མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྕགས་ཟམ་རྫོང་དང་དར་རྩེ་མདོ་སོགས་སུ་ས་ཡོམ་ཤུགས་ཆེན་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྕགས་ཟམ་རྫོང་གི་གྲོང་ཚོ་གསུམ་གཙོ་བོར་གྱུར་བའི་དར་རྩེ་མདོ་སོགས་སུ་ཚད་རིམ་མཐོ་ཤོས་ ༦.༨ ཅན་གྱི་ས་ཡོམ་བརྒྱབ་སྟེ་ད་ལྟའི་བར་དུ་ཉུང་མཐར་མི་ ༦༦ རྐྱེན་འདས་དང་མི་ ༧༨་ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

བོད་ལྕགས་ཟམ་རྫོང་དང་དར་རྩེ་མདོ་སོགས་སུ་ས་ཡོམ་གནོད་འཚེ་ཐེབས།

ཁ་སང་ཕྱི་ཚེས་ ༥ ཡི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢།༥༢ ཙམ་ལ་བོད་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ཁོངས་སུ་ཚད་རིམ་ ༦།༨ ཅན་གྱི་ས་ཡོམ་ཤུགས་ཆེན་བརྒྱབ་ཡོད་པ་དང་། རྫོང་དེའི་ཁོངས་གཏོགས་གྲོང་ཚོ་ཁག་གསུམ་གཙོ་བོར་གྱུར་བའི་བྱང་ཤར་གྱི་དར་རྩེ་མདོ་སོགས་རྫོང་ཁག་བཞི་ལྔ་ཞིག་ནང་ཤུགས་རྐྱེན་ཐེབས་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་མི་ ༤༦ ཞིག་རྐྱེན་འདས་དང་མི་ ༥༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག

ད་ལྟའི་ཆར་ས་ཡོམ་ཁྲོད་མི་ལ་གནོད་འཚེ་ག་ཚོད་ཐེབས་ཡོད་མེད་གསལ་ཁ་མི་འདུག་ཀྱང་། མི་མང་གི་སྡོད་ཁང་དང་། གཞུང་ལམ། གློག་ཁང་སོགས་སུ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ལ། རྒྱ་ནག་གཞུང་གི་ས་ཡོམ་དང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན།  འབྱུང་འགྱུར་གྱི་ཆུ་ཚོད་༧༢ ནང་དུ་དཀར་མཛེས་ཁུལ་དར་རྩེ་མདོ་དང་། ལྕགས་ཟམ་རྫོང་།  བརྒྱད་ཟིལ་རྫོང་། ཉག་ཆུ། གཡག་རྔ་སོགས་རྫོང་ཁག་ ༡༠ ཡི་ས་ཁུལ་ནང་དུ་རང་བྱུང་གོད་ཆག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

ས་ཡོམ་གཙོ་བོ་འབྱུང་ཡུལ་ལྕགས་ཟམ་རྫོང་གི་ཉེ་འགྲམ་་གཞུང་ལམ་དུ་རྡོ་ལྷུང་བ། ༢༠༢༢།༠༩།༠༥ དྲ་ལམ་གྱི་པར།

སི་ཁྲོན་ཞིང་ཆེན་ནང་ཉེ་བའི་ལོ་འགའི་ནང་ས་ཡོམ་གྱི་གནོད་སྐྱོན་རིམ་པ་ཞིག་ཐེབས་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༨ ཟླ་༥ ཚེས ༡༢ ཉིན་ཝན་ཁྲིན་དུ་ས་ཡོམ་ཚད་རིམ་༨.༢ ཅན་ཞིག་བརྒྱབ་སྟེ་མི་གྲངས་ ༦༩.༢༢༧  ལྷག་རྐྱེན་འདས་དང་། མི་གྲངས་ ༡༨༠༠༠ གར་སོང་ཆ་མེད་དུ་གྱུར་བ་སོགས་གནོད་འཚེ་བསམ་ཡུལ་ལས་འདས་པ་བྱུང་།  ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་བོད་ཀྱི་ཡཱ་ཨན་ཁུལ་དུ་ཚད་རིམ་ ༧.༠ གྱི་ས་ཡོམ་བྱུང་ནས་མི་གྲངས་ ༡༩༦ རྐྱེན་འདས་དང་། མི་གྲངས་ ༡༡༤༧༠ ལ་རྨས་སྐྱོན་བྱུང་། ཡང་ཕྱི་ལོ་༢༠༡༧ ཟླ་༨ ཚེས་༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས ་༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་༡༦ ཉིན་ལུའུ་རྫོང་དུ་ཚད་རིམ་ ༦ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་༣ རྐྱེན་འདས་ཕྱིན་པ་དང་། མི་གྲངས་༨༥ ལྷག་ལ་རྨས་སྐྱོན་ཕོགས་པ་སོགས་གནོད་སྐྱོན་བསྟུད་མར་བྱུང་དང་འབྱུང་མུས་ཡིན་པ་རེད།

དེ་རིང་ཕྱི་ཚེས་ ༦ ཉིན་བོད་ཀྱི་ལྕགས་ཟམ་རྫོང་ལ་ཚད་རིམ་༦.༨ ཅན་གྱི་ས་ཡོམ་བརྒྱབ་ནས་བོད་ནང་གི་དེ་རིང་ཉིན་གུང་བར་དུ་མི་གྲངས་ ༦༦ རྐྱེན་འདས་སུ་ཕྱིན་འདུག  དེའི་ནང་ནས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་མི་གྲངས་ ༣༧ རྐྱེན་འདས་དང་མི་གྲངས་ ༡༢ གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། དེ་བཞིན་གཡག་རྔ་ཁུལ་གྱི་མི་ ༢༨ རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་ ༧༨ ལ་རྨས་སྐྱོན་ཕོག་ཡོད་འདུག   ད་ལྟའི་ཆར་ལྕགས་ཟམ་རྫོང་དང་གཡག་རྔ་ཁུལ་གྱི་མི་མང་ཁྲི་ ༥ ལྷག་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ནས་གནས་སྤོ་བྱེད་མུས་ཡིན་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་གནས་ཚུལ་ལྟར་ན། བོད་ཀྱི་ལྕགས་ཟམ་རྫོང་ལ་ཚད་རིམ་༦.༨ ཅན་གྱི་ས་ཡོམ་བརྒྱབ་ནས། ད་ལྟའི་ཆར་མི་གྲངས་ཁྱོན་ ༧༤ རྐྱེན་འདས་དང་མི་གྲངས་ཁྱོན་ ༢༦ གར་སོང་ཆ་མེད་དུ་གྱུར། མི་གྲངས་ ༢༥༩ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག དེའི་ནང་ནས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ཁོངས་སུ་མི་གྲངས་༤༠ རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་ ༡༤ གར་སོང་ཆ་མེད་དུ་གྱུར་བ། མི་གྲངས་ ༡༧༠ ལ་རྨས་སྐྱོན་ཕོག་འདུག་ལ།  དེ་བཞིན་གཡག་རྔ་ཁུལ་གྱི་མི་གྲངས་ ༣༤ རྐྱེན་འདས་དང་མི་གྲངས་ ༡༢ གར་སོང་ཆ་མེད། མི་གྲངས་ ༨༩ ལ་རྨས་སྐྱོན་ཕོག་འདུག 

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

སྐར་མ ༤༨ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese