མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་རྒྱ་གར་བར་གྱི་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་འབྱེད་དགོས་པའི་རེ་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་རྒྱ་གར་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིི་གདོང་ཐུག་དང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གནས་སྐབས་སྒོ་བརྒྱབ་པའི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་དང་བོད་མངའ་རིས་རྩ་མདའ་རྫོང་ཁོངས་སྲིབ་སྐྱིད་གྲོང་ཚོའི་དབར་གྱི་སྲིབ་སྐྱིད་ལའི་ (Shipki-La) ཚོང་ལམ་དེ་ཉིད་འདི་ལོར་སྒོ་འབྱེད་རྒྱུའི་རེ་བ་བྱེད་ཀྱི་འདུག

The road at Khab that leads up to the Shipki-La Pass | Wikimedia commons

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་གར་གྱི་ཧིན་དྷུ་སི་ཐན་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཕྱོགས་ཀྱི་གར་ཞྭ་དང་སྤི་ཏི། ཁུ་ནུ་བཅས་ཀྱི་ཚོང་པ་རྣམས་ཀྱིས་ལོ་རེའི་ཕྱི་ཟླ་ ༦ ནས་ ༡༡ བར་སྲིབ་སྐྱིད་ལ་བརྒྱུད་ནས་བོད་ནང་ཚོང་རྒྱག་གི་ཡོད་ཅིང་། དེ་ནི་ཁུལ་དེའི་མི་མང་གི་འཚོ་རྟེན་གཙོ་བོའི་གྲས་ཤིག་ཡིན་ནའང་། འདས་པའི་ལོ་གཉིས་ནང་ཚོང་དོན་གཉེར་མ་ཐུབ་པའི་རྐྱེན་གྱིས་ས་གནས་མི་མང་གི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེན་ཐེབས་པར་བརྟེན། འདི་ལོར་ཁུལ་དེའི་ཚོང་པའི་ལྷན་ཚོགས་ཀྱི་རེ་སྐུལ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྒྱ་གར་དབུས་གཞུང་ལ་ཚོང་དོན་སླར་གསོ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག དེ་ཡང་དུས་རྒྱུན་ས་གནས་ཀྱི་ཚོང་པའི་སྒྲིག་འཛུགས་རྒྱ་གར་དང་རྒྱ་ནག་གི་ཚོང་པའི་ལྷན་ཚོགས་ (Indo-China Trade Association) ཞེས་པའི་ཚོགས་གཙོ་ཧི་ཤེ་ནེ་གི་ (Hishey Negi) ཡིས། ཚོང་པ་རྣམས་ལ་མཚོན་ན་འདས་པའི་ལོ་གཉིས་དེ་ཁག་པོ་བྱུང་ཡོད། ང་ཚོ་ཚོགས་པའི་ངོས་ནས་གཞུང་ལ་གལ་ཏེ་གནས་སྟངས་ཀྱིས་ཆོག་གི་ཡོད་ནའང་། འདི་ལོར་ཚོང་ལམ་སླར་གསོ་དགོས་པའི་རེ་སྐུལ་ཞུས་ཡོད། ལོ་གཉིས་རིང་ཚོང་ལམ་སྒོ་བརྒྱབ་པ་དེས་ས་གནས་ཀྱི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེན་པོ་ཐེབས་ཡོད། ཅེས་བརྗོད་ཡོད་འདུག

དེར་མཚུངས་ཁུ་ནུ་རྫོང་ལས་ཁུངས་ངོས་ནས་ཀྱང་ཚོང་པ་རྣམས་ཀྱི་རེ་སྐུལ་གཞུང་ལ་སྙན་གསེང་ཞུས་ཡོད་པ་དང་། གཞུང་ནས་ཆོག་མཆན་འཐོབ་ཚེ་ཚོང་པ་རྣམས་ལ་ཚོང་གཉེར་ལམ་ཡིག་སྤྲོད་རྒྱུ་ཡིན་སྐོར་བཤད་འདུག་ལ། དེ་སྔ་ཀང་ར་རྫོང་དཔོན་གཞོན་པ་ཡིན་ཞིང་ད་ལྟ་ཧི་མ་ཅལ་མངའ་སྡེ་གཞུང་གི་བཟོ་གྲྭའི་སྒྲིག་འཛུགས་ཀྱི་འགན་འཛིན་གྱི་གྲས་སུ་ཡོད་པ་སྐུ་ཞབས་ར་ཀེ་ཤི་པྲ་ཇ་པ་ཏི་ (Rakesh Kumar Prajapati) ལགས་ཀྱིས་ཀྱང་། སྲིབ་སྐྱིད་ལའི་གནད་དོན་དེ་དབུས་གཞུང་ལ་སྙན་གསེང་ཞུས་ཡོད་པ་མ་ཟད། དབུས་གཞུང་ནས་དེའི་སྐོར་དོགས་འདྲི་བྱས་པ་ཁག་ལའང་ལན་འདེབས་བྱས་ཚར་ཡོད་སྐོར་བརྗོད་འདུག

སྲིབ་སྐྱིད་ལ་ནི་བོད་ཀྱི་ཁ་འབབ་བཞིའི་ཡ་གྱལ་གླང་ཆེན་ཁ་འབབ་རྒྱ་གར་ནང་རྒྱུག་པའི་མགོ་ཁུངས་ཡིན་ཞིང་། རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་གོང་ནས་སྤི་ཏི་ཁུ་ནུ་ཁུལ་དང་བོད་མངའ་རིས་ཁུལ་གྱི་ཚོང་ལམ་ལྟེ་བའི་གྲས་ཤིག་ཡིན་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་དབར་དམག་འཁྲུག་བྱུང་བའི་རྐྱེན་གྱིས་ཚོང་ལམ་དེ་སྒོ་བརྒྱབ་ཡོད་པ་དང་། མཐར་ཕྱི་ལོ་ ༡༩༩༤ ལོར་ཚོང་ལམ་བསྐྱར་གསོ་བྱུང་སྟེ་རྒྱ་གར་ནས་བོད་ལ་ལག་ཐག་བལ་གདན་དང་། ཉལ་གོས། སྨན་རྩྭ་རིགས། ཅ་དངོས་ཙག་ཙིག་དང་། དེ་བཞིན་འབྲས་དང་འབྲུ་རིགས་གཞན། སྣུམ། ཐ་མག་དང་ཤིང་ཏོག་སྐམ་པོའི་རིགས་བཙོང་བ་དང་། བོད་ནས་རྒྱ་གར་ལ་ལུག་གི་བལ་དང་པགས་པ། གཡག་རྔ། མར། ཚྭ། ར་ལུག་སོགས་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད་འདུག

Indo-Tibet border Nathula in Sikkim, India

སྤྱིར་འདས་པའི་ལོ་ངོ་ ༣༠ ལྷག་རིང་རྒྱ་མཚོའི་ལས་མཐོ་ཚད་ཧྥི་ཊི་ ༡༨༥༩ ཡོད་པའི་སྲིབ་སྐྱིད་ལའི་ཚོང་ལམ་དེ་ཡོངས་སུ་སྒོ་བརྒྱབ་པའི་གནས་ཚུལ་འདས་པའི་ལོ་གཉིས་ལ་མ་གཏོགས་བྱུང་མེད་ནའང་། ཕྱི་ལོ་ ༢༠༡༧ ལོར་བོད་དང་རྒྱ་གར། འབྲུག་བཅས་ཀྱི་མདོར་ཁེལ་བའི་འབྲོག་ལམ་ (Doklam) དུ་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་བྱུང་བའི་རྐྱེན་གྱིས། ལོ་དེར་སྲིབ་སྐྱིད་ལར་ཚོང་པ་ཇེ་ཉུང་དུ་སོང་བ་མ་ཟད། ཧིན་སྒོར་འབུམ་ ༥༩།༢༡ གྱིས་མ་གཏོགས་ཚོང་བརྒྱབ་མེད་པ་རེད། དེ་ནི་ཕྱི་ལོ་ ༢༠༡༦ ལོའི་ཧིན་སྒོར་བྱེ་བ་ ༨།༥༩ དང་། ཕྱི་ལོ་ ༢༠༡༥ ལོའི་ཧིན་སྒོར་བྱེ་བ་ ༩།༧༢། ཕྱི་ལོ་ ༢༠༡༤ ལོའི་ཧིན་སྒོར་བྱེ་བ་ ༧།༣༢ བཅས་དང་བསྡུར་ན་རྦད་དེ་མར་ཆག་ཡོད་པ་རེད། འབྲོག་ལམ་གྱི་དོན་རྐྱེན་བྱུང་རྗེས་སྲིབ་སྐྱིད་ལའི་ཚོང་དོན་ལ་དེ་ཙམ་ཡར་རྒྱས་མ་ཕྱིན་པར། ཕྱི་ལོ་ ༢༠༡༨ ལོར་ཧིན་སྒོར་བྱེ་བ་ ༢།༥༢ དང་། ཕྱི་ལོ་ ༢༠༡༩ ལོར་ཧིན་སྒོར་བྱེ་བ་ ༣ གྱིས་མ་གཏོགས་ཚོང་བརྒྱབ་ཐུབ་མེད་པ་རེད་འདུག

ད་ལྟའི་ཆར་བོད་དང་རྒྱ་གར་དབར་ལ་སྐམ་སའི་ཚོང་ལམ་གསུམ་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་རྗེས་ཆེས་ཐོག་མར་ཕྱེས་པའི་ཚོང་ལམ་དེ་ནི། ཕྱི་ལོ་ ༡༩༩༢ ལོར་བསྐྱར་གསོ་བྱུང་བའི་བོད་མངའ་རིས་སྤུ་ཧྲེང་རྫོང་དང་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏ་ར་ཁན་ཌི་ (Uttarakhand) མངའ་སྡེའི་དྷར་ཅུ་ལ་ (Darchula) རྫོང་གི་ས་མཚམས་སུ་ཆགས་པའི་ལི་པུ་ལེག་ (Lipulekh) ཅེས་པ་དེ་ཡིན་ཞིང་། དེ་ནི་གནའ་སྔ་མོ་ནས་ཚོང་ལམ་ཙམ་དུ་མ་ཟད་རྒྱ་གར་གྱི་ཧིན་དྷུའི་ཆོས་ལུགས་རྗེས་འབྲང་བ་རྣམས་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་པའི་ལམ་བུ་གཙོ་བོ་ཞིག་ཡིན་པ་རེད། ཚོང་ལམ་གཉིས་པ་ནི་ཕྱི་ལོ་ ༡༩༩༤ ལོར་བསྐྱར་གསོ་བྱུང་བའི་སྲིབ་སྐྱིད་ལ་དང་། གསུམ་པ་ནི་ལོ་ངོ་ ༤༤ རིང་སྒོ་བརྒྱབ་རྗེས་མཐར་ཕྱི་ལོ་ ༢༠༠༦ ལོར་བསྐྱར་གསོ་བྱས་པའི་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་བོད་ཀྱི་གྲོ་མོ་དང་ས་འབྲེལ་ཡིན་པའི་རྣ་ཐོས་ལ་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ བར་རྣ་ཐོས་ལ་དེ་ཉིད་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་ཤིག་དང་། རྒྱ་གར་གྱི་གངས་རིན་པོ་ཆེ་གནས་མཇལ་བ་རྣམས་ཀྱི་བགྲོད་ལམ་དུའང་གཏན་འབེབ་བྱས་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༢༠ ནས་བཟུང་སྐམ་སའི་ཚོང་ལམ་གསུམ་ཀ་སྒོ་བརྒྱབ་སྟེ་ད་དུང་སྒོ་ཕྱེས་མེད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese