མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ ༡༠ ཚེས ༢༦ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་ཨུ་ཌར་ཁན་དང་། བྷི་ཧར། ཨ རུ་ན་ཅལ། མེ་གྷ་ལ་ཡ། ན་ག་ལེན་ཌ་མངའ་སྡེ་བཅས་ཀྱི་ནང་དུ་གཞུང་འབྲེལ་འཚམས་གཟིགས་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཏི་ཛུ་དར་རྒྱས་གླིང་བོད་པའི་གཞིས་ཆགས་སུ་ཕེབས་ཏེ། དེ་གའི་ལྷ་དགོན་བྱང་ཆུབ་ཆོས་གླིང་དང་ས་གནས་མགོ་འཛིན་ལས་ཁུངས། སྨན་རྩིས་ཁང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། རྒན་གསོ་ཁང་སོགས་སུ་འཚམས་གཟིགས་གནང་ཡོད་ཅིང་། ཉིན་རྒྱབ་ནས་བཟུང་སཾ་བྷོ་ཊ་སློབ་གྲྭ་དང་མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་སོགས་ཀྱི་ནང་དུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག

པར་དབང་། སྲིད་སྐྱོང་མཆོག་གི་ངོ་དེབ།

དེ་ཡང་ཕྱི་ཟླ ༡༠ ཚེས ༢༧ ཉིན་དཔལ་ས་སྐྱ་མཐོ་སློབ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་དང་བསྟུན་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་།བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག  ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས།   བོད་མི་མང་སྤྱི་འཐུས་ཁག་ཅིག  བཀའ་ཟུར་ཁག་ཅིག  དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བཅས་མཉམ་འཛོམས་གནང་ཡོད་འདུག

དེ་བཞིན་ཕྱི་ཟླ་༡༠ ཚེས་ ༢༨ ཉིན་གྱི་ས་སྐྱའི་མཐོ་སློབ་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ༧ས་སྐྱ་གོང་མ་རིན་པོ་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམ་པས་སྐུ་ལས་བསྐྱོན་པ་བརྟེན་ནས་བོད་བརྒྱུད་ནང་བསྟན་རྒྱ་གར་ནང་མ་ཉམས་གོང་འཕེལ་བྱུང་ཡོད་པ་དང་། ཧི་མ་ཡ་ལའི་རི་རྒྱུད་ཀྱི་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པར་མུ་མཐུད་དུ་གནང་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་སྤེལ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་བཏང་དང་གཏོང་བཞིན་ཡོད་པར། བཙན་བྱོལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཕན་ཚུན་རོགས་འདེགས་བྱས་ནས་སྲུང་སྐྱོབ་གང་ལེགས་བྱེད་དགོས་སྐོར་གསུངས་ཡོད་འདུག ཉིན་རྒྱབ་སྲིད་སྐྱོང་མཆོག་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་སློབ་གྲྭ་ཁག་ནང་གི་སློབ་ཕྲུག་གི་གྲངས་འབོར་གནས་སྟངས་དང་། བོད་ནང་རྒྱ་ནག་གིས་བོད་ཐོག་སྤེལ་བཞིན་པའི་རྒྱ་བསྒྱུར་གྱི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས། དེ་བཞིན་བཙན་བྱོལ་ནང་དུ་བོད་དོན་ཤེས་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་སྐོར་གྱི་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ད་དུང་ཉིན་དེའི་རྒྱབ་ཏུ་རྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཚོགས་ནས་སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་དཔལ་༧འབྲི་གུང་རྡོ་རྗེ་དབྱིངས་ཀྱི་འབྲིང་རིམ་སློབ་གྲྭ་དེ་ལ་དྭགས་མཚན་ཉིད་སློབ་གཉེར་ཁང་གི་ཁོངས་གཏོགས་སློབ་གཉེར་ཁང་ཚད་ལྡན་ཡིན་པའི་ཆོག་མཆན་སྩལ་བའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་ཅིང་།  མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་དབུས་རིག་གཞུང་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་མི་ནཱག་ཤི་ལེ་ཀི་(Minakshi Lekhi)མཆོག རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་བཅས་ཚོགས་བཅར་གནང་ཡོད་འདུག

ཕྱི་ཟླ་ ༡༠ ཚེས ༢༩ ཉིན་སྲིད་སྐྱོང་མཆོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭར་འཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སྡེ་ར་ལྡུན་ས་གནས་མགོ་འཛིན། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ལྷན་བཅར་གནང་ཡོད་འདུག་ལ། སློབ་གྲྭར་གཟིགས་ཞིབ་གནང་རྗེས། སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་མ་ཡོངས་ལ་༧གོང་ས་མཆོག་གི་བཀའ་དགོངས་ལག་ལེན་བསྟར་དགོས་པའི་གལ་གནད་སྐོར་སོགས་གསུང་བཤད་གནང་འདུག

པར་དབང་། སྲིད་སྐྱོང་མཆོག་གི་ངོ་དེབ།

ཉིན་དེའི་རྒྱབ་ཏུ་སྲིད་སྐྱོང་མཆོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་༤༦ པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་དང་། དེའི་རྗེས་སུ་སྃ་བྷོ་ཊ་གཏན་སློབ་ཏུ་འཚམས་གཟིགས་གནང་ནས་དགེ་སློབ་ཡོངས་ལ་༧གོང་ས་མཆོག་གི་བཙན་བྱོལ་གྱི་བཞུགས་ཡུལ་ཐོག་མའི་ལོ་རྒྱུས་དང་སྦྱར་ནས་མི་རབས་རྒན་པའི་དཀའ་ལས་བརྒྱབ་སྟེ་མི་རབས་གསར་པར་བསྐྲུན་པའི་བཙན་བྱོལ་སྤྱི་ཚོགས་སྐོར་གསུང་བཤད་དང་དྲི་བ་དྲི་ལན་གནང་ཡོད་འདུག

ཕྱི་ཟླ ༡༠ ཚེས་ ༣༠ ཉིན་མ་སུ་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བར་དགའ་སྟོན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། ཨུ་ཊར་ཁན་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་བྷ་ཤཱི་ཀུ་མར་ལགས། སྡེ་ར་ལྡུན་ས་གནས་མགོ་འཛིན་དོན་གྲུབ་རྒྱལ་པོ་ལགས།མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་འདུ་འཛོམས་བྱུང་ཡོད་འདུག

ཕྱི་ཟླ ༡༡ ཚེས ༡ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་རྒྱལ་པོའི་ཁབ་(Rajgir)དུ་འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༩ པ་འཚོག་བཞིན་པའི་ཚོགས་འདུའི་ཉིན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག ཉིན་རྒྱབ་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་བོད་མིིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese