ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་ནང་གནས་སྡོད་བྱེད་བཞིན་པའི་བསྟན་འཛིན་ནོར་བུ་ཟེར་བ་ཞིག་གིས་བུ་མོ་ཞིག་གསོད་རྩིས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
དེ་རིང་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོར་(Toronto)གནས་སྡོད་བྱེད་བཞིན་པའི་ལོ་ ༣༣་ཡིན་པའི་བསྟན་འཛིན་ནོར་བུ་ཟེར་བའི་སྐྱེས་པ་ཞིག་གིས། གྲོང་ཁྱེར་དེ་གའི་གེབ་གླིང་(Kipling) རླངས་འཁོར་བབས་ཚིགས་ནས་ལོ་ ༢༠ ཡིན་པའི་བུ་མོ་ཞིག་གསོན་སྲེག་བྱེད་རྩིས་བྱས་པར་བརྟེན། བསྟན་འཛིན་ནོར་བུས་མི་གསོད་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག གྲོང་ཁྱེར་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟ་འདྲི་རྩད་གཏོང་གི་ཡོད་འདུག
དེ་འབྲེལ་ཊོ་རན་ཊོའི་ (CBC) གསར་ཁང་གི་གནས་ཚུལ་ནང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་གེབ་གླིང་རླངས་འཁོར་བབས་ཚིགས་ས་ཁུལ་དུ་རླངས་འཁོར་ཞིག་གི་ནང་ནས། བསྟན་འཛིན་ནོར་བུ་ཟེར་བའི་མི་དེས་བུ་མོ་དེའི་སྒང་སྣུམ་རིགས་ཤིག་བླུགས་རྗེས་གསོན་སྲེག་བྱེད་རྩིས་བྱས་སྐབས། སྤྱི་སྤྱོད་རླངས་འཁོར་གྱི་ལས་བྱེད་པ་དང་ཉེ་འཁྲིས་ཀྱི་མི་དག་གིས་མཐོང་ནས་བུ་མོ་དེ་སྲོག་ཉེན་ལས་སྐྱོབ་ཐུབ་ཡོད་ནའང་། ད་ལྟ་བུ་མོ་དེའི་ལུས་པོ་མེར་འཚིག་པའི་རྐྱེན་གྱིས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག
གྲོང་ཁྱེར་ཉེན་རྟོག་པས་རྩད་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བསྟན་འཛིན་ནོར་བུས་བུ་མོ་དེར་སྡང་ཟུག་ཆེན་པོ་བཟུང་ཡོད་པ་མ་ཟད། མོ་གསོད་རྒྱུའི་དམིགས་ཡུལ་ཡང་བཟུང་ཡོད་པར་བརྟེན། ཁྲིམས་ཁང་གིས་བསྟན་འཛིན་ནོར་བུར་མཚོན་ཆ་བཟུང་བ་དང་མི་གསོད་ཀྱི་དམིགས་ཡུལ་བཅིངས་ཡོད་པ། བྱ་སྤྱོད་ངན་པ་སྤེལ་བ་སོགས་ཀྱི་ནག་ཉེས་བསགས་ཡོད་སྐོར་བརྗོད་འདུག་པ་དང་། ད་སྔ་བར་ཐོན་པའི་གནས་ཚུལ་དག་གི་ནང་བསྟན་འཛིན་ནོར་བུ་ཞེས་བཀོད་ཡོད་པ་ལས་བོད་རིགས་ཞེས་གཅིག་ཀྱང་མེད་ནའང་། ཊོ་རན་ཊོའི་(Thestar.com)ཞེས་པའི་གསར་ཁང་གི་གནས་ཚུལ་ནང་བསྟན་འཛིན་ནོར་བུར་འདྲི་རྩད་གཏོང་སྐབས་བོད་མི་སྐད་བསྒྱུར་བ་ཞིག་འཁྲིད་ཡོད་སྐོར་བྲིས་འདུག་སྟབས། ཁོ་བོད་རིགས་ཤིག་ཡིན་པ་དང་བུ་མོ་དེ་ཡང་བོད་རིགས་ཤིག་ཡིན་སྐོར་བརྗོད་བཞིན་འདུག་ནའང་། བུ་མོའི་ཁྱིམ་ཚང་གི་རེ་སྐུལ་དང་ཁྲིམས་སྒྲིག་གཞིའི་འོག ད་སྔ་བར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བུ་མོ་དེའི་མིང་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་གཅིག་ཀྱང་བཀོད་མི་འདུག
བསྟན་འཛིན་ནོར་བུ་སྲོག་ཐོག་གཏང་དགོས་པ་གལ་ཆེ.་མི་མ རབ་