མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞས་མ་ཚེ་རིང་དབང་མོ་ལགས་སུ་ཨ་རིའི་ཆེས་མཐོའི་སྒྱུ་རྩལ་གཟེངས་བསྟོད་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་གནས་སྡོད་བོད་ཀྱི་སྲོལ་རྒྱུན་གཞས་མ་ས་མཐོ་ཚེ་རིང་དབང་མོ་ལགས་སུ་ཨ་རིའི་དམངས་ཁྲོད་དང་སྲོལ་རྒྱུན་སྒྱུ་རྩལ་ཐད་ཀྱི་ཆེས་མཐོའི་གཟེངས་བསྟོད་(National Heritage Fellowships) ཐོབ་ཡོད་འདུག

2022 NEA National Heritage Fellowships: Michael Cleveland (photo by Amy Richmond)

ཉེ་ཆར་ཨ་རིའི་རྒྱལ་ཡོངས་སྒྱུ་རྩལ་གོང་འཕེལ་ལྟེ་གནས་ཁང་གིས། བོད་ཀྱི་ཟློས་གར་ཚོགས་མི་ཟུར་པ་དང་ལྕགས་ཟམ་བོད་ཀྱི་ལྷ་མོ་གླུ་གར་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་གཞས་མ་ས་མཐོ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ཟློས་གར་རིག་གཞུང་ཐད་ཕྱག་ལས་གཟེངས་སུ་ཐོན་པ་གནང་བའི་ངོས་འཛིན་དུ། འདི་ལོའི་ཨ་རིའི་དམངས་ཁྲོད་དང་སྲོལ་རྒྱུན་སྒྱུ་རྩལ་ཐད་ཀྱི་ཆེས་མཐོའི་གཟེངས་བསྟོད་ National Heritage Fellowships ཞེས་པ་གནང་ཡོད་འདུག་ལ། གཟེངས་བསྟོད་དེ་བོད་མི་ཞིག་ལ་ཐོབ་པ་ཐེངས་དང་པོ་ཆགས་ཡོད་འདུག

འདི་ལོར་ཨ་རིའི་གཞུང་གི་རང་དབང་ཅན་གྱི་སྡེ་ཚན་དེས་ས་མཐོ་ཚེ་རིང་དབང་མོ་ཚུད་པའི་དམངས་ཁྲོད་དང་སྲོལ་རྒྱུན་རིག་རྩལ་ཐད་ལ་བྱས་པ་ཅན་གྱི་མི་སྣ་ ༡༠ ལ་ཆེ་བསྟོད་གནང་ཡོད་ཅིང་། ས་མཐོ་ཚེ་རིང་དབང་མོ་ལགས་ཀྱིས་རང་གི་ངོ་དེབ་སྟེང་། རང་ཉིད་ལ་སྲོལ་རྒྱུན་སྒྱུ་རྩལ་གྱི་ཆེས་མཐོའི་གཟེངས་བསྟོད་ཐོབ་པ་དེར་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་བརྗོད་པ་དང་འབྲེལ། ང་རང་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཐོག་མར་ཞུགས་དུས་འདི་ལྟ་བུའི་གཟེངས་བསྟོད་འཐོབ་རྒྱུའི་བསམ་བློ་འཁོར་མྱོང་མེད། ངའི་འདུན་པ་དང་དམིགས་ཡུལ་ནི་དུས་རྒྱུན་དུ་ང་ཚོའི་རིག་གཞུང་ཉར་ཚགས་དང་དར་སྤེལ་ཆེད་དུ་གང་ཐུབ་ཅི་ཐུབ་བྱ་རྒྱུ་དེ་ཡིན། གཟེངས་བསྟོད་འདི་ནི་ངས་འདས་པའི་ལོ་ངོ་ ༣༠ ལས་མང་བ་(བོད་ཀྱི་ཟློས་གར་རིག་གནས་ལ་)ཞབས་འདེགས་ཞུས་པར་ངོས་འཛིན་བྱས་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདིས་ང་ཚོའི་སྒྱུ་རྩལ་བ་གཞོན་པ་རྣམས་ལ་སེམས་ཤུགས་དང་ཡིད་འགུལ་ཐེབས་རྒྱུ་དང་། བོད་ཀྱི་རིག་གཞུང་ལ་དོ་སྣང་གསར་པ་བསླེབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

Tsering Wangmo Satho awarded National Heritage Fellowship 2022. Photo: NEA

ཨ་རིའི་རྒྱལ་ཡོངས་སྒྱུ་རྩལ་གོང་འཕེལ་ལྟེ་གནས་ཁང་དེ་བཞིན་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་ཨ་རིའི་གྲོས་ཚོགས་ཀྱིས་གསར་འཛུགས་གནང་སྟེ། ད་བར་ཨ་རིའི་གཞུང་གི་རང་དབང་ཅན་གྱི་སྡེ་ཚན་གྱི་ངོ་བོའི་ཐོག་ནས་ཨ་རིའི་རྒྱལ་ཡོངས་ཀྱི་སྒྱུ་རྩལ་དང་ལྷག་པར་དུ་སྲོལ་རྒྱུན་དང་དམངས་ཁྲོད་སྒྱུ་རྩལ་ཉར་ཚགས་དང་གོང་འཕེལ་ཐད་ལ་ཕྱག་ལས་གནང་གི་ཡོད་པ་མ་ཟད། ཨ་རིའི་ནང་གཞུང་འབྲེལ་མ་ཡིན་པའི་སྒྱུ་རྩལ་གྱི་ཚོགས་སྡེ་ཁག་ལའང་མ་དངུལ་མཁོ་སྤྲོད་སོགས་བརྒྱུད་ནས་རམ་འདེགས་བྱེད་ཀྱི་ཡོད་པ་རེད། ད་ལན་བོད་ཀྱི་ཟློས་གར་ཚོགས་མི་ཟུར་པ་དང་གཞན་མ་ཚེ་རིང་དབང་མོ་ལགས་སུ་ཐོབ་པའི་རྒྱལ་ཡོངས་ཀྱི་དམངས་ཁྲོད་དང་སྲོལ་རྒྱུན་སྒྱུ་རྩལ་གྱི་ཆེས་མཐོའི་གཟེངས་བསྟོད་དེ་ནི་ཕྱི་ལོ་ ༡༩༨༢ ལོར་འགོ་བཙུགས་པ་ཞིག་ཡིན་ཞིང་། གཟེངས་བསྟོད་དེ་ཉིད་སྒྱུ་རྩལ་ཐད་ཕུལ་བྱུང་གི་བྱེད་ནུས་ཐོན་པ་དང་། ཨ་རིའི་སྲོལ་རྒྱུན་སྒྱུ་རྩལ་ཐད་ལ་ཞབས་འདེགས་རླབས་ཆེན་འཇོག་མཁན་གྱི་མི་སྣར་སྤྲོད་ཀྱི་ཡོད་འདུག

ས་མཐོ་ཚེ་རིང་དབང་མོ་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་གྱི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༣ ལོར་རང་ལོ་ ༡༦ ཐོག་བོད་ཀྱི་ཟློས་གར་ནང་ཞུགས། ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་གཞས་པ་གཞན་དང་ལྷན་དུ་ལྕགས་ཟམ་པ་བོད་ཀྱི་གླུ་གར་ཚོགས་པ་གསར་འཛུགས་གནང་ཞིང་། ཟློས་གར་དུ་ཡོད་རིང་ཕྱི་ལོ་ ༡༩༨༩༦ དང་ ༡༩༨༩ ལོར་ཡུ་རོབ་དང་ཨ་རིར་ཟློས་གར་འཁྲབ་སྟོན་དུ་ཕྱིན་ཡོད་ཅིང་། ཨ་རིའི་མངའ་སྡེ་ཀེ་ལི་ཧྥོར་ནི་ཡར་གནས་སྤོས་བྱས་རྗེས་ཟློས་གར་འཁྲབ་སྟོན་མུ་མཐུད་གནང་མུས་ཐོག བོད་ཀྱི་མི་རབས་གཞོན་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་གླུ་གར་བསླབས་ཡོད་འདུག ཁོང་མོས་ཕྱི་ལོ་ ༢༠༢༠ ལོར་བོད་ཀྱི་ཟློས་གར་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ནས། རང་གི་ཨ་མ་གཙོས་པའི་ཀོང་པོའི་མི་རབས་རྒན་པ་རྣམས་ལ་ཁུངས་གཏུགས་ཏེ་ཀོང་པོའི་གླུ་གཞས་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཀྱང་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་མི་ཞིག་གིས་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་གི་སློབ་དཔོན་བཞི་ལ་གྲི་བཙུགས།

༢༠༢༤/༠༦/༡༡
བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་བ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༡
Mobile App

རྔོན་པ་རུ་ཁག་ལ་སླར་ཡང་ཕྱི་ལོ་ ༢༠༢༣ ལོའི་དབྱར་སྐྱིད་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་སོང་།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese