མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ལོ་ངོ་ཉེར་ལྔའི་མཛད་སྒོར་ཞུགས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་བཅོལ་དུ་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཧོང་ཀོང་གི་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར་ཤི་ཟིན་པ་ཡིན་སྐོར་བརྗོད་འདུག

Hong Kong’s new Chief Executive John Lee (L) walks with China’s President Xi Jinping (R) following Xi’s speech after a ceremony to inaugurate the city’s new leader and government in Hong Kong on July 1, 2022, on the 25th anniversary of the city’s handover from Britain to China. (Photo by Selim CHTAYTI / POOL / AFP) (Photo by SELIM CHTAYTI/POOL/AFP via Getty Images)

དེ་རིང་དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ཉེར་ལྔ་འཁོར་གྱི་ཡོད་པ་ལྟར། ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཕྱི་ལོ་ ༢༠༡༧ རྗེས་ཏེ། ལོ་ལྔའི་རྗེས་སུ་བསྐྱར་དུ་ཧོང་ཀོང་ནང་ཐོག་མར་ཡོང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་རྒྱ་ནག་གི་ཕྱིར་ལོགས་སུ་བསྐྱོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། དེ་རིང་འཚོགས་པའི་ལོ་ངོ་ཉེར་ལྔའི་གཞུང་འབྲེལ་མཛད་སྒོའི་སྟེང་ཞི་ཅིན་ཕིན་གྱི་མདུན་སྔར། ཉེ་ལམ་འདེམས་ཐོན་བྱུང་བའི་ཧོང་ཀོང་གི་སྤྱི་ཁྱབ་སྐབས་དྲུག་པ་ཇོ་ཧན་ལི་(John Lee)ཡི་གཙོས་ཧོང་ཀོང་གི་གནད་ཡོད་མི་སྣ་ ༣༠  ལྷག་གིས་འགན་ཁུར་དམ་འབུལ་ཞུས་ཡོད་པ་རེད།

སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཧོང་ཀོང་གི་མགོ་ཁྲིད་ཚོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དང་། ཁྲིམས་ཀྱི་དབང་སྒྱུར་སོགས་གཙོ་བཟུང་གིས་ལྷག་བསམ་ལྡན་པའི་ལས་བྱེད་པ་སྐྱེད་བསྲིང་དང་ཧོང་ཀོང་གི་སྲིད་གཞུང་འཕེལ་རྒྱས་གོང་མཐོར་བཏང་སྟེ།  ཧོང་ཀོང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་སྐབས་བཅུ་བཞི་བའི་ལོ་ལྔའི་འཆར་གཞི། ཧོང་ཀོང་དང་ཀོང་ཏུང་། ཨོ་མན་བཅས་མཐུད་ཐབས་སོགས་ཀྱི་ལས་གཞིའི་ནང་མཉམ་ཞུགས། མི་མང་ལ་ལས་ཀའི་གོ་སྐབས་བསྐྲུན་ཏེ་འཚོ་བ་ཡར་རྒྱས་དང་སློབ་གསོ་གོང་སྤེལ། ཧོང་ཀོང་གི་མཐུན་སྒྲིལ་དང་བརྟན་ལྷིང་གཙོ་བོར་བཟུང་སྟེ། ཟིང་འཁྲུག་དང་ཐེ་ཇུས་རིགས་མཚམས་འཇོག་དགོས་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་ཧོང་ཀོང་ནང་དམངས་གཙོ་དངོས་སུ་མགོ་བརྩམས་ཡོད་སྐོར་སོགས་བརྗོད་ཡོད་འདུག

འོན་ཀྱང་། དབྱེ་ཞིབ་པ་མང་པོས། ཕྱི་ལོ་ ༢༠༡༩ ལོ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་དང་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སོགས་དམ་དྲག་གི་ཁྲིམས་སྒྲིག་མང་པོ་ལག་བསྟར་བྱས་ཏེ། ཧོང་ཀོང་གི་དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཕྲོག་ཡོད་པ་སྟེ། ད་ལྟ་ཧོང་ཀོང་གི་དམངས་གཙོའི་གྲོས་ཚོགས་འཐུས་མི་དང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཡོངས་ལས་ཁག་ཅིག་ཡུལ་བྱོལ་དུ་ཕྱིན་ཡོད་པ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ངོ་གདོང་ལྟ་བུར་གྱུར་བའི་ཇོ་ཧྲ་བོང་ (Joshua Wong) གི་གཙོས་གྲོས་ཚོགས་འཐུས་མི་དང་རྫོང་དཔོན། སློབ་གསོ་བ་དང་དམངས་གཙོའི་ལས་འགུལ་བ་ཁྱོན་ ༤༧ ལ་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག ལོ་ཚོད་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ད་ལྟ་ཆར་ཧོང་ཀོང་གི་གྲོས་ཚོགས་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འཐུས་ཚབ་མེད་པ་མ་ཟད། སྲིད་གཞུང་གི་དམ་དྲག་འོག་ཧོང་ཀོང་ཁྱོན་ཡོངས་སུ་དམངས་ཀྱི་ཚོགས་སྡེ་ཁག་ཁ་འཐོར་དུ་ཕྱིན་པ་དང་དམངས་གཙོ་དང་རང་དབང་ལ་དགའ་བའི་གསར་ཁང་མེད་པར་བཟོས་ཏེ། ཕྱོགས་ཡོངས་ནས་ཧོང་ཀོང་རྒྱ་ནག་དམར་ཤོག་ཚོགས་པའི་ལག་འོག་ཏུ་ཤོར་ཞིང་། ཞི་ཅིན་ཕིན་ལ་མཚོན་ན་དྲག་གནོན་འོག་ནས་ཧོང་ཀོང་ལ་སྟངས་འཛིན་ནན་མོ་བྱེད་ཐུབ་པ་ནི། རང་ཉིད་ཀྱི་ཕྱི་སྲིད་དང་འབྲེལ་བའི་ཆབ་སྲིད་ཀྱི་རྒྱལ་ཁ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཡང་དེ་རིང་གི་མཛད་སྒོའི་སྟེང་ཞི་ཅིན་ཕིན་གྱིས། ཆབ་སྲིད་ཀྱི་དབང་ཆ་ནི་རྒྱལ་ཞེན་པ་དག་ལ་བདག་པ་ནི་འཛམ་གླིང་ཀུན་ལ་ཁྱབ་པའི་ལམ་སྲོལ་ཞིག་ཡིན།། འཛམ་གླིང་རྒྱལ་ཁབ་གཅིག་གིས་ཀྱང་རྒྱལ་ཁབ་ལ་དུང་བ་མེད་མཁན་དང་ཐ་ན་རྒྱལ་འཚོང་བར་ཆབ་སྲིད་ཀྱི་དབང་ཆ་སྤྲོད་ཀྱི་མེད། ཅེས་དང་། ཧོང་ཀོང་གི་ཆབ་སྲིད་ཀྱི་དབང་ཆ་རྒྱལ་ཞེན་པ་དག་གི་ལག་ཏུ་ཡོད་དགོས་པ་ནི་ཧོང་ཀོང་གི་ཕུགས་རྒྱང་རིང་བའི་བརྟན་ལྷིང་དང་ཞི་བདེར་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། དེ་ལ་ནམ་ཡང་གཏོར་བརླག་ཤོར་མི་ཉན། ཞེས་བརྗོད་ཡོད་པ་དང་། གནད་དོན་དེའི་དབྱེ་ཞིབ་པས། དོན་དངོས་ཐོག་ཞི་ཅིན་ཕིན་གྱིས་ཧོང་ཀོང་གི་མགོ་འཁྲིད་ཚོ་ཧོང་ཀོང་ལ་དུང་བ་ཙམ་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པར་དུང་ཞེན་དགོས་སྐོར་གསལ་བོར་བཤད་པ་ཙམ་ཡིན་སྐོར་བརྗོད་འདུག

ད་ལྟ་ཨོ་གླིང་དུ་སྐྱབས་བཅོལ་བ་ཡིན་ཞིང་དེ་སྔ་ཧོང་ཀོང་གི་དམངས་གཙོའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊའེ་ཌི་ཧྥོ་ (Ted Hui)་ཡིས་རང་གི་ངོ་དེབ་སྟེང་དུ། ཧོང་ཀོང་གི་ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་ཤི་ཟིན་པ་རེད། ང་ལ་རང་ཉིད་ཧོང་ཀོང་དང་ཁ་བྲལ་མེད་པའི་ཚོར་ཤུགས་ཆེན་པོ་ཡོང་གི་འདུག ངས་རང་ཉིད་དགའ་སའི་ས་ཆ་དེ་བློས་གཏོང་ཐུབ་ཀྱི་མི་འདུག ངས་བཙོན་ཁང་དུ་ཡོད་པའི་རང་གི་འཐབ་གྲོགས་རྣམ་པ་བློས་གཏོང་ཐུབ་ཀྱི་མི་འདུག ཅེས་དང་། ད་ལྟ་ཧོང་ཀོང་ནང་ཆབ་སྲིད་བཙོན་པ་ཁྱོན་ ༡༠༠༠ ལྷག་ཡོད་པ་དང་། ཧོང་ཀོང་གི་དྲང་བདེན་གྱི་ཁྲིམས་སྒྲིག་དང་གསར་འགོད་རང་དབང་། དེ་བཞིན་དམངས་གཙོའི་སྤྱི་ཚོགས་བཅས་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་ཀྱིས་གཏོར་བཅོམ་བཏང་ཡོད་སྐོར་བརྗོད་འདུག

ཡང་ཧོང་ཀོང་གི་སྤྱི་ཁྱབ་གསར་པ་ཇོ་ཧན་ལི་ཟེར་བ་ཁོས། ད་ལྟའི་ཧོང་ཀོང་གི་ཁྲིམས་སྒྲིག་ཁག་ནི་ཡུ་རོབ་དང་ཨ་རི་སོགས་ཀྱིས་མིག་སེར་བྱེད་ཡུལ་ཞིག་ཆགས་ཡོད་པ་དང་། དེ་རིང་ནས་ཧོང་ཀོང་གི་ལེའུ་གསར་པ་ཞིག་མགོ་བརྩམས་པ་མ་ཟད། ཧོང་ཀོང་གི་སྲིད་གཞུང་གསར་བའི་ངོས་ནས་རྒྱ་ནག་དང་འཛམ་གླིང་བར་ཟམ་པ་ལྟ་བུ་བྱས་ཏེ། ཧོང་ཀོང་གི་ཚོང་ལས་དཔལ་འབྱོར་གོང་འཕེལ་དང་། ཧོང་ཀོང་བ་རྣམས་ཀོང་ཏུང་དང་ཨོ་མན་བཅས་མཐུད་པ་བརྒྱུད་རྒྱ་ནག་ནང་བསྐྱོད་ཆོག་པ། དེ་བཞིན། ཧོང་ཀོང་གི་གཞོན་སྐྱེས་རྣམས་ལ་རེ་བཟང་ཕུགས་བཅོལ་གྱི་སློབ་གསོ་སྤྲད་དེ། རྒྱ་ནག་དང་འཛམ་གླིང་གི་གནས་སྟངས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོ་ནས་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག ཧོང་ཀོང་སྲིད་གཞུང་གིས། ཧོང་ཀོང་གི་ཡེ་ཤུ་ཆོས་ལུགས་དང་འབྲེལ་ཞིང་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་དམངས་གཙོའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་སློབ་གྲྭ་སྒོ་བརྒྱབ་པ་དང་། སློབ་གྲྭའི་སློབ་ཚན་བསྒྱུར་བཅོས་བཏང་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་གཞི་བཞག་བྱས་པའི་རྒྱ་སྐད་རྒྱ་ཡིག་སློབ་འཁྲིད་བྱས་ཡོད་པ་དང་། རྒྱ་ནག་བཅོས་སྒྱུར་དེར་འདོད་བློ་མེད་མཁན་གྱི་དགེ་རྒན་དང་སློབ་མ་ཚོར་ཕྱིར་ཕུད་གཏོང་བ་དང་བཙོན་འཇུག་སོགས་བྱེད་ཀྱི་ཡོད་པ་རེད་ལ། གནད་དོན་དེའི་ཐད་ཧོང་ཀོང་གི་དགེ་རྒན་མཐུན་ཚོགས་ཀྱིས་སྲིད་གཞུང་ལ་ཡར་ཞུ་དང་ངོ་རྒོལ་བྱས་ཡོད་ཀྱང་ཕན་འབྲས་སོན་མེད་པ་རེད།

A special unit of the Hong Kong police provides security in the city’s Wanchai district on June 30, 2022, as Chinese President Xi Jinping arrives in Hong Kong to attend celebrations marking the 25th anniversary of the city’s handover from Britain to China. (Photo by Peter PARKS / AFP) (Photo by PETER PARKS/AFP via Getty Images)

ད་རེས་ཞི་ཅིན་ཕིན་ཧོང་ཀོང་ནང་མ་ཡོང་གོང་ལ་ཧོང་ཀོང་གི་སྲང་ལམ་ཡོངས་སུ་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས། མི་མང་གི་འགུལ་སྐྱོད་ལ་དམ་དྲག་དང་། དམིགས་བསལ་མི་མང་གི་འགྲིམས་འགྲུལ་དང་འདུ་འཛོམས།  མེ་འཁོར་ས་ཚིགས་སོགས་རྦད་དེ་སྒོ་གཏད་ཡོད་པ་དང་། ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་རིང་ཧོང་ཀོང་གི་མཚོ་འགྲམ་ཡོངས་སུ་ཌོ་རོན་གནམ་གྲུ་གཏོང་ཆོག་གི་མེད་པ་དང་། ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱི་གནས་ཚུལ་ལྟར་ན། ས་གནས་དང་རྒྱལ་སྤྱིའི་གསར་འགོད་པ་ ༡༠ ལྷག་ལ་གཞུང་འབྲེལ་མཛད་སྒོའི་གནས་ཚུལ་འགོད་པར་ཆོག་མཆན་སྤྲད་མེད་པ་རེད།

ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ ཚེས་ ༡ ཉིན་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ཉེར་ལྔ་འཁོར་བ་དང་།  དམ་འབུལ་ཞུས་པའི་ཧོང་ཀོང་གི་སྤྱི་ཁྱབ་སྐབས་དྲུག་པ་ཇོ་ཧན་ལི་ནི་དེ་སྔ་ཧོང་ཀོང་གི་སྤྱི་ཁྱབ་ཉེན་རྟོག་དཔོན་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་དང་འབྲེལ་ནས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་སྐབས། ད་ལྟའི་སྤྱི་ཁྱབ་པ་ཁོས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ལ་རྡུང་རྡེག་ཚ་ནན་བཏང་ཡོད་ཅིང་། ཡང་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱེད་སྐབས། ཧོང་ཀོང་མི་མང་གི་སྟེང་དྲག་ཤུགས་བཀོལ་ཏེ་ཞི་བའི་ལས་འགུལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པར་བརྟེན།་ཇོ་ཧན་ལི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལན་ཚིག་བརྩི་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་པ་མ་ཟད། མི་ཁག་ཅིག་གིས་ཁོ་ནི་རྒྱ་ནག་གི་རྒྱུགས་ཁྱི་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱེད་མུས་ཡིན་པ་རེད་ལ། དབྱིན་ཡུལ་དུ་སྐྱབས་བཅོལ་བ་ཡིན་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ནཱ་ཐན་ལའོ་ལགས་ཀྱིས། ཇོ་ཧན་ལི་ཧོང་ཀོང་སྤྱི་ཁྱབ་ལ་བསྐོ་གཞག་བྱེད་དོན་ནི་མངོན་གསལ་དོད་པོ་རེད། ཅེས་ཇོ་ཧན་ལི་ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་སྐབས། ལས་འགུལ་བའི་ཐོག་དྲག་གནོན་གྱི་བྱ་སྤྱོད་སྤེལ་ཏེ་ཧོང་ཀོང་ལ་དབང་སྒྱུར་ཐུབ་ཡོད་པས་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༨ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese