མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་འཚེ་མེད་ཞི་བ། བྱམས་སྙིང་རྗེ་སོགས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་པའི་ངོས་འཛིན་འོག་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་མཛད་སོང་།

པར། དུས་བབ། ༧གོང་ས་མཆོག་ལ་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་ནལ་སན་མན་ཌ་ལ་མཆོག་རྣམ་གཉིས་ཀྱི་མཚན་ཐོག་ཏུ་བཙུགས་པའི་རྒྱ་གར་གྱི་ཐེབས་རྩ་ཁང་ཞིག་གིས། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇི་ཌ་རཱ་ཨར་ལེག་ལགས་བརྒྱུད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༡༩ ལོའི་གྷན་དྷི་མན་ཌ་ལའི་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་མཛད་པ་དང་བསྟུན། ༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གི་དབུས་པའི་ཧི་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་གཙོས་སྲི་ཞུའི་ལས་བྱེད་ཁག་ཅིག་དང་བཞུགས་སྒར་ཁུལ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་བཅས་ལ་བཀའ་སློབ་སྩལ་གནང་སོང་།

སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་ཉམས་དོགས་ས་ནས་ཞུས་ན། ང་ཚོ་ཚང་མར་ཆོས་དད་ཡོད་བསྡད་པ་དང་ལས་རྒྱུ་འབྲས་སྲུང་བ། སེམས་བཟང་པོ་ཡོད་ཚེ་རང་གཞན་གཉིས་ལའང་ཕན་ཐོགས་ཡོང་གི་རེད། དེ་ཡང་ཆོས་ཕྱོགས་ནས་བསམ་བློ་ཡོད་པ་ཡོང་གི་རེད། འོན་ཀྱང་། ཆོས་ཕྱོགས་ཀྱི་བསམ་བློ་གང་ཡང་མེད་པར་སྤྱིར་བཏང་གི་མི་ཞིག་འདུ་ཤེས་ཀྱི་དབང་དུ་བཏང་ན། དུད་འགྲོ་ཚོར་ཆོས་མེད་ཀྱང་སེམས་བཟང་དང་གཅིག་གིས་གཅིག་ལ་རོགས་བྱ་རྒྱུར་དགའ་པོ་བྱེད་ཀྱི་འདུག  དེར་བརྟེན། དེ་རིང་ང་ཚོ་འདིར་འཛོམས་པ་ཚོར་ཕྱོགས་གཅིག་ནས་ཆོས་དད་ཡོད་པ་དང་། གཉིས་ནས་ང་ཚོ་འཛམ་གླིང་འདིའི་སྒང་འཚོ་གནས་དགོས་པའི་མི་གཅིག་གྱུར་ཆགས་ཡོད། སྔ་མོ་འཛམ་གླིང་འདིའི་སྒང་སོ་སོའི་ལུང་པ་དང་མི་རིགས་གླེང་ནས་འཐབ་རྩོད་བྱེད་པ་དང་གསོད་རེས་བྱས་ནས་བསྡད་པ་རེད། དེ་ལ་སྙིང་པོ་ཁྱོན་ནས་མེད་པ་དང་རང་མེད་མིར་མེད་བཟོ་བའི་རྒྱུ་ཆགས་བསྡད་ཡོད།  དཔེར་ན་ངོས་ཀྱི་མི་ཚེ་སྟོད་ལ་ཆ་བཞག་ན། གཅིག་གིས་གཅིག་ལ་དབང་ཡོད་དང་ཐུབ་ཚོད། ཕྲག་དོག་སོགས་བྱས་ནས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་དུས། མཐར་ཐུག་རང་གཞན་གཉིས་ལའང་གྱོང་གུད་རག་པ་ལས་གཞན་གང་ཡང་མེད་པ་རེད།

ད་འཛམ་གླིང་འདིའི་སྒང་ཉམས་མྱོང་གསར་པ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས། མི་ཚང་མས་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་སྟབས། དེ་རང་གི་ཐོག་ནས་ང་རང་ཚོ་ཚང་མས་གཅིག་གིས་གཅིག་ལ་ཕན་ཐོགས་བྱ་རྒྱུ་ལས། གཅིག་གིས་གཅིག་ལ་འགྲན་བསྡུར་དང་བརྣག་སེམས་དང་གནོད་སེམས་བཅིང་ན་ཕན་ཐོགས་མེད། ངོས་ནས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། འཛམ་གླིང་གི་མི་ཐེར་འབུམ་བདུན་ནས་བརྒྱད་ཡོད་པ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཆགས་ཡོད་པ་མ་གཏོགས། སོ་སོའི་བྱེ་བྲག་པ་ཞིག་གི་བདེ་སྐྱིད་དང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏང་ན་དངོས་ཡོད་གནས་ཚུལ་ལ་རན་གྱི་མེད། དེ་རིང་ངོས་ནས་འདིར་ཞུ་རྒྱུ་ནི། ཁྱེད་རང་ཚོ་འདིར་ཡོད་པའི་གྲོགས་པོ་རྣམས་ཆ་བཞག་ན། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཡོང་གི་ཡོད་པ་མ་གཏོགས་མི་རིགས་མི་འདྲ་བ་དང་ཆོས་ལུགས་ཀྱི་སྐད་ཆ་ང་ཚོས་བརྗོད་ཀྱི་མེད། ང་ཚོ་ཚང་མས་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་གཅིག་གིས་གཅིག་ལ་བརྩེ་བ་དང་དགའ་མོས་བྱས་ནས་ཡོང་གི་ཡོད།

དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ཐོག་ཚན་རིག་པ་ཚོས་ཀྱང་བརྗོད་ཀྱི་ཡོད། འཛམ་གླིང་གི་ཚ་དྲོད་རིམ་བཞིན་ཆེ་རུ་འགྲོ་ཡི་ཡོད། ང་ཚོའི་གསུང་རབ་ནང་དུའང་སྐལ་བ་མེ་འཇིག ཆུ་འཇིག རླུང་འཇིག་ཅེས་ནས་གསུངས་ཡོད། ད་ལྟའི་སྐལ་བ་འདི་སྐལ་བ་མེ་འཇིག་གི་སྒང་དུ་བསླེབ་ཀྱི་ཡོད་པ་དང་འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ཚན་རིག་པ་ཚོས་བརྗོད་ཀྱི་འདུག དེར་བརྟེན། འཛམ་གླིང་འདི་རིམ་བཞིན་སྐལ་བ་མེ་འཇིག་གི་སྒང་དུ་སླེབས་ཏེ་མེད་པར་ཆགས་ཡོང་དུས། ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་གལ་ཆེན་པོ་རེད་མ་གཏོགས། ང་ཚོའི་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་བཤད་པའི་དུས་ཚོད་མེད། དེར་བརྟེན། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པ་དང་བརྩེ་བ་སྤྲོད་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད།

རྒྱ་གར་གྱི་གནའ་བོའི་རིག་གཞུང་དུ་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེ་དེ་དཔེ་གལ་ཆེན་པོ་རེད་འདུག གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པར་འཆམ་མཐུན་བྱེད་པ་དང་འཆམ་མཐུན་ཡོང་བའི་རྩ་བ་ནི་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་དགོས། ཚ་དྲོད་རྐྱེན་གྱིས་རིམ་བཞིན་འཛམ་གླིང་འདི་སྐལ་བ་མེ་འཇུག་གི་མཚམས་ལ་གང་འཚམ་ཡོང་གི་ཡོད། འོན་ཀྱང་། དེའི་རིང་ལ་ང་ཚོ་གཅིག་གིས་གཅིག་ལ་འཆམ་པོ་དང་རོགས་བྱེད་དགོས། རྒྱ་གར་གྱི་ལོ་སྟོང་ཕྲག་རིང་གི་འཚེ་མེད་ཞི་བ་དང་སྙིང་རྗེ་དེ་གལ་ཆེན་པོ་ཞེ་དྲགས་རེད། ངོས་རང་ལ་ཆ་བཞག་ན་ཉིན་རེ་བཞིན་དུ་སྒོམ་བརྒྱབ་ཡོང་དུས། སྙིང་རྗེ་བསམ་བློ་གཏོང་གི་ཡོད་པ་དང་དེ་ལ་བརྟེན་ནས་འཚེ་བ་མེད་པ་དེ་རང་ཤུགས་ཀྱིས་ཡོང་གི་འདུག དཔེ་གལ་ཆེན་པོ་རེད་འདུག དེ་ཆོས་ལུགས་དང་སྐྱེས་པ་ཕྱི་མའི་སྐད་ཆ་མ་རེད། ཚེ་ཐོག་འདིའི་རིང་ཉིན་རེ་བཞིན་དུ་སེམས་སྐྱིད་པ་དང་གུ་ཡངས་པ་ཡོང་བར་སྙིང་རྗེའི་བློ་དེ་ཞེ་དྲགས་གལ་ཆེན་ཡིན། སེམས་ཀྱི་ཞི་བདེའང་དེའི་ཐོག་ནས་ཡོང་གི་ཡོད་པ་དང་ཞི་བདེ་ཡོད་ཚེ་བསམ་བློ་རང་བཞིན་གྱིས་རྒྱ་ཇེ་ཆེར་ཕྱིན་པ་ལ་བརྟེན་ནས་འཚེ་བ་ཞི་བའང་ཡོང་གི་ཡོད། ཅེས་གསུངས།

གྷན་དྷི་མན་ཌ་ལ་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གིས། ༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཐོག་མར་ཕུལ་དོན་ནི། ༧གོང་ས་མཆོག་ནི་འཛམ་གླིང་ནང་དབུ་འཁྲིད་མང་བོ་ཡོད་པའི་ཁྲོད་ནས་གྷན་དྷི་དང་མན་ཌ་ལ་རྣམ་གཉིས་ཀྱི་འཚེ་མེད་ཞི་བའི་ལམ་དུ་ཕེབས་ནས། མི་རབས་གསར་པ་རྣམས་ལ་ཞི་བདེ་དང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལམ་སྟོན་མཁན་ཞིག་ཡིན་པར་མ་ཟད། ༧མགོན་པོ་ཁོང་གིས་བོད་དེ་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་བ་དང་། མི་མང་གི་གཞི་རྩའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་གུས་བཀུར་མཛད་བཞིན་པ། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ། འཛམ་གླིང་ཡོངས་སུ་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་དགོས་གལ་ཆེ་བའི་བཀའ་སློབ་སྩལ་དང་སྩལ་མུས་ཡིན་པ་སོགས་ལ་བརྟེན་ནས་གཟེངས་རྟགས་དེ་ཕུལ་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese