མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གདོད་མའི་མི་རིགས་ཀྱི་རྒྱུད་པ་ལྕམ་སྐུ་ཤྲི་མ་ཏི་(Shrimati Droupadi Murmu)མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་༧གོང་ས་མཆོག་གི་དབུས་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འཚམས་འདྲི་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྩལ་བའི་གསུང་འཕྲིན་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གར་ནི་འཛམ་གླིང་ཞི་བདེ་གོང་མཐོར་གཏོང་བར་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་བཞིན་པའི་དུས་འདིར། ཁྱེད་རང་གིས་ཕྱི་ཟླ་ ༨ པའི་ནང་སྲིད་འཛིན་གྱི་ལས་འཁུར་ཞུ་རྒྱུ་ཡིན་པ་རེད། ངོས་རང་རྒྱ་གར་ནང་དུས་ཡུན་རིང་པོར་གནས་སྡོད་བྱེད་མཁན་གྱི་མགྲོན་པོ་ཞིག་ཡིན་ཞིང་། རྒྱ་གར་གྱི་ས་ཕྱོགས་གང་སར་འགྲོ་སྐྱོད་བྱེད་པའི་གོ་སྐབས་བྱུང་བར་བརྟེན། ངོས་རང་རྒྱ་གར་ལ་གུས་བརྩི་ཆེན་པོ་ཡོད། ལོ་ངོ་སྟོང་ཕྲག་རིང་རྒྱ་གར་གྱིས་ཀ་རུ་ནཱ་ (Karuna) དང་ཨ་ཧིམ་སཱ་ (Ahimsa) ཡི་ལྟ་གྲུབ་གོང་འཕེལ་བཏང་བ་དང་། བདག་ཉིད་ཆེན་པོ་གྷན་དྷི་ (Mahatma Gandhi) མཆོག་གིས་འཛམ་གླིང་སྤྱི་ཡོངས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་དར་ཁྱབ་ཏུ་བཏང་གནང་ཡོད་པ་རེད། དེར་མི་སྒེར་དང་གོ་ལ་ཡོངས་སུ་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་རེད། རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་རྣམས་མཉམ་དུ་འཚོ་གནས་ཀྱིས་ཆོས་ལུགས་མཐུན་སྒྲིལ་ཡོད་པའི་གནས་ཤིག་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ངོས་རང་གི་བསམ་བློ་གཏོང་ཕྱོགས་དེ་ད་བར་ཐོབ་པའི་ནང་ཆོས་ཀྱི་ཉམས་ལེན་ནས་ཐོབ་པ་ཞིག་ཡིན་པར་བརྟེན། ངོས་ནས་རྒྱུན་དུ་ངོས་རང་རྒྱ་གར་གྱི་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར། བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ནི་དཔལ་ན་ལེནྜའི་མཁས་པ་རྣམས་ཀྱིས་རྒྱུ་མཚན་དང་དཔྱད་ཞིབ་ཀྱི་རྒྱུན་སྲོལ་གོང་འཕེལ་གཏོང་བ་དེ་བརྟན་པོར་བཟུང་ཡོད་པ་རེད། དེང་དུས་ཀྱི་ཤེས་ཡོན་རིན་ཐང་ཆེན་པོ་ཡིན་ནའང་། ཕྱིའི་དངོས་པོ་གཙོ་བོ་ཆགས་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པར་དོ་སྣང་དང་གོ་རྟོགས་སྤེལ་ནས་སྙོམས་སྒྲིག་བྱ་དགོས། མི་མང་རྣམས་ཀྱིས་ཉོན་མོངས་ཀྱི་སེམས་ལ་གདོང་ལེན་བྱས་ཏེ། ནང་སེམས་ཀྱི་ཞི་བདེ་འཚོལ་སྒྲུབ་བྱ་དགོས་པ་དང་། ངོས་ནས་མུ་མཐུད་དུ་རྒྱ་གར་དང་འཛམ་གླིང་སྤྱི་ཡོངས་ལ་བྱམས་བརྩེའི་ནུས་སྟོབས་གོང་མཐོར་གཏོང་བར་ཤུགས་སྣོན་དང་དམ་བཅའ་བརྟན་པོ་ཡོད་སྐོར་གསུངས་འདུག

མཇུག་ཏུ། རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོའི་ངོ་བོ་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་སྲུང་སྐྱོབ་དང་མི་ཉམས་རྒྱུད་འཛིན་བྱེད་པར་ངོས་རང་དང་བོད་མི་ཡོངས་ལ་རྒྱབ་སྐྱོར་གནང་བར་ཡི་རང་བྱེད་ཀྱི་ཡོད། ངོས་རང་གིས་བསྐྱར་དུ་གོ་སྐབས་འདི་བཟུང་བའི་ཐོག་ནས། རྒྱ་གར་གྱི་གཞུང་མང་གཉིས་ཀྱིས་ང་ཚོར་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་སྣེ་ལེན་ཟབ་རྒྱས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཞེས་ཐུགས་སྨོན་གནང་འདུག

དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འཚམས་འདྲི་གནང་བའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་ཤྲི་མ་ཏི་མཆོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་བཅོ་ལྔ་པར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་ཡི་ཡིན། ང་ཚོས་རྒྱ་གར་མི་མང་དང་ལྷན་དུ་སྤོབས་པ་དང་སྤྲོ་སེམས་ཀྱི་ཐོག་ནས་དུས་ཚིགས་འདི་སྲུང་གཙི་ཞུ་ཡི་ཡིན། སྐུ་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སོ་སོའི་རྒྱལ་ཁབ་ལ་ཞབས་འདེགས་བསྒྲུབས་ཡོད་པས། ཁྱེད་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནི་འོས་ཤིང་འཚམ་པ་ཞིག་ཡིན་ལ། ཁྱེད་རང་གི་དབུ་ཁྲིད་པའི་ཐོག་ནས་རྒྱ་གར་གྱི་དམངས་གཙོ་ཡར་རྒྱས་དང་། རྒྱལ་ཁབ་གོང་འཕེལ་གཏང་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འཕྲིན་གནང་བའི་ནང། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་ཤྲི་མ་ཏི་ཌོ་པཱ་ཏི་ (Shrimati Droupadi Murmu) མཆོག་ཐེངས་བཅོ་ལྔ་པའི་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དང་རྒྱ་གར་གྱི་ལོ་རྒྱུས་ཁྲོད་གདོད་མའི་མི་རིགས་ཀྱི་བུད་མེད་སྲིད་འཛིན་ཐོག་མ་ཆགས་པར་འཚམས་འདྲི་གནང་འདུག

ཡང་ཚོགས་གཙོ་མཆོག་གིས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན། རྒྱ་གར་ནི་བོད་མི་རྣམས་ཀྱི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ཁྱིམ་གཞིས་གཉིས་པ་ལྟ་བུ་ཡིན་ཞིང་། རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེན་པོ་ཡིན། ཁྱེད་རང་གིས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་ཐོག རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པའི་སྨོན་འདུན་ཡོད། ད་དུང་ཁྱེད་རང་གི་མ་འོངས་པའི་ལས་དོན་གལ་གནད་ཆེ་ཤོས་སུ་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་དེ་ཡོད་པའི་ཡིད་ཆེས་ཆེན་པོ་ཡོད། ཅེས་བཀོད་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་སྒེར་གྱི་ངོ་དེབ་སྟེང་དུ། ལྕམ་སྐུ་ཤྲི་མ་ཏི་མཆོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་ ༡༥ པར་བདམས་ཐོན་བྱུང་བར་འཚམས་འདྲི་དང་སྦྲགས། ཁོང་མོ་ཇར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་ (Governor of Jharkhand) ཡིན་སྐབས་མཇལ་བའི་གོ་སྐབས་བྱུང་བ་དང་། ལྕམ་སྐུ་ཤྲི་མ་ཏི་མཆོག་ནི་རྒྱ་གར་རང་བཙན་ཐོབ་རྗེས་རྒྱ་གར་ནང་སྐྱེས་པའི་སྲིད་འཛིན་ཐོག་མ་དང་། རྒྱ་གར་གྱི་སྲིད་འཛིན་དགུང་ལོ་ཆུང་ཤོས་དེ་ཡིན་པ་རེད། དེ་བཞིན་ཁོང་མོ་ནི་རྒྱ་གར་གདོད་མའི་སྤྱི་ཚོགས་( Tribal Community) ཁྲོད་ནས་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་ཨོ་ཌི་ཤ་མངའ་སྡེ་རུ་སྐྱེས་ཤིང་། རཱ་མ་ཌེ་ཝི་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ (Rama Devi Women’s College) ནས་སྒྱུ་རྩལ་གྱི་བསླབ་པ་མཐར་སོན་རྗེས། དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་སློབ་དཔོན་ཆེན་མོའི་ཕྱག་རོགས་ཀྱི་ཕྱག་ལས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་ནང་ཞུགས་ཡོད་པ་དང་། (Rairangpur Nagar Panchayat) ཚོགས་པའི་ཚོགས་མིར་བདམས་ཐོན་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༠ ལོར་ཚོགས་པ་དེའི་ཚོགས་གཙོ་དང་། བྷི་ཇེ་པིའི་ཚོགས་གཙོ་གཞོན་པའི་ཕྱག་ལས་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌི་ (Jharkhand) མངའ་སྡེའི་སྤྱི་ཁྱབ་ཀྱི་ཕྱག་ལས་གནང་། ཉེ་སྔོན་བྷི་ཇེ་པི་ཚོགས་པའི་ངོས་ནས་ལྕམ་སྐུ་ཤྲི་མ་ཏི་མཆོག་ཕྱི་ལོ་ ༢༠༢༢ ལོའི་སྲིད་འཛིན་གྱི་འོས་མིར་བདམས་ཏེ།  ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་རེད། ཁོང་མོ་ནི་གདོད་མའི་མི་རིགས་ཀྱི་རིགས་རྒྱུད་ཅིག་ཡིན་ཞིང་། གདོད་མའི་མི་རིགས་ཀྱི་ཆབ་སྲིད་མི་སྣ་ཐོག་མ་དང་རྒྱ་གར་གྱི་བུད་མེད་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

མཆན། 1

  1. dhondup Gyalpo says:
    ལོ་ 3 སྔོན།

    ཨིན་ཡིག་ནང་ཡོད་པ་Shrimati ཞེས་པ་དེ་མིང་མ་རེད། དེ་ནི་ལྕམ་སྐུ་ཞེས་པའི་ཧིན་དིའི་སྐད་རེད། དེས་ན་ལྕམ་སྐུ་(Droupadi Murmu) མཆོག་ཟེར་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese