མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གཅིག་དང་བཞི་ལ་གཟེངས་བསྟོད་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་གཅིག་དང་བཞི་ཞེས་པར་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་དེ་ཡི་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་དང་འཁྲབ་སྟོན་པ་སྦྱིན་པ་ལགས་གཉིས་ལའང་བྱ་དགའ་ཐོབ་ཡོད་འདུག

གློག་བརྙན་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་གི་གཅིག་དང་བཞི་ཡི་གློག་བརྙན་གྱི་འཁྲབ་འཁྲིད་པ་དང་འཁྲབ་སྟོན་པ་སོགས། དྲ་ལམ་གྱི་པར།

ཁ་སང་དགོང་མོར་གནའ་མཁར་ཟི་ལིང་དུ་འཚོགས་པའི་འདི་ལོའི་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་ཧྥར་སི་ན་གཞོན་གློག་བརྙན་དུས་སྟོན་སྐབས་ ༡༦ (16th FIRST Youth Film Festival) པའི་མཇུག་སྡོམ་མཛད་སྒོའི་ཐོག ཕྱི་ལོ ༢༠༢༢ ལོའི་ཧྥ་སི་ན་གཞོན་གློག་བརྙན་དུས་སྟོན་སྐབས་ ༡༦ པའི་བོད་ཀྱི་གློག་བརྙན་གཅིག་དང་བཞི་ཡི་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་སུ་འཁྲབ་ཁྲིད་པ་ཡག་ཤོས་དང་།  སྦྱིན་པ་ལགས་སུ་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ། དེ་བཞིན་བོད་ཀྱི་གློག་བརྙན་གཅིག་དང་བཞི་ལ་འཁྲབ་གཞུང་གི་འགྲེལ་བརྗོད་ཡག་ཤོས་དང་། གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཡང་ཐོབ་ཡོད་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་ལེན་སྐབས། ཁོང་གིས། ལོ་ལྟར་ཧྥ་སི་གློག་བརྙན་དུས་སྟོན་སྟེང་ནས་ཧ་ཅང་འདོད་བློ་ཚིམ་པའི་གྲུབ་འབྲས་ཤིག་དང་སྤྲོ་སྣང་གིས་ཁེངས་ཀྱི་འདུག ཚང་མས་མུ་མཐུད་ནས་གློག་བརྙན་བཟོ་སྐྲུན་གྱི་ལམ་བུ་རུ་སྤྲོ་སྣང་གི་ཐོག་ནས་མདུན་སྐྱོད་བྱས་ཏེ། གློག་བརྙན་མང་དག་ཅིག་བཟོ་སྐྲུན་བྱ་རྒྱུའི་རེ་བ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཡང་གཅིག་དང་བཞི་ཡི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་ལགས་ཀྱིས། ངས་འདི་ནས་རྒན་པདྨ་ཚེ་བརྟན་གཙོ་བོར་གྱུར་བའི་ལས་རོགས་ཡོངས་ལ་བཀྲིན་ཆེ་ཞུ། ཁྱེད་ཅག་གི་རོགས་འདེགས་མེད་ཚེ། ང་ལ་དེ་རིང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོན་ཐབས་བྲལ་བ་རེད། ང་ནི་སུས་ཀྱང་ངོ་མི་ཤེས་པའི་འཁྲབ་སྟོན་པ་ཞིག་ཡིན་ལ།  ང་ནི་གློག་བརྙན་འཁྲབ་སྟོན་པ་ཁོ་ན་ཙམ་ལས། ཆེད་ལས་རང་བཞིན་ཅན་དང་སྐད་གྲགས་ཡོད་མཁན་ཞིག་གཏན་ནས་མིན་པར། ལུག་རྫི་ཕལ་བ་ཞིག་ཡིན་པས། ཁྱེད་ཅག་གིས་ང་ལ་གློག་བརྙན་འཁྲབ་སྟོན་གྱི་གོ་སྐབས་རེ་སྟེར་ཚེ། ངས་དཀའ་ཚེགས་འཛེམས་མེད་ཀྱིས་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་གཞོལ་ངེས་ཡིན། ཞེས་འགྲེལ་བརྗོད་བྱས་ཡོད་འདུག

གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་གི་གཅིག་དང་བཞི་ཡི་གློག་བརྙན་གྱི་འཁྲབ་སྟོན་པ་སྦྱིན་པ་ལགས། དྲ་ལམ་གྱི་པར།

གཅིག་དང་བཞི་ཞེས་པའི་གློག་བརྙན་དེ་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པས་ཕབ་སྐྲུན་བྱས་པའི་གློག་བརྙན་གཞན་དག་ལས། སྒྱུ་རྩལ་གསལ་སྟོན་གྱི་ནུས་པ་གཅིག་པུར་དམིགས་པ་ཙམ་མ་ཡིན་པར་གློག་བརྙན་བརྩམས་ཆོས་ཀྱི་ཕྱོགས་ཡོངས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད། གློག་བརྙན་དེའི་ནང་བོད་ནས་བྱུང་བའི་ཁུངས་མེད་དང་། དོགས་གཞི་རང་བཞིན་ཅན་གྱི་དོན་རྐྱེན་ཞིག་གཏམ་རྒྱུད་ཀྱི་ལམ་ནས་བརྗོད་ཐབས་བྱས་ཡོད་དེ། ནགས་ཚལ་སྤྱི་གླིང་ཞིག་གི་ནང་དུ་གར་ཡོང་མི་ཤེས་པའི་མི་གསུམ་བསླེབས་ཡོད་པ་དང་། ནགས་ཚལ་སྤྱི་གླིང་དེའི་ལྟ་སྲུང་བ་དེའང་ཅི་ཡིན་འདི་ཡིན་མེད་པར་ཇག་པའི་ལས་ལ་ཞུགས་པའི་འཇིགས་རུང་གི་གཏམ་རྒྱུད་ཅིག་ཡིན་འདུག

གཞན་ཡང་། གཅིག་དང་བཞི་ཅེས་པའི་གློག་བརྙན་དེ་འདས་ལོའི་ཟླ ༡༠ ཚེས ༣༠ ནས་ཟླ ༡༡ ཚེས ༨ བར་ཉི་ཧོང་དུ་འཚོགས་པའི་ཊོག་ཡོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་སོ་བཞི་པའི་( 34th  Tokyo International Film Festival ) སྟེང་དང་།  འདི་ལོའི་ཕྱི་ཟླ་ ༧ ཚེས ༡༦ ཉིན་གྱི་དགོང་མོར་ ༢༠༢༢ ལོའི་ནེའུ་ཡོག་གློག་བརྙན་དུས་སྟོན་ཐེངས་ཉི་ཤུ་པ་ ( 20th Anniversary New York Film Festival) ཐོག་ཏུའང་བསྟན་ཡོད་པ་རེད།

བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་བུ་ཡིན་ཞིང་། ཁོང་གིས་པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཚན་ནང་ཆེད་ལས་སློབ་སྦྱོང་བྱས།  དེ་སྔོན་ཁོང་གིས་སློབ་གྲྭའི་གུང་སེང་དང་བསྟུན་ནས་བོད་ཀྱི་གློག་བརྙན་དབུགས་ལྒང་དང་། རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཀོམ་ཧོའི་འཁྱག་པ་སོགས་ཀྱི་གློག་བརྙན་ཕབ་སྐྲུན་གྱི་ལས་གཞིར་མཉམ་ཞུགས་བྱས་མྱོང་ཡོད་པ་དང་། ཁོང་གིས་ ༢༠༡༧ ལོར་ཁོང་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག་ཅེས་པའི་དངོས་བྱུང་གློག་བརྙན་ཐུང་གྲས་ཤིག་ཕབ་སྐྲུན་བྱས་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese