མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཉམས་ཞིབ་པ་ ༡༠ ལྷག་འབྲུག་ཏུ་བསྡུས་པའི་རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་ཐེངས་ ༤ པའི་ཐོག་མཉམ་ཞུགས་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་ཐེངས་ ༤ པའི་ཐོག་རྒྱལ་ཁབ་ ༤༠ ལྷག་གི་སྐུ་ཚབ་མཉམ་ཞུགས་བྱས་ཏེ་རྡོ་རྗེ་ཐེག་པའི་ལུས་སེམས་ཀྱི་ཉམས་ལེན་དང་། ནུབ་ཕྱོགས་སུ་དར་བའི་ནང་པའི་རྡོ་རྗེ་ཐེག་པ།  གསང་སྔགས་རྡོ་རྗེ་ཐེག་པ་དང་དེང་རབས་ཅན། གསང་སྔགས་རྡོ་རྗེ་ཐེག་པ་དང་གཞི་གྲངས་ཀྱི་དུས་རབས་སོགས་བརྗོད་གཞི་མི་འདྲ་བ་ ༢༠ ལྷག་གི་ཐོག་ཏུ་བགྲོ་གླེང་གནང་ཡོད་འདུག

རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་ཐེངས་ ༤ པ་འབྲུག་གི་རྒྱལ་ས་ཐེམ་ཕུག་ཏུ་ཚོགས། ༢༠༢༢།༡༠།༠༡-༠༤། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༤ བར་ཉིན་བཞིའི་རིང་འབྲུག་རྒྱལ་ཡོངས་དགོན་སྡེའི་ལྷན་ཚོགས་དང་འབྲུག་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་གནས་ཁང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག འབྲུག་གི་རྒྱལ་ས་ཐིམ་ཕུག་ཏུ་ཡོད་པའི་ཞི་ཆེན་མཁར་ཞིབ་འཇུག་ལྟེ་གནས་ཁང་དུ་རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་ཐེངས་ ༤ པ་འཚོག་བཞིན་ཡོད་འདུག་ལ།  ཐེངས་འདིའི་ཚོགས་ཐོག་ཏུ་འབྲུག་གི་རྒྱལ་པོ་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་དང་། སྲིད་བློན་བློ་གྲོས་ཚེ་རིང་(Dr Lotay Tshering) མཆོག རྒྱལ་སྤྱིའི་ནང་ཆོས་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དྷ་མཱ་ཕི་ཡ་(Dr Dhammapiya) ལགས་སོགས་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༤༠ ཙམ་ནས་ཡོང་བའི་ཚོགས་བཅར་བ་ ༢༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་སོགས་ནས་བོད་པའི་ཉམས་ཞིབ་པ་ ༡༠ ལྷག་ཡོད་འདུག

ཚོགས་ཆེན་དེའི་སྐོར་ལ་འབྲུག་རྒྱལ་ཡོངས་དགོན་སྡེའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་དབུ་ར་(Dasho karma Ura) ལགས་ཀྱིས། རྒྱལ་ཁབ་ཀྱི་ལས་དོན་བྱེད་ཕྱོགས་ལ་གལ་ཆེན་མང་པོ་ཡོད་པའི་ཁྲོད་ནས་ཆོས་ལུགས་ཀྱིས་མ་འོངས་པའི་ཁ་ཕྱོགས་སྲ་བརྟན་གཏོང་བར་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཏོག་དབྱིབས་རིམས་ནད་ཀྱིས་བཀག་སྡོམ་བྱས་པའི་ལོ་གཉིས་ཀྱི་རྗེས། རྒྱལ་མཚམས་ཀྱི་སྒོ་འབྱེད་མགོ་བཙུགས་ཏེ་འབྲུག་རྒྱལ་གཞུང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་བཅས་ཀྱི་རོགས་རམ་ལ་བརྟེན་ནས་ཐེངས་འདིའི་ཚོགས་ཆེན་དུ་རྒྱལ་ཁབ་ ༤༠ ལྷག་གི་རྒྱལ་སྤྱིའི་ཚོགས་བཅར་བ་ ༢༥༠ དང་། འབྲུག་པ་ ༤༠༠ ཙམ་མཉམ་ཞུགས་བྱས་པར་དགའ་སྤྲོ་སྐྱེས་འོས་པ་ཞིག་རེད། ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི་དེང་སྐབས་ཀྱི་སྤྱི་ཚོགས་སུ་འཚོ་གནས་དང་དཔལ་འབྱོར། ཚོགས་སྡེ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་ནང་པའི་ལྟ་གྲུབ་ཀྱི་དེང་རབས་ཀྱི་བསམ་བློའི་ཁ་ཕྱོགས་ལྡན་པའི་ཐོག་ཇི་ལྟར་གསེད་གྲོལ་བྱེད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཁུངས་སྐྱེལ་གསལ་སྟོན་བྱེད་ཀྱི་ཡོད་མེད་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་ཚོགས་དགོས་དོན་ཡང་གསང་སྔགས་ཀྱི་ཉམས་ལེན་པའི་རིག་གཞུང་རྒྱུད་འཛིན་བྱེད་མཁན་གྱི་ཁོར་ཡུག་ཁྱབ་ཁོངས་ཕུན་སུམ་ཚོགས་པ་ཡོད་པའི་འབྲུག་རྒྱལ་ཁབ་དང་། ཧི་མ་ལ་ཡའི་རིག་གཞུང་རྒྱུད་འཛིན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཚོགས་ཆེན་ཐོག་མཉམ་ཞུགས་གནང་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས་ཀྱིས་འདི་གའི་གསར་འགོད་པར། ཐེངས་འདིའི་ཚོགས་ཆེན་བཀོད་སྒྲིག་གནང་བ་ཧ་ཅང་ཕུན་སུམ་ཚོགས་ཤིང་། བགྲོ་གླེང་གི་བརྗོད་གཞི་སྣ་མང་ཡིན་པའི་ཐོག་ཏུ་དེང་རབས་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་མང་བ། དེ་བཞིན་གསང་སྔགས་རྡོ་རྗེ་ཐེག་པ་དེང་རབས་དང་བསྟུན་ནས་འགྱུར་བ་ཇི་འདྲ་ཡོད་མེད་ཀྱི་གནད་དོན་དང་། འགྱུར་བ་དེས་དེང་སྐབས་ཀྱི་སྤྱི་ཚོགས་སུ་ནུས་པ་ཇི་འདྲ་སླེབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་གླེང་སློང་ཆེན་པོ་བྱུང་ཡོད་སྐོར་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཚོགས་ཆེན་འདི་ནི་འབྲུག་རྒྱལ་ཁབ་ཀྱིས་ཁོང་ཚོའི་སྲོལ་རྒྱུན་གསང་སྔགས་རྡོ་རྗེ་ཐེག་པ་གཙོས་བའི་སྲོལ་རྒྱུན་དང་རིག་གཞུང་རྒྱུད་འཛིན་ལ་ཕན་ཐོགས་པ་མ་ཟད། དེ་དང་རིག་གཞུང་གཅིག་པའི་གསང་སྔགས་ཉམས་ལེན་པ་དང་། མཁས་པ། ཉམས་ཞིབ་པ་བཅས་ཤེས་རིག་གི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་བཅར་བ་ནི་འཛམ་གླིང་གི་གསང་སྔགས་ཉམས་ལེན་པ་དང་། མཁས་དབང་། ཉམས་ཞིབ་པ་སོགས་ཡིན་འདུག་ཅིང་། ཚོགས་ཆེན་ཐོག་རྡོ་རྗེ་ཐེག་པའི་ལུས་སེམས་ཀྱི་ཉམས་ལེན་དང་། ནུབ་ཕྱོགས་སུ་དར་བའི་ནང་པའི་རྡོ་རྗེ་ཐེག་པ། རྡོ་རྗེ་ཐེག་པའི་རིན་ཐང་དང་ཀུན་སྤྱོད་རྣམ་བཞག ཉིན་རེའི་འཚོ་བའི་ཁྲོད་ཀྱི་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན། གསང་སྔགས་དང་སྨན། གསང་སྔགས་རྡོ་རྗེ་ཐེག་པ་དང་དེང་རབས་ཅན། གསང་སྔགས་རྡོ་རྗེ་ཐེག་པ་དང་གཞི་གྲངས་ཀྱི་དུས་རབས་སོགས་བརྗོད་གཞི་མི་འདྲ་བ་ ༢༠ ལྷག་གི་ཐོག་ཏུ་བགྲོ་གླེང་གནང་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 2

  1. ལྡུམ་ར་ཆོས་རྒྱལ་བསྟན་འཛིན། says:
    ལོ་ 3 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་མཆོག་ལ། དེང་སྐབས་དུས་བབ་སྟེང་ཚིག་ནོར་དང་དག་ནོར་སོགས་མང་དག་ཅིག་བཀོད་ཡོང་གི་འདུག ཐུགས་སྣང་དགོས་གལ་ཆེ།
    འབྲུག་གི་རྒྱལ་ས་ཐིམ་ཕུར་དུ་ཡིག་ནོར་ཡིན། འབྲུག་རྒྱལ་ས་ཐིག་ཕུག་ཏུ་ཞེས་བཀོད་ན་དག་པ་ཡིན། ས་ལྗོངས་ལ་གཞིགས་ནས་མིང་ཐོག་པ་རེད།
    ཚོགས་གཙོ་ཏཱ་ཤོ་ཀརྨ་དབུ་ར། ཡིག་ནོར་ཡིན། ཏཱ་ཤོ་ལ་གོ་དོན་མེད། དྲག་ཤོས་ཀརྨ་དབུ་ར་ཞེས་འབྲི་ན་ཡིག་དག་རེད། དྲག་ཤོས་ནི་འབྲུག་ནང་གི་གོ་གནས་དང་གནས་རིམ་ཞིག་ཡིན།
    དག་ནོར་དེ་གཉིས་བཅོས་ན་ལེགས་པའི་བསམ་ཚུལ་དུ་ཕུལ།
    དག་ནོར་དེ་གཉིས་གཞུང་གི་དྲ་རྒྱའི་ནང་དག་པ་འདུག

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 3 སྔོན།

      ལྡུམ་ར་ཆོས་རྒྱལ་བསྟན་འཛིན་ལགས་ནས་ཐུགས་སྣང་ཆེན་པོས་དག་བཅོས་གནང་བར་བཀའ་དྲིན་ཆེ་ཞུ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese