མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༢༧ གྱིས་རྒྱལ་ཚོགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་རྒྱལ་ཁབ་ཉེར་བདུན་གྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པར་སྐྱོན་བརྗོད་དང་སྦྲགས། དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་གནས་སྟངས་སོགས་ཀྱི་ཐད་བློ་འཚབ་ཡོད་སྐོར་བརྗོད་འདུག

ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ པ་དེ་ཟླ་འདིའི་ཕྱི་ཚེས་ ༧ ནས་ཟླ་ ༡༠ པའི་ཚེས་ ༡༢ བར་འཚོག་བཞིན་ཡོད་ཅིང་། ཨ་རི་གཙོ་བྱས་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་འཇར་མན་ནེ། ཌན་མཱག་སོགས་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༢༧ གྱིས། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་སྟེང་དུ། རྒྱ་ནག་གཞུང་གིས་བོད་ནང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སེམས་འཚབ་ཡོད་པའི་གྲོས་གཞི་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་འགན་འཁྲི་གཞིར་བཟུང་བོད་ནང་གཙོ་བྱས་པའི་མི་ཚང་མའི་གཞི་རྩའི་རང་དབང་ཁག་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་པ། མངོན་འགྱུར་ཡོང་བ་བཅས་བྱེད་དགོས་པ་ནན་སྐུལ་བྱས་ཡོད་འདུག

རྒྱལ་ཁབ་དེ་དག་གི་བརྗོད་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་དང་། དམིགས་བསལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག རིག་གཞུང་གི་ངོ་བོ་བཅས་ལ་དྲག་གནོན་ཚབས་ཆེན་གཏོང་གི་ཡོད་པར་བློ་འཚབ་ཡོད་ཅིང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་སྨྲ་བརྗོད་རང་དབང་སོགས་ལ་བརྩི་བཀུར་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་ཀྱི་འགན་དང་དུ་ལེན་དགོས་པ། ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། འགྲོ་བ་མིའི་ཀུན་སྤྱོད་དང་འགལ་བའི་ནག་ཉེས་བསགས་ཡོད་པའི་སྐྱོན་བརྗོད་སོགས་ཡིན་འདུག

ཡང་རྒྱ་ནག་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཚོག་བཞིན་པའི་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་སྟེང་དུ་འཛམ་གླིང་རྒྱལ་ཁབ་ ༦༨ ཀྱིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དང་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ། བོད་རང་སྐྱོང་ལྗོངས་བཅས་ཀྱི་གནད་དོན་ཁག་ནི་རྒྱ་ནག་གི་ནང་སྲིད་ཡིན་པས། འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ན་མི་འགྲིག་ཅེས་ཐུན་མོང་བསྒྲགས་གཏམ་སྤེལ་ཡོད་ཟེར་ལ། བསྒྲགས་གཏམ་དེ་ནི་པ་ཀི་སི་ཐན་གྱིས་རྒྱལ་ཁབ་ ༦༨ ཀྱི་ཚབ་བྱས་ཏེ་སྒྲོག་སྤྱངས་བྱས་ཡོད་པ་དང་། ད་དུང་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་པ་ཝང་ཝིན་པིན་གྱིས། ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཤིག་གིས་འགྲོ་བ་མིའི་ཐོབ་ཐང་གི་མིང་འོག་ནས་རྒྱ་ནག་ལ་མིང་རྗེས་བཟོ་བའི་ཆབ་སྲིད་ཀྱི་དམིགས་ཡུལ་ཕམ་ཟིན་པ་ཡིན། དམིགས་བསལ་ཨ་རིའི་ནང་མི་མང་གི་འཚོ་གནས་དང་འཕྲོད་བསྟེན། ངལ་རྩོལ་བཅས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་།  མེ་མདའི་དྲག་སྤྱོད་དང་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་མ་ཐུབ་པ། མི་ཚོང་རྒྱག་པ་དང་བཙན་དབང་ངལ་རྩོལ་བྱེད་དུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་བྱས་ཡོད་ཅེས་ཨ་རིའི་མིང་ཆེད་དུ་བཏོན་ནས་ལན་འདེབས་བྱས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ད་ལྟ་འཚོག་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་སྟེང་དུ། བོད་མིའི་སྒྲིག་འཛུགས་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གནང་མཁན་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་བོད་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་རྒན་པ་བསྟན་འཛིན་ཟླ་བ་ལགས་གཉིས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་པའི་ད་ལྟ་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བོད་ནང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་ལ་བསྒྲགས་གཏམ་སྒྲོག་སྦྱངས་བྱས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚན་པའི་གོ་སྒྲིག་འོག བཞུགས་སྒར་ཁུལ་དང་ཡུ་རོབ་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་གཞོན་སྐྱེས་བཅས་ལས་གྲུབ་པའི་སྡེ་ཚན་དེས། རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གྲུབ་པ་དང་བསྟུན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ། སུད་སི་ཇེ་ནི་ཝའེ་རྒྱལ་སྤྱིའི་འགྲོབ་མིའི་ཐོབ་ཐང་གི་ལས་ཁུངས་ (Palais Wilson) ཀྱི་མདུན་ཐང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིག་ཀྱང་སྤེལ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༣ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese