཀྱི་མང་འབའ་བྱ་གསུམ་གྱི་མི་མང་གི་ཚབ་བྱས་ནས། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བའི་སྙན་ཞུ་ཕུལ་བ་དང་། ཕྱི་ལོ་ ༢༠༢༠ ལོར་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མང་འབའ་བྱ་གསུམ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གཏན་ཁེལ་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ད་བར་བརྟན་བཞུགས་བསྟར་འབུལ་ཞུ་མ་ཐུབ་པར་ལྷག་ཡོད་འདུག་ལ། ད་རེས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་བཀའ་བཞེས་ཐོབ་པའི་ཐད་དགེ་བཤེས་བསམ་འགྲུབ་ལགས་ཀྱིས། ད་རེས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་གོ་སྐབས་ཐོབ་པར་སེམས་པ་ཧ་ཅང་དགའ་པོ་བྱུང་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༨ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese