མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་མྱུར་སྐྱོད་གཞུང་ལམ་རྒྱག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་རྟོག་ཞིབ་དང་དམག་ཆས་དབོར་འདྲེན་སྟབས་བདེ་སོགས་ལ་དམིགས་ཏེ་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་བར་གྱི་སྤྱི་ལེ་འབུམ་བཞི་ལྷག་གི་མྱུར་སྐྱོད་གཞུང་ལམ་གསར་པ་ཞིག་རྒྱག་འཆར་ཡོད་འདུག

Galwan Valley Fresh satellite image show China structure on India border. Photo credit Glsusar. com

ཕྱི་ལོ་ ༢༠༢༠ ལོར་བོད་ཧིན་མཐའ་མཚམས་སུ་ཁེལ་བའི་ལ་དྭགས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གཉིས་བར་གདོང་ཐུག་དྲག་པོ་བྱུང་རྗེས་ཡུལ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱོགས་གཉིས་ནས་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་མུ་མཐུད་ནས་མཐའ་མཚམས་སུ་སྲུང་སྐྱོབ་དང་དམག་རྒྱག་གི་གྲ་སྒྲིག་བྱེད་བཞིན་ཡོད་པ་ལྟར།  དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་ཧིན་ས་མཚམས་སུ་ཁེལ་བའི་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་ ( Mazha) བར་སྤྱི་ལེ་ ༤༦༡༠༠༠ ཡོད་པའི་མཐའ་མཚམས་ཀྱི་མྱུར་སྐྱོད་གཞུང་ལམ་ G695 ཟེར་བ་ཞིག་གསར་རྒྱག་གི་ལས་གཞི་སྤེལ་རྒྱུ་ཡིན་འདུག་ལ། གཞུང་ལམ་དེ་ནི་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་གམ་པ་རྫོང་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་སྐྱིད་གྲོང་རྗོང་བརྒྱུད་ནས་གསར་རྒྱག་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་མུས་ཡིན་ཡང་། ལས་གཞི་དེ་ཕྱི་ལོ ༢༠༣༥ བར་ལེགས་འགྲུབ་ཡོང་བའི་འཆར་གཞི་ཡོད་པ་ཙམ་ལས་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་ནག་གཞུང་གི་ལས་གཞི་དེའི་ཐད་རྒྱ་གར་གཞུང་ནས་ཡོངས་གྲགས་ཐོག་དྲང་ལྡོག་གི་གླེང་སློང་གང་ཡང་བྱས་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ད་ལྟ་རྒྱ་ནག་གཞུང་གིས་གསར་རྒྱག་བྱ་འཆར་ཡོད་པའི་མྱུར་སྐྱོད་གཞུང་ལམ་དེ་ནི་ཧིན་བལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་མངའ་རིས་སྤུ་ཧྲེང་རྫོང་དང་རྩ་མདའ་རྫོང་བརྒྱུད་དུའང་གསར་རྒྱག་བྱེད་ཉེན་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་བར་ཆེས་རྩོད་རྙོག་ཆེ་བའི་གྷལ་ཝན་ལུང་གཤོངས་( Galwan valley ) དང་།  བདེ་མཆོག་ (Demchok) ཁུལ། འདེབས་བཟང་(Depsang ) ཁུལ་དུའང་བརྒྱག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་འདས་ལོའི་མཇུག་ཙམ་ལ་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་སྤང་གོང་མཚོའི་ལྷོ་བྱང་གཉིས་ཀྱི་བར་ལ་ཟམ་པ་ཞིག་བརྒྱབ་སྟེ། འདི་ལོའི་ཟླ་ ༤ ནང་ལེགས་གྲུབ་བྱུང་བ་བརྒྱུད། སྤང་གོང་མཚོ་ནས་བོད་མངའ་རིས་རུ་ཐོག་རྫོང་དུ་ཡོད་པའི་དམག་ཆས་མཛོད་ཁང་བར་ལ་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་མུས་ཡིན་འདུག་ལ། དམག་ཆས་མཛོད་ཁང་དེ་ནི་བོད་ནང་ཡོད་པའི་རྒྱ་ནག་གི་གོ་མཛོད་ཁང་ཆེ་ཤོས་དེ་ཡིན་འདུག དེ་བཞིན་འདི་ལོའི་ཟླ ༥ ནང་རྒྱ་ནག་གཞུང་གིས་སླར་ཡང་སྤང་གོང་མཚོ་ནས་བོད་རུ་ཐོག་རྫོང་དམག་ཆས་མཛོད་ཁང་ནས་མེ་སྒྱོགས་སོགས་དབོར་འདྲེན་བྱེད་མཁན་རླངས་འཁོར་ཆེ་གྲས་ཀྱང་འགྲོ་ཐུབ་པའི་དམག་སྤྱོད་ཟམ་པ་ཞིག་ཀྱང་རྒྱག་མུས་ཡིན་འདུག

ད་བར་རྒྱ་དཀར་ནག་གཉིས་ཀྱིས་མཐའ་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་གྲོས་མོལ་ཐེངས་ ༡༥ ལྷག་བྱས་ཡོད་ནའང་གྲུབ་འབྲས་དམིགས་བསལ་ཐོན་མེད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དམག་དོན་མི་སྣས་ཐུགས་ཕྲད་ཐེངས་ ༡༦ པ་བྱས་ཏེ། མཐའ་མཚམས་གཉིས་ཀྱི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ལ་གླེང་སློང་བྱས་ཡོད་འདུག་ལ། རྒྱ་གར་གྱི་ཆེས་མཐོའི་དམག་དོན་མི་སྣས་རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་གྱི་བདེ་མཆོག་དང་འདེབས་བཟང་ཁུལ་དུ་སིམ་འཛུལ་དང་རྙོག་གླེང་མི་བྱ་རྒྱུའི་རེ་བ་བཏོན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. Asanga says:
    ལོ་ 4 སྔོན།

    …..India’s Demchok and Depsang????? They were parts of Tibet.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese