མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་འགོས་ཁྱབ་རྐྱེན་གྱིས་ལྷ་ས་སོགས་སུ་བཀག་སྡོམ་ནན་པོ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིས་སོགས་ནས་ཉུང་མཐར་ཏོག་དབྱིབས་ནད་པ་༢༢ བྱུང་ཡོད་པའི་རྐྱེན་གྱིས་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག

རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན།

ཉེ་ཆར་བོད་ཀྱི་ས་ཁུལ་ཁག་ཅིག་གི་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་༩ ཉིན་ལྷ་ས་གྲོང་ཁྱེར་ཁུལ་དུ་ཏོག་དབྱིབས་འགོས་པའི་ནད་པ་ ༡༨ བྱུང་ཡོད་པ་དང་། ཁོང་ཚོ་ཕལ་ཆེ་བ་གཞིས་ཀ་རྩེ་ནས་ཡོང་བ་ཡིན་ལུགས་དང་། ལོ་ན་ཆུང་ཤོས་ ༣ དང་ཆེ་ཤོས་ ༧༠ ཡིན་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། ནོར་བུ་གླིང་ག བོད་ལྗོངས་རྟེན་མཛོད་གླིང་སོགས་སྒོ་བརྒྱབ་སྟེ། མི་མང་གང་བྱུང་འགྲོ་འོང་དང་འདུ་འཛོམས་བྱེད་པར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་དོ་དམ་ཚོགས་ཆུང་ཟེར་བ་དེས། ལྷ་ས་གྲོང་ཁྱེར་ཏོག་དབྱིབས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཚོགས་ཆུང་གི་བཀའ་བཀོད་ལྟར། མང་ཚོགས་ཀྱི་བདེ་འཇགས་ཆེད་གནས་སྐབས་རིང་ཕོ་བྲང་པོ་ཏ་ལའི་སྒོ་བརྒྱག་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག

གཞན་ཡང་། ཟླ་འདིའི་ཚེས་ ༧ ཉིན་བོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཏོག་དབྱིབས་ནད་རྟགས་མེད་པའི་ནད་པ་༤ ཐོན་ཡོད་ཅིང་དང་། ཁོ་ཚོ་ཚང་མ་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་ཡིན་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་སྤུ་ཧྲེང་རྫོང་ཁོངས་ཀྱི་གསེར་ར་ལུང་དགོན་དང་། ཁྲུས་སྒོ་དགོན།  འཁོར་ཆགས་དགོན། སྤུ་ཧྲེང་རྫོང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར། བྱེའུ་དགོན་སོགས་ཉེན་ཁ་འབྲིང་བའི་ཁོངས་སུ་ཚུད་དེ་བཀག་སྡོམ་བྱེད་ཀྱི་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་གཞིས་རྩེ་གྲོང་ཁྱེར་གྱི་ཏོག་དབྱིབས་ལས་དོན་མགོ་ཁྲིད་ཚོགས་ཆུང་ཟེར་བས་བཀག་སྡོམ་གྱི་གསལ་བསྒྲགས་སྤེལ་བའི་ནང་། གྲོང་ཁྱེར་དེའི་ཆང་ཁང་དང་། གླུ་གར་ཁང་། གློག་བརྙན་ཟློས་གར་ཁང་། དྲ་ཁང་། ལུས་སྦྱོང་ཁང་། རོལ་རྩེད་ཁང་། ཇ་ཁང་། ཟ་ཁང་། འཁྲུས་ཁང་། དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་། ལུས་རྩལ་ཁང་སོགས་ཀྱི་སྒོ་བརྒྱག་དགོས་སྐོར་དང་། དོན་བཟང་ཕྱིར་འགྱང་དུ་གཏོང་པ་དང་འདས་མཆོད་སྟབས་བདེ་བསྒྲུབ་དགོས་པ། དེ་བཞིན་ཁ་རས་གྱོན་ཞིང་ལག་པ་ཡང་ཡང་འཁྲུད་དགོས་པ། མི་དང་མིའི་བར་རྒྱང་ཐག་འཇོག་དགོས་པ་སོགས་བསྒྲགས་འདུག

འདི་ལོའི་ལོ་དཀྱིལ་ཙམ་ནས་བཟུང་རྒྱ་ནག་ཧྲང་ཧྲེ་དང་ཧའེ་ནན་ཞིང་ཆེན་གཙོས་བའི་ས་ཁུལ་ཁ་ཤས་ནང་དུ། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཆེ་རུ་འགྲོ་མུས་ཡིན་འདུག ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཧའེ་ནན་ཞིང་ཆེན་དུ་ཏོག་དབྱིབས་རིམས་པའི་འགོས་པའི་ནད་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཁ་སང་བར་ཞིང་ཆེན་ཡོངས་སུ་ཏོག་དབྱིབས་ནད་པ་ ༡༥༠༠ ལྷག་ཡོད་སྐོར་བསྒྲགས་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese