མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནག་ཆུ་རྫོང་ཁོངས་ནས་བོད་མི་ཞིག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནག་ཆུ་རྫོང་གསེར་རྙེད་ནས་ཡིན་པའི་ཀརྨ་བསམ་འགྲུབ་ཞེས་པ་ཞིག་ལ་ཁ་བྲལ་རིང་ལུགས་པར་ངན་འབྲེལ་བྱས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཡོད་འདུག

གསེར་རྙེད་ས་ཁུལ་གྱི་ནག་ཆུ་ཡུལ་ཚོ། དྲ་ལམ་གྱི་པར།

ཉེ་ལམ་ནས་རྒྱ་ནག་གཞུང་གིས་བོད་ཡུལ་གང་སར་ཉིན་བརྒྱ་ཡི་རྡུང་རྡེག་ཚ་གནོན་གཏོང་བའི་ལས་འགུལ་ཟེར་བ་ཞིག་ཚ་ཚ་འུར་འུར་གྱིས་སྤེལ་ཏེ། བོད་མི་མང་པོར་གང་བྱུང་འདྲི་རྩད་རྡུང་རྡེག་དང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བོད་ནག་ཆུ་རྫོང་གསེར་རྙེད་ནས་ཡིན་པའི་བོད་མི་ཀརྨ་བསམ་འགྲུབ་ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་གསལ་ཆ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་སྟབས། ནང་མི་ཚོས་ཁོང་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་གཞུང་ཉེན་རྟོག་པས་ཞིབ་བཤེར་སོགས་བྱས་པ་བརྒྱུད། བོད་མི་ཀརྨ་བསམ་འགྲུབ་ལགས་ཀྱིས་རླངས་འཁོར་ནང་དུ་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་བཤམས་ཡོད་པ་དང་། ཁོ་རང་གི་སྐེ་རུའང་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་བཏགས་སྟེ། ཁ་བྲལ་རིང་ལུགས་པར་ངན་འབྲེལ་བྱས་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་གི་རླངས་འཁོར་དང་སྐེ་རུ་ཡོད་པའི་སྐུ་པར་སོགས་བཙན་འཕྲོག་བྱས་ཡོད་སྐོར་དང་། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཏོག་དབྱིབས་རིམས་ནད་བཀག་སྡོམ་ཆེ་བའི་རྐྱེན་སོགས་ཀྱིས། ཁོང་གི་ད་ལྟའི་གནས་སྟངས་གང་ཡང་གོ་ཐོས་བྱུང་མེད་པར་གྱུར་ཡོད་སྐོར་བརྗོད་བྱུང་།

ཉིན་བརྒྱའི་རྡུང་རྡེག་ཚ་ནན་གཏོང་བའི་འགུལ་སྐྱོད་དམ། ཉིན་བརྒྱའི་ལས་འགུལ་ཞེས་པའི་བཙན་གནོན་གཅར་རྡུང་གཏོང་བའི་བྱ་འགུལ་དེ་ནི་བོད་ཁུལ་དུ་སྔོན་མ་ནས་ལག་བསྟར་བྱེད་བཞིན་པའི་ལས་འགུལ་ཞིག་ཡིན་ལ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་རྒྱ་ནག་རྒྱལ་ཡོངས་ཉེན་རྟོག་ཚན་པས་”དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་རྡུང་རྡེག་གི་ཉིན་བརྒྱའི་བྱ་སྤྱོད“སྤེལ་དགོས་ལུགས་བཤད་ནས། བོད་མི་རྣམས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པ་ལྟར། ཟླ་འདིའི་ཟླ་མགོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་རྒྱུ་མཚན་ཅི་ཡིན་གསལ་ཁ་མེད་པར་བོད་མི་ ༦ བཙན་འཁྲིད་བྱས་ཏེ། ད་ལྟའང་བཀར་ཉར་འོག་ཏུ་ཡོད་པ་རེད་འདུག

བོད་མི་ཀརྨ་བསམ་འགྲུབ་ལགས་ནི་བོད་ནག་ཆུ་རྫོང་གསེར་རྙེད་ནས་ཡིན་ཞིང་། ཁྱིམ་དུ་ཨ་མ་དང་སྲིང་མོ་གཅིག་ལས་མེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese