མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་སེར་ཤུལ་རྫོང་ནས་བོད་མི་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྫ་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་བོད་མི་རིན་ཆེན་དར་རྒྱས་དང་ཁོང་ཚང་གི་མག་པ་ནམ་མཁའ་གཉིས་རྫོང་ཐོག་ཏུ་བཟའ་བཅའ་ཉོ་རུ་ཕྱིན་ཏེ་ཕྱིར་ནང་དུ་ལོག་པའི་ལམ་བར་དུ་ཉེན་རྟོག་པས་འདྲི་རྩད་མང་པོ་བྱས་རྗེས་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་འདུག

བོད་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་བོད་མི་ནམ་མཁའ་ལགས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

དེ་རིང་འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༠ ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནས་ཡིན་པའི་བོད་མི་རིན་ཆེན་དར་རྒྱས་དང་ཁོང་གི་སྲིང་མོའི་ཁྱོ་ག་ནམ་མཁའ་གཉིས་སེར་ཤུལ་རྫོང་ཐོག་ཏུ་བཟའ་བཅའ་ཉོ་བར་ཕྱིན་ནས་ཕྱིར་ལོག་སྐབས། ལམ་བར་དུ་ཉེན་རྟོག་པས་བཀག་སྟེ་གང་དུ་ཕྱིན་པ་དང་། མི་སུ་ལ་ཐུག་ཡོད་མེད་སོགས་འདྲི་རྩད་བྱས་ཡོད་པ་དང་། ཁོང་གཉིས་ནས་བཟའ་བཅའ་རྫོགས་སོང་བས་རྫོང་ཐོག་ཏུ་ཉོ་བར་ཕྱིན་པ་དང་། དེ་ནས་རྒྱ་མིའི་ཟ་ཁང་ཞིག་ཏུ་ཟ་མ་ཟོས་རྗེས་ལམ་སང་ཕྱིར་ནང་དུ་ལོག་འགྲོ་ཡི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་། འགྲོ་སྐྱོད་བྱེད་པར་ཆོག་མཆན་ཞུས་མེད་སྐོར་སོགས་བརྗོད་དེ་ལག་ལྕགས་བརྒྱབ་ནས་རྫོང་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉེ་བའི་དུས་ཡུན་ཟླ་ ༢ ལྷག་རིང་རྫ་སེར་ཤུལ་རྫོང་ཁོངས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་རྐྱེན་གྱིས་མི་མང་ཡར་མར་འགྲོ་འོང་བྱེད་མི་ཆོག་པ་དང་། མ་འགྲོ་ཐབས་མེད་ཀྱི་གནས་ཚུལ་བྱུང་ཚེ་ས་གནས་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ལེན་དགོས་ཀྱི་ཡོད་འདུག གལ་སྲིད་སྲིད་གཞུང་གི་ཆོག་མཆན་མེད་པར་འགྲོ་འོང་བྱས་ཚེ། སྲིད་གཞུང་ནས་གཏན་འབེབ་བྱས་པའི་བཀའ་དང་འགལ་ཡོད་སྐོར་བརྗོད་དེ་ཉེས་ཆད་གཅོད་ཀྱི་ཡོད་འདུག

ཁོང་གཉིས་བཙན་འཁྲིད་བྱས་རྗེས། ནང་མི་སྤུན་མཆེད་ཚོར་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་འདུག་ལ། ངོ་ཐུག་ཏུའང་འཇུག་གི་མེད་འདུག ཁོང་གཉིས་ནི་སེར་ཤུལ་རྫོང་དར་དམར་རུ་ཁག་དང་པོ་ཟེར་བ་ནས་ཡིན་ཞིང་། རིན་ཆེན་དར་རྒྱས་ལགས་ཀྱིཤུལ་དུ་ཕ་མ་རྒན་རྒོན་གཉིས་དང་། ཁོང་རང་གི་བཟའ་ཟླ་ལྷ་མོ་དང་ཕྲུ་གུ་གསུམ་ཡོད་འདུག དེ་བཞིན་ཁོང་གི་སྲིང་མོ་དང་མག་པ་ནམ་མཁའ་གཉིས་ལ་ཟླ་ཤས་ལོན་པའི་བྱིས་པ་ཆུང་ཆུང་ཞིག་ཡོད་འདུག

ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་ཇུས་ཚུལ་བཞིན་སྔོན་འགོག་དང་སྨན་བཅོས་ཐུབ་ཀྱི་མེད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༨ ཙམ་ནས་བཟུང་དབུས་གཙང་ཁུལ་གཙོ་བོར་གྱུར་བའི་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་ཕྱིན་ཡོད་པ་དང་བསྟུན། རྒྱ་ནག་གཞུང་ཕྱོགས་ནས་ས་གནས་སོ་སོར་ཐེམ་སྤང་བཀའ་རྒྱ་བསྒྲགས་ཏེ་ཟླ་གཉིས་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་ས་གནས་མི་མང་ལ་སྨན་བཅོས་དང་འཚོ་བའི་མཐུན་རྐྱེན་ཞན་པའི་ཐོག བཙན་དབང་རྩུབ་སྤྱོད་ཀྱི་ཐོག་ནས་བཀག་སྡོམ་ཟུར་འཇོག་བྱེད་བཞིན་ཡོད་པའི་རྐྱེན་གྱིས་བོད་མི་ཁག་ཅིག་རང་ཤི་བརྒྱབ་པའི་གནས་ཚུལ་ཐོན་ཡོད་ལ། དེ་བཞིན་བཀག་སྡོམ་སྐབས་གོང་རིམ་གྱི་བཀའ་དང་འགལ་ཏེ་ཡར་མར་འགྲོ་འོང་བྱས་པའི་ཉེས་མིང་འོག མི་མང་འཛིན་བཟུང་བཀག་ཉར་བྱས་པ་དང་རྒྱ་སྒོར་ ༥༠༠ རེ་ཡིས་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་བསྟུད་མར་གཞུང་ཕྱོགས་ནས་བརྒྱུད་ལམ་དུ་བསྒྲགས་ཡོད་པ་རེད། འོན་ཀྱང་། ད་ལྟ་བར་དུ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་བོད་མི་ག་ཚོད་ཅིག་དུས་མིན་རྐྱེན་འདས་སུ་ཕྱིན་ཡོད་མེད་རྒྱ་ནག་གཞུང་ཕྱོགས་ནས་ཕྱིར་བསྒྲགས་བྱས་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese