མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེན་ཝུན་མཆོག་ལ་མཇལ་མོལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

མི་ལོ་ ༢༥ ལྷག་གི་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་ཐའེ་ཝན་ནང་དངོས་སུ་ཕེབས་ཏེ་ཡུལ་དེའི་སྲིད་འཛིན་ཚེ་ཡེན་ཝུན་མཆོག་དང་མཇལ་མོལ་གནང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་ཚོང་འབྲེལ་ཁག་ཅིག་མཚམས་འཇོག་བྱས་ཏེ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

U.S. House Speaker Nancy Pelosi, left, and Taiwanese President President Tsai Ing-wen wave during a meeting in Taipei, Taiwan, Wednesday, Aug. 3, 2022(Photo | AP)

མདང་དགོང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ཐའེ་ཝན་ནང་བདེ་འབྱོར་བྱུང་སྟེ་ཞག་བཞུགས་གནང་ཡོད་པ་ལྟར། དེ་རིང་སྔ་དྲོར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་མཆོག་གིས་དབུ་འཁྲིད་པའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་དབུ་འཁྲིད་རྣམས་ནས་མཇལ་མོལ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་། དེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཞོན་དང་གྲོས་ཚོགས་འཐུས་མི་རྣམ་པར་ཟུར་མཇལ་གྱིས་ཨ་རིས་མུ་མཐུད་ཐའེ་ཝན་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ། དེ་བཞིན་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག

སྲིད་འཛིན་རྣམ་གཉིས་ཀྱི་མཇལ་མོལ་སྐབས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་མཆོག་གིས། རྒྱ་ནག་གིས་ཨ་རིར་ཉེན་བརྡ་བཏང་བ་སོགས་གནས་སྟངས་ཛ་དྲག་པོ་ཡོད་རུང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་གྲོས་ཚོགས་འཐུས་མི་རྣམས་ནས་ཐའེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཆེད་ཕེབས་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཐའེ་ཝན་ལ་དམག་གི་འཇིགས་སྐུལ་ཤུགས་ཆེན་བྱུང་ཡོད་ཀྱང་། ཐའེ་ཝན་ནས་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཡར་རྒྱས་མུ་མཐུད་གཏང་རྒྱུ་ཡིན་སྐོར་གསུངས་སོང་།

ལྕམ་སྐུ་སྐུ་ནེན་སི་པེ་ལོ་སི་མཆོག་ནས་ད་ལན་གྱི་གཟིགས་སྐོར་ལ་དམིགས་ཡུལ་གསུམ་ཡོད་པའི་དང་པོ་ནི། བདེ་འཇགས་ཡིན་ཞིང་། ཨ་རིའི་མི་མང་དང་འཛམ་གླིང་མི་མང་ཚུད་པའི་མི་མང་གི་བདེ་འཇགས་སྲུང་སྐྱོབ་གལ་ཆེན་ཡིན་པ་དང་། གཉིས་པ་དཔལ་འབྱོར་ཡར་རྒྱས་འཛམ་གླིང་ས་ཕྱོགས་གང་སར་གཏོང་ཐུབ་པ། གསུམ་པ་དབང་འཛིན་འཐུས་ཚང་དུ་གཏོང་ཆེད་ཡིན་སྐོར་གསུངས་པ་དང་འབྲེལ། ཐའེ་ཝན་ནི་འཛམ་གླིང་སྟེང་གི་རང་དབང་ཆེ་ཤོས་ཀྱི་སྤྱི་ཚོགས་ཤིག་ཡིན་ལ། ཨ་རིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་གུས་བཀུར་བྱས་པའི་ཐོག་ནས་ཐའེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ལ། དུས་རྒྱུན་དུ་ཐའེ་ཝན་ནང་རང་དབང་དང་བདེ་འཇགས་དགོས་པ་དང་། ལོ་ངོ་ ༤༣ གྱི་གོང་ལ་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་ལྟར། ཐའེ་ཝན་ལ་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ཡོང་སྟེ། ཐའེ་ཝན་ལ་ཁས་ལེན་བྱས་པ་དེ་ནམ་ཡང་འདོར་གྱི་མེད་པ་གསལ་པོ་སྟོན་གྱི་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་རྒྱབ་སྐྱོར་ཡོད་པ་དང་། ཐའེ་ཝན་ནི་རང་དབང་ལ་དགའ་མོས་བྱེད་མཁན་ཡོངས་ཀྱིས་བསྔགས་བརྗོད་བྱ་ཡུལ་ཞིག་ཆགས་ཀྱི་ཡོད་ཅིང་། ཨ་རིའི་གཞུང་ནས་ཐའེ་ཝན་དང་འཛམ་གླིང་ཡོངས་ལ་དམངས་གཙོའི་ལམ་ལུགས་གོང་སྤེལ་དུ་གཏོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུག

Pelosi speaks at the presidential office in Taipei. Photograph: Taiwan Presidential Office/Reuters

རྒྱ་ནག་ཕྱི་འབྲེལ་ལས་ཁུངས་སོགས་ནས་ལྕམ་སྐུ་མཆོག་གི་སྐོར་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག་ལ། ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ (Wang Yi) ཀྱིས། ཨ་རིས་དམངས་གཙོའི་ལམ་ལུགས་སྤེལ་གྱི་ཡོད་ཁུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་འགལ་བྱས་ཡོད་སྐོར་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས་ངོ་ཚ་མེད་པའི་ཐོག་ནས་ཐའེ་ཝན་ལ་ཕེབས་པའི་སྐྱོན་བརྗོད་དང་།  རྒྱ་ནག་གི་ཁྲིམས་ལ་མི་བརྩི་བར་ངན་སེམས་བཅངས་ཤིང་། ཆབ་སྲིད་འཁྲུག་རྐྱེན་གྱི་བྱ་སྤྱོད་སྤེལ་ཡོད་ཚུལ་བརྗོད་འདུག

དེ་བཞིན། དེ་རིང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཟུར་པ་མེག་ཕོམ་པེ་ (Mike Pompeo) མཆོག་གིས་སྒེར་གྱི་ཊུ་ཝི་ཊར་སྟེང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་ལ་ཕེབས་པར་དགའ་པོ་བྱུང་། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པ་ནས་བཀའ་ཁྱབ་དྭང་ལེན་ནམ་ཡང་བྱེད་ཀྱི་མེད་པ་དང་། ང་ཚོས་ཐའེ་ཝན་དང་ཐའེ་ཝན་གྱི་མི་མང་ལ་རྒྱབ་སྐྱོར་མུ་མཐུད་བྱེད་ཀྱི་ཡིན། ཞེས་གསུངས་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཁོང་གིས། ཁོང་རྒྱ་ནག་ནང་ཡོང་བར་བཀག་སྡོམ་བྱས་ཡོད་ཀྱང་། རང་དབང་ལ་དགའ་བའི་ཐའེ་ཝན་ནང་ཡོང་བར་བཀག་སྡོམ་བྱེད་ཀྱི་མེད་སྐོར་གསུངས་ཡོད་པ་མ་ཟད། ལྕམ་སྐུ་ནེན་སི་མཆོག་དང་ལྷན་དུ་ཁོང་ཡང་ཐའེ་ཝན་ནང་འགྲོ་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ཁོང་ལྷན་དུ་ཕེབས་ཡོད་པའི་གནས་ཚུལ་གང་ཡང་མཐོང་ཐོས་མི་འདུག

ཨ་རིའི་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཁའ་ལམ་དུ་དམག་འཐབ་གནམ་གྲུ་ ༢༠ ལྷག་ཆེད་གཏོང་བྱས་ཏེ་འཇིགས་སྐུལ་བྱས་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གིས་ཐའེ་ཝན་ནས་ཚོང་འདྲེན་བྱེད་བཞིན་པའི་ཚ་ལུ་མ་དང་སྐྱུར་བུ། རྒུན་འབྲུམ། ཀུ་ཤུའི་རིགས་སོགས་ཤིང་འབྲས་རིགས་ཁག་ཅིག་མཚམས་འཇོག་བྱས་ཡོད་འདུག དེ་བཞིན་རྒྱ་ནག་ནས་རང་བྱུང་བྱེ་མ་ཉ་ཤ་དང་། སྨན་རྫས་རིགས་སོགས་ཐའེ་ཝན་ནང་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཁག་ཅིག་མཚམས་འཇོག་བྱས་ཡོད་སྟབས། ཐའེ་ཝན་གྱི་ཚོང་པ་ཚོར་ཚོང་ལས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པའི་སེམས་འཚབ་ཡོང་གི་ཡོད་འདུག

Nancy Pelosi waves as she boards a plane before leaving Taipei Songshan Airport in Taipei, Taiwan August 3, 2022. Credit: ANI Photo

ལྕམ་སྐུ་མཆོག་གི་ཐའེ་ཝན་ནང་གི་གཟིགས་སྐོར་གྲུབ་རྗེས། ཡུལ་དེའི་ཉིན་རྒྱབ་ཆུ་ཚོད་ ༣ པ་ཡོལ་ཙམ་ལ་ལྕམ་སྐུ་མཆོག་གིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་དེ་ལྷོ་ཀོ་རི་ཡའི་ནང་ཕེབས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese