མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མངའ་སྡེ་ཁ་ཤས་ནང་ཆུ་ལོག་དང་རི་ཉུལ་ལ་གཟབ་དགོས་པའི་སྔོན་བརྡ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས ༣༡ བར་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེ་དང་། ཇ་མུ་དང་ཀ་ཤི་མིར། ལ་དྭགས། ཨུ་ཏི་ར་ཁཱན་སོགས་སུ་ཆར་པ་བབས་ནས་རི་ཉུལ་དང་ཆུ་ལོག་རྒྱུག་ཉེན་ཡོད་པའི་སྔོན་བརྡ་བཏང་ཡོད་འདུག

Mumbai disrupted by monsoon

ད་ལོའི་ཆར་དུས་སྐབས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་སོགས་ཀྱི་ནང་ཉིན་གྲངས་བསྟུད་མར་ཆར་པ་བབས་ནས། ས་གནས་ཁག་མང་པོ་ཞིག་ཏུ་ཆུ་ལོག་རྒྱུག་པ་དང་། ས་ཉུལ་བ། བྲག་རྡོ་ཟགས་པ་སོགས་ཀྱི་དོན་རྐྱེན་མང་པོ་ཞིག་འབྱུང་མུས་ཡིན་པ་ལྟར། དེ་རིང་རྒྱ་གར་གནམ་གཤིས་རིག་པའི་ཆེད་མཁས་པ་རྣམས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནུབ་ཕྱོགས་དང་། ཇ་མུ་དང་ཀ་ཤི་མིར། ལ་དྭགས། ཨུ་ཏ་ར་ཁཱན་ (Uttarakhand) སོགས་སུ་ཆར་པ་བབས་ནས་རི་ཉུལ་དང་ཆུ་ལོག་རྒྱུག་ཉེན་ཡོད་པའི་ཉེན་བརྡ་བཏང་སྟེ།  མི་རྣམས་ཀྱིས་ཆུ་ལོག་དང་རི་ཉུལ་སོགས་ཀྱི་གནོད་འཚེ་མི་ཡོང་རྒྱུར་དོགས་ཟོན་བྱ་དགོས་པའི་རེ་སྐུལ་གནང་འདུག

དེའི་ཐད་རྒྱ་གར་གྱི་གནམ་གཤིས་བརྟག་ཞིབ་ཚན་པའི་ཆེད་མཁས་པ་རྣམས་ཀྱིས། ཁ་སང་ནས་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཇ་མུ་དང་ཀ་ཤི་མིར་གློག་དམར་འཁྱུག་ནས་དྲག་ཆར་འབབ་རྒྱུ་ཡིན་པ་མ་ཟད། སང་ཉིན་ཕྱི་ཚེས ༣༡ བར་ཧི་མ་ཅལ་མངའ་སྡེ་དང་ཨུ་ཏ་ར་ཁཱན་མངའ་སྡེ་གཉིས་གཙོ་བོ་འགྱུར་བའི་ལུང་ཁུག་སོགས་སུ་ཆར་ཞོད་ཆེན་པོ་འབབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་འདུག་ལ། དེ་རིང་ཧི་མ་ཅལ་མངའ་སྡེའི་ཅམ་བྷ་ (Chamba) རྫོང་། ཀང་རཱ། མན་ཌི་ (Mandi)དང་སོ་ལན་(Solan )རྫོང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་བཅས་སུ་ཆར་ཞོད་དྲག་པོ་འབབ་རྒྱུ་ཡིན་པའི་སྔོན་བརྡ་ཡང་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ ༦ ཚེས ༢༩ ནས་ཕྱི་ཟླ་ ༧ ཚེས་ ༢༧ བར་ཆར་ཞོད་ཀྱི་རྐྱེན་གྱིས་ཧི་མ་ཅལ་མངའ་སྡེ་གཅིག་པུ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི་གྲངས ༡༢༧ འདས་གྲོངས་སུ་གྱུར་ཡོད་པ་དང་། སྡོད་ཁང་དང་ཚོང་ཁང་༧༣ ལྷག་ལ་གཏོར་སྐྱོན་བྱུང་འདུག་ལ། ཟླ་འདིའི་ཕྱི་ཚེས ༢༨ ཉིན་བྲག་རྡོ་ཟགས་ནས་སིམ་ལར་( shimla )  འགྲོ་མཁན་གྱི་རླངས་འཁོར་ཞིག་ལ་ཕོགས་ཏེ།  མི་ ༡ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༣ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ནས་སིམ་ལར་སྨན་བཅོས་བྱེད་མུས་ཡིན་པ་རེད་འདུག

 འདས་པའི་བདུན་ཕྲག་ཁ་ཤས་རིང་ཧི་མ་ཅལ་གཅིག་པུར་ཆར་ཞོད་ཀྱི་རྐྱེན་གྱིས། རི་ཉུལ་ཐེངས་ ༢༡ བྱུང་ཡོད་པ་དང་། སྤྲིན་པ་ཐེངས་ ༧ འཐོར་ནས་ཆུ་ལོག་གྲངས་ ༣༡ བྱུང་སྟེ། ཧི་མ་ཅལ་མངའ་སྡེའི་གཞུང་ལམ་ ༢༠ འགགས་ཡོད་པ་མ་ཟད། ཆར་ཞོད་ཀྱི་རྐྱེན་པས་གློག་རྒྱུན་སྒྱུར་ཆས་( transformer ) ༡༧  དང་། ཆུ་སྦུག་གྲངས ༢༠ ལྷག་གཏོར་སྐྱོན་བཏང་ཡོད་སྟབས། ཧི་མ་ཅལ་མངའ་སྡེ་གཞུང་ལ་ཧིན་སྒོར་བྱེ་བ་ ༤༥༠། ༡༥ ཡིས་གྱོང་གུད་ཐེབས་ཡོད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས  ༢༧ ཉིན་རཱ་ཇི་སི་ཐན་( Rajasthan) གྱི་རྒྱལ་ས་ཇོ་དོ་པུར ( Jodhpur ) དུ་ཆར་པ་ཤུགས་ཆེན་བབས་ནས་མི་མང་གི་འགྲིམ་འགྲུལ་ལས་དོན་ལ་དོ་ཕོག་ཆེན་པོ་བཟོས་ཏེ། མངའ་སྡེ་གཞུང་ནས་འགྲིམ་འགྲུལ་བཀག་འགོག་དང་སློབ་གྲྭ་སོགས་འཚོག་མཚམས་བཞག་ཡོད་འདུག་ལ། ཆར་ཞོད་དེ་ལོ ༣༣ རྗེས་སུ་རཱ་ཇི་སི་ཐན་དུ་བབས་པའི་ཆར་པ་ཆེ་ཤོས་དེ་ཡིན་འདུག དེ་བཞིན་རྒྱ་གར་ཧའེ་ཌ་ར་བྷ་ཐི་( Hyderabad) མངའ་སྡེའི་ནང་དུའང་ཆར་པ་བབས་ནས།  མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་མ་ཟད།  རྒྱ་གར་ནང་གི་མངའ་སྡེ་མང་ཆེ་བའི་ནང་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་དང་། རི་ཉུལ། གཞུང་ལམ་འགགས་པ་སོགས་ཀྱི་དཀའ་ཁག་འཕྲད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese