མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་སྐྱེས་པ་ཞིག་གིས་མེར་སྲེག་བཏང་བའི་གཞོན་ནུ་མ་དེ་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་ནང་གནས་སྡོད་བྱེད་བཞིན་པའི་བསྟན་འཛིན་ནོར་བུ་ཞེས་པ་ཞིག་གིས་སྣུམ་བླུགས་ཏེ་མེར་སྲེག་བཏང་བའི་བུ་མོ་གཞོན་ནུ་མ་དེར་ཉིན་གྲངས་ ༡༩ ཙམ་རིང་མྱུར་སྐྱོབ་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་འདུག

Toronto Kipling subway station

འདི་ལོའི་ཕྱི་ཟླ་ ༦ ཚེས་  ༡༧ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་གེབ་གླིང་རླངས་འཁོར་འབབ་ཚིགས་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ།  བསྟན་འཛིན་ནོར་བུ་ཞེས་པའི་སྐྱེས་པ་ཞིག་གིས་རང་ལོ་ ༢༠ ཙམ་ཡིན་པའི་བུ་མོ་ཞིག་གི་ལུས་སྟེང་དུ་སྣུམ་བླུགས་ཏེ་མེར་སྲེག་བཏང་ཡོད་པ་དང་། དེ་མ་ཐག་སྨན་ཁང་དུ་བསྐྱར་ཏེ་མྱུར་སྐྱོབ་བྱས་ཡོད་ཀྱང་། ཁེ་ན་ཊའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས ༦ ཉིན་བུད་མེད་དེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གསར་འགྱུར་ཁག་ཅིག་ན་བུ་མོ་དེའང་བོད་རིགས་ཤིག་ཡིན་སྐོར་བཀོད་འདུག  

ཟླ་སྔ་མའི་ཕྱི་ཚེས ༡༧ ཉིན་ས་གནས་ཉེན་རྟོག་པས་བསྟན་འཛིན་ནོར་བུ་ཞེས་པ་དེ་མི་གསོད་རྩིས་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་གྱོད་དོན་ཞིབ་བཤེར་ཁང་ལ་རྩིས་སྤྲོད་བྱས་ཟིན་ཡོད་འདུག འོན་ཀྱང་། སི་ཊི་ཝི་  (CTV NEWS TORONDO) གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་སྤེལ་བའི་ནང་། གྱོད་དོན་བརྟག་དཔྱད་བྱེད་སྐབས་བསྟན་འཛིན་ནོར་བུ་དང་བུ་མོ་དེ་གཉིས་ཕན་ཚུན་ངོ་ཤེས་ཀྱི་མེད་སྟབས། 

བསྟན་འཛིན་ནོར་བུ་ཟེར་བས་མི་གསོད་ནག་ཉེས་དེ་ཞིབ་དཔྱོད་བྱེད་མུས་ཡིན་ཡང་། ད་ལྟའི་ཆར་ཁྲིམས་ཁང་སོགས་ནས་གནད་དོན་ཐག་གཅོད་བྱས་མེད་ཅིང་། ཞིབ་དཔྱོད་པ་རྣམས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཁོང་གཉིས་ཕན་ཚུན་ངོ་མི་ཤེས་སྟབས་དེ་ནི་ཁེར་རྐྱང་གི་དོན་རྐྱེན (isolated incident)ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལས། ཡིད་ཆེས་འཕེར་བའི་བདེན་དཔང་གསལ་པོ་ཞིག་གཏན་ནས་རག་མེད་པ་རེད་འདུག

གྲོང་ཁྱེར་ཉེན་རྟོག་པས་རྩད་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བསྟན་འཛིན་ནོར་བུས་བུ་མོ་དེར་སྡང་ཟུག་ཆེན་པོ་བཟུང་ཡོད་པ་མ་ཟད། མོ་གསོད་རྒྱུའི་དམིགས་ཡུལ་ཡང་བཟུང་ཡོད་པར་བརྟེན། ཁྲིམས་ཁང་གིས་བསྟན་འཛིན་ནོར་བུར་མཚོན་ཆ་བཟུང་བ་དང་མི་གསོད་ཀྱི་དམིགས་ཡུལ་བཟུང་སྟེ།  བྱ་སྤྱོད་ངན་པ་སྤེལ་བ་སོགས་ཀྱི་ནག་ཉེས་བསགས་ཡོད་སྐོར་བརྗོད་འདུག་པ་དང་། ད་སྔ་བར་ཐོན་པའི་གནས་ཚུལ་དག་གི་ནང་བསྟན་འཛིན་ནོར་བུ་ཞེས་བཀོད་ཡོད་པ་ལས་བོད་རིགས་ཞེས་གཅིག་ཀྱང་མེད་ནའང་། ཊོ་རན་ཊོའི་ (Thestar.com) ཞེས་པའི་གསར་ཁང་གི་གནས་ཚུལ་ནང་བསྟན་འཛིན་ནོར་བུར་འདྲི་རྩད་གཏོང་སྐབས་བོད་མི་སྐད་བསྒྱུར་བ་ཞིག་འཁྲིད་ཡོད་སྐོར་བྲིས་འདུག་སྟབས། ཁོ་བོད་རིགས་ཤིག་ཡིན་པ་དང་བུ་མོ་དེ་ཡང་བོད་རིགས་ཤིག་ཡིན་སྐོར་བརྗོད་བཞིན་འདུག་ནའང་། བུ་མོའི་ཁྱིམ་ཚང་གི་རེ་སྐུལ་དང་ཁྲིམས་སྒྲིག་གཞིའི་འོག ད་སྔ་བར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བུ་མོ་དེའི་མིང་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་གཅིག་ཀྱང་བཀོད་མི་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese