མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཡུ་གུར་ངལ་རྩོལ་བསྒྱུར་བཀོད་ཁང་གི་ཐོན་རྫས་ཡོད་ཚད་ཉོ་མཚམས་འཇོག་དགོས་པའི་ཁྲིམས་གཞི་ལག་བསྟར།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་བཟུང་ཨ་རིས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡུ་གུར་ངལ་རྩོལ་བསྒྱུར་བཀོད་ཁང་ནས་ཐོན་སྐྱེད་བྱས་པའི་ཚོང་ཟོག་གཅིག་ཀྱང་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་གཞི་ལག་བསྟར་བྱ་རྒྱུ་ཡིན་འདུག

A protester holds up a “Close The Concentration Camps Now” sign after marching across the Golden Gate Bridge during a demonstration against the 2022 Beijing Winter Olympic Games, in San Francisco, California on Feb. 3, 2022.

འདས་ལོའི་ཟླ ༡༢ ནང་ཨ་རིའི་གྲོས་ཚོགས་ནང་ཡུ་གུར་ངལ་རྩོལ་སྲུང་སྐྱོབ་ཅེས་པའི་གྲོས་ཆོད་ཅིག་ལ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་ཚོང་གཉེར་ཁང་དག་གིས་རྒྱ་ནག་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་སྐབས། ཡུ་གུར་ངལ་རྩོལ་སྒྱུར་བཀོད་ཁང་དང་འབྲེལ་བའི་ཚོང་ཟོག་གཅིག་ཀྱང་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་གཞི་གཏན་འབེབ་བྱུང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་བཟུང་ཁྲིམས་གཞི་དེ་དངོས་སུ་ལག་བསྟར་གྱིས་བཀག་སྡོམ་བྱ་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མུས་ཡིན་པ་མ་ཟད། ཉེས་མེད་ཡུལ་མི་མང་པོ་བཙན་གྱིས་ངལ་རྩོལ་དུ་བཀོལ་གྱིན་ཡོད་པའི་གནད་དོན་དེར་ཨ་རིས་མཐའ་གཅིག་ཏུ་ངོ་རྒོལ་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རེ་བ་འདོན་གྱི་ཡོད་པ་རེད།

དེའི་ཐད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷི་ཡོ་ (Marco Rubio) སོགས་ཀྱིས།  ཨ་རིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། ངལ་རྩོལ་བ་བཀོལ་སྤྱོད་བྱས་པར་ངན་པ་ལག་འབྲེལ་གཏན་ནས་བྱ་རྒྱུ་མིན་སྐོར་གསལ་འདོན་བྱས་ཏེ། ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་བྷའེ་ཌིན་གྱི་འཛིན་སྐྱོང་དང་། ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་སྒྲིག་འདི་ལག་བསྟར་ཚགས་ཚུད་ཡོང་བར་གྲ་སྒྲིག་ཨང་གསར་ཡོད་སྐོར་བརྗོད་འདུག་ལ། དེ་བཞིན་ཨ་རིའི་གཞུང་ཕྱོགས་ནས་ཀྱང་། རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་སྟེ་བཙན་གྱིས་ལས་ཀ་བཀོལ་གྱི་ཡོད་པའི་སྐྱོན་བརྗོད་གཏན་ནས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད།  ཉེས་མེད་མི་མང་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་བཀག་སྐྱིལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། ཨ་རིས་ཤིན་ཅང་གི་སྐོར་ལ་རྫུན་གཏམ་མང་པོ་ཞིག་སྤེལ་མུས་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། གནད་དོན་དེས་ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ལ་བར་ཆད་གཏོང་སྲིད་པས། ཨ་རིས་ཁྲིམས་གསར་དེ་ཕྱིར་འཐེན་བྱས་ནས་ཤིན་ཅང་གི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་དགོས་པའི་རྒོལ་གཏམ་བསྒྲགས་འདུག

འདི་ལོའི་ཕྱི་ཟླ་ ༡ ནང་ཨ་རིས་རྒྱ་ནག་གཞུང་གི་ངལ་རྩོལ་བཙན་བཀོལ་གྱི་ལས་གཞིའི་འོག་ནས་ཕྱིར་ཚོང་བྱས་པའི་ལྡུམ་སྒོང་དམར་པོ་(tomato) ཉོ་མཚམས་བཞག་ཡོད་པ་མ་ཟད། ཤིན་ཅང་ནས་བཟོ་སྐྲུན་བྱས་པའི་སྲིན་བལ་ ( cotton )གྱི་ཐོན་རྫས་ཉོ་མཚམས་བཞག་ཡོད་པ་རེད། འོན་ཀྱང་། འདས་ལོ་གཅིག་པུར་ཨ་རིས་ཤིན་ཅང་ནས་ཨ་སྒོར་ཐེར་འབུམ ༩ ཙམ་གྱི་སྲིན་བལ་ནང་འདྲེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བའི་བཀག་ཉར་ཁང་མང་པོ་ཆེད་འཛུགས་ཀྱིས་ཡུ་གུར་མི་མང་ས་ཡ་གཅིག་ཡས་མས་ལ་ཆབ་སྲིད་སློབ་གསོ་སྤེལ་གྱི་ཡོད་པ་མ་ཟད། བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་འཇུག་བཞིན་ཡོད་སྐོར་གྱི་ཤོག་གྲངས་ ༡༡༧ ཅན་གྱི་སྙན་ཐོ་ཞིག་བཏོན་རྗེས། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་སོགས་ཀྱིས་སྣེ་འཁྲིད་དེ་ངོ་རྒོལ་ཞུ་གཏུག་གི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་ལ་མི་ཆོས་ལས་འདས་པའི་བཙན་གནོན་དང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་ངོས་འཛིན་འོག་ཡོངས་ཁྱབ་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་འགྲོ་སྐྱོད་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་ངལ་རྩོལ་སྲུང་སྐྱོབ་ཅེས་པའི་གྲོས་གཞི་དེར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ ༡༢ ཚེས་ ༢༣ ཉིན་སྲིད་འཛིན་བྟའེ་ཌིན་མཆོག་གིས་ཁྲིམས་གཞི་དེར་མཚན་རྟགས་བསྐྱོན་ཡོད་ནའང་། ད་ལྟ་བར་དུ་དངོས་སུ་གྲོས་ཆོད་ནང་གསལ་ལྟར་ལག་བསྟར་ཐུབ་མེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese